ངེད་རྩེ་ཆུ་གྲོང་རྡལ་བྱིས་སྐྱོང་ཁང་གི་ཟློས་གར་ཚོགས་པ་ནི་རྩ་འཛུགས་རིམ་པའི་ཆོག་མཆན་བརྒྱུད་ནས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བརྒྱད་པར་གསར་འཛུགས་བྱས་ཤིང་། རྒྱ་ལོའི་ལོ་

སར་གྱི་དགའ་སྟོན་སྟེང་ཐོག་མར་འཁྲབ་སྟོན་བྱ་རྒྱུའི་བསམ་

བཀོད་འཐེན་ནས།ཀྲུང་ཧྭ་མི་རིགས་ཀྱི་སྒྱུ་རྩལ་ལྡིང་ཁང་གི་རིན་ཆེན་ནོར་བུ་སྟེ་འཛམ་གླིང་གི་ཆེས་རིང་པོའི་དཔའ་བོའི་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་བོའི་སྒྲུང་ལས་རྟ་རྒྱུག་རྒྱན་

འཇོག་གི་སྐོར་དུས་ཚོད་ཐུང་ཐུང་ཞིག་གི་ནང་།བྱིས་པའི་བློ་ཁ་དང་འཚམས་པའི་འཁྲབ་ཚན་བཞི་རུ་བསྡུས་ནས་འཁྲབ་

གཞུང་གསར་དུ་བྲིས་ཤིང་། སྒྲ་ལེན་དང་འཁྲབ་སྦྱོང་སོགས་ཀྱང་དུས་ཐུང་ངང་འགྲུབ་པར་བྱས། འཁྲབ་སྟོན་གྱི་ཉིན་མོར་གོང་རིམ་མགོ་ཁྲིད་དང་རིམ་པ་ཁག་གི་ཤེས་ལྡན་པ།ས་གནས་དམངས་ཚོགས་ཀྱིས་དགའ་བསུ་དང་གདེངས་འཇོག་ཚད་

མཐོན་པོ་གནང།

སྤྱིར་བོད་ཀྱི་ཟློས་གར་ནི་ཤེས་བྱའི་ཁྱབ་ཁོངས་རྒྱ་ཆེ་ཞིང་། གཏིང་ཟབ་ལ། སྣ་འདུས་རང་བཞིན་གྱི་སྒྱུ་རྩལ་རིགས་ཤིག་ཡིན་པར་མ་ཟད། མིའི་སྤྱོད་ལམ་དང་བླང་དོར་གྱི་གནས་ལུགས་མ་ནོར་བར་སྟོན་པའི་མཆོག་གྱུར་གྱི་རིག་གནས་ཤིག་པས། བོད་ཀྱི་བཅུ་ཕྲག་རིག་གནས་ཞེས་འཛམ་གླིང་ན་གྲགས་པ་དེའི་ནང་གསེས་ཤིག་ཡིན། ང་ཚོས་ལོ་ཆུང་གྲོགས་པོ་ཚོའི་བྱང་ཚད་དང་མཐུན་ཞིང་ཟློས་གར་གྱི་སྲོག་སྙིང་མ་བོར་བའི་སྒོ་ནས་གཟུགས་འདས་རིག་གནས་ཀྱི་རྒྱུད་འཛིན་དང་དར་སྤེལ་བྱ་རྒྱུ་ནི་ཏང་གི་དགོངས་པ་དང་མཐུན་ལ། ང་ཚོའི་འགན་འཁུར་ཡང་ཡིན་པས། ཉིས་སྟོང་ཉེར་གཅིག་ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་དགའསྟོན་ལ་དམིགས་ནས། རྒྱ་བོད་

མཐུན་སྒྲིལ་གྱི་དཔེ་མཚོན་དང་། མཉམ་གནས་འཕེལ་རྒྱས་ཀྱི་

དཔེ་མཚོན་ལྟ་བུར་གྱུར་པའི་ལོ་རྒྱུས་ཀྱི་དན་རྟགས་གལ་ཆེན། རྒྱ་བཟའ་བོད་དུ་བསུས་པའི་སྐོར་འཁྲབ་སྟོན་བྱས་པས། ལྟ་

མཁན་མང་པོས་ན་ནིང་གི་ཟློས་གར་ལས་ཀྱང་གསོན་ཉམས་ལྡན་ལ། ཡིད་དབང་འཕྲོག་ཅེས་བསྟོད་པའི་མཐེ་བོང་བསྒྲེངས།

ཟློས་གར་གྲགས་ཅན་གཉིས་འཁྲབ་སྟོན་བྱས་པ་བརྒྱུད་

ནས་ངེད་ཟློས་གར་ཚོགས་པའི་འཁྲབ་རྩལ་དང་ཉམས་མྱོང་སོགས་ཕྱོགས་ཡོངས་ནས་མཐོར་འདེགས་ཆེན་པོ་བྱུང་བས། རིམ་པ་སོ་སོའི་ལྟ་མཁན་དང་བསླབ་བྱ་གནང་མཁན་ཐམས་ཅད་ལའང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

མཇུག་མཐར་སྲོལ་རྒྱུན་གྱི་རིག་གནས་གལ་ཆེན་གྱི་རྨང་ནི་བྱིས་པའི་དུས་སུ་འདིང་དགོས་པས། བྱིས་པ་དག་ལ་བོད་རང་གི་ཟློས་གར་གྱི་བག་ཆགས་ཙམ་འཇོག་ཐུབ་པ་ཨེ་མ་རྨད་བྱུང་སྐལ་བ་བཟང་པོ་ཡིན་པས། ཀུན་གྱིས་རྒྱབ་སྐྱོར་དང་སློབ་སྟོན་གནང་རོགས།

青海省黄南藏族自治州泽库县泽曲镇中心幼儿园藏戏队由32名幼儿组成,平均年龄为5岁,为了继承和弘扬民族文化和区域民族文化精髓,进一步完善我园民族文化体系,培养幼儿爱祖国、爱家乡、民族团结的高尚品德,树立正确的人生观、道德观、价值观,使传统民族文化精髓内化于心、外化于行,特开设民族传统文化特色课程。2020年8月份选出32名具有表演天赋的幼儿组成藏戏队,2020年10月份由我园藏戏指导老师完成第一个剧本《格萨尔王》,并利用课余时间排练藏戏基本动作和格萨尔说唱等内容。

他们以兴趣爱好为定位基础,凭着不懈的努力,在指导教师的精心教练下,经过几个月的练习和磨合,已经成长为一个具有表演性的群体。

自藏戏队成立以来,首次参加我园举办的大型元旦文艺活动,受到了家长和社会各界的一致好评。

这次六一我园藏戏指导老师编写大型藏戏《松赞干布》,并展现给各界社会群众,也同样受到了社会各界的一致好评!

我们始终相信,心有多大,舞台就有多大。随着我们经验的日益积累,经历的不断增加,我们深信,我们会更加成熟,更加强大!