དགའ་བདེ་་རྫོང་ཁོ་ཆུ་གྲོང་རྡལ་བྱིས་སྐྱོང་གླིང་གི་དྲུག་གཅིག་བྱིས་པའི་དུས་ཆེན་བསུ།

དཔྱིད་ཀར་སླེབས་པ་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཞིང་ཁའི་ཕྱོགས་སུ་སྐྱོད་པ་དང་འདྲ་བར།དཔྱིད་ཀ་མཐོང་བ་ནི་དུས་རབས་གཅིག་གི་རི་མོ་ལྟ་བ་དང་མཚུངས། ངའི་མིག་རྒྱང་ནི་ལོ་རྒྱུས་ཀྱི་ཁྱམས་རིང་ཁྲོད་དུ་བརྒྱུད་དགོས། ངའི་བསམ་བློ་ནི་དམར་མདངས་བཀྲ་བའི་ཏང་དར་འོག་ཏུ་མཆོང་བཞིན་ཡོད། ངའི་སྙན་ངག་ནི་ཉི་འོད་ཀྱི་འོག་ཏུ་འབར་བཞིན་ཡོད།

ཁོ་ཆུ་གྲོང་རྡལ་བྱིས་སྐྱོང་གླིང་གི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་རྒྱབ་ལྗོངས།

ནམ་རྒྱུན་བྱིས་པ་ཁོ་ན་གར་སྟེགས་སུ་འབུད་རྒྱུའི་རེ་བ་བྱེད་པ་ལས་ཕ་མ་དག་གར་སྟེགས་སུ་འབུད་རྒྱུའི་གོ་སྐབས་སྤྲད་ནས་བྱིས་པ་དག་ལ་རང་ཉིད་ཀྱི་ཕ་མའི་འཇོན་ཐང་ཤེས་སུ་འཇུག་དགོས། འདི་ལ་རང་དཔེ་གཞན་སྟོན་གྱི་སློབ་གསོའི་དོན་སྙིང་ཡོད།

࿑ སློབ་མ་རྣམས་ཀྱིས་དགེ་རྒན་ལ་གུས་པ་དང་བཀུར་བསྟི་ལེགས་པོ་དགོས་ཏེ་དགེ་རྒན་བཟང་པོ་ནི་སློབ་མ་རྣམས་ལ་བླང་དོར་གྱི་མིག་འབྱེད་པ་དང་། ཤེས་རབ་ཀྱི་ནོར་སྟེར་བ་མདུན་ལམ་གྱི་སར་འཁྲིད་པ་པོ་ཡིན་པས་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན། དགེ་རྒན་ལ་གུས་ན་རང་རྒྱུད་ལ་ཡོན་ཏན་འགོ་ཞིང་ཡ་རབས་ཀྱི་སྤྱོད་པ་མཚོན། ཆོས་དང་འཇིག་རྟེན་གྱི་ལུགས་དང་མཐུན་པ་ཡིན། དགེ་རྒན་ལ་བཀུར་སྟི་ཞེས་པ་ནི་གཙོ་བོ་དགེ་རྒན་གྱི་ཞལ་ལ་ཉན་ནས་སྤྱོད་པ་བཟང་པོ་ལ་གནས་ཤིང་རིག་གནས་ལ་སློབ་སྦྱོང་ནན་ཏན་བྱེད་པ་དེ་ཡིན་ནོ། །

མཁན་ཚུལ་ཁྲིམས་བློ་གྲོས།

ཆུང་དུས་ནས་དཔེ་ཀློག་ལ་གོམས་པར་བྱའོ།། དཔེ་ཀློག་ནི་སློབ་གསོའི་ཡོད་ཚད་དོ།

དབྱར་ཟླ་དྲུག་པའི་ས་དོག་མོའི་བང་རིམ་རྡུལ་དག་ཅིང་།ཆུང་བྱིས་པའི་བློ་རིག་གི་ཁོ་ལག་རྣམ་པར་རྒྱས་ཏེ།ལྷད་མེད་དྭངས་གཙང་གི་གླུ་སྐད་ཅིག་སྙན་ལྷང་ལྷང་གིས་གྲགསབྱུང།

རྟག་པར་གཙང་སྦྲ་ལ་ནན་ཏན་བྱ་སྟེ། སློབ་ཁང་དང་། ཉལ་ཁང་དང་ཉེ་འཁོར་གང་སར་གཙང་སྦྲ་བྱ་ཞིང་གད་སྙིགས་རྣམས་སྙིགས་ཟོམ་ནང་དུ་འདོར་བ་ལས་ཕྱོགས་གཞན་དུ་འཕེན་མི་རུང་། ནངས་པར་སོ་དང་། གདོང་དང་། ལག་པ་བཀྲུ་བ་དང་། ནམ་རྒྱུན་སྐྲ་བཀྲུ་ཞིང་ལུས་ལ་ཁྲུས་བྱ་བ་དང་། གཤང་བ་དོར་ནས་འོག་སྒོ་འབྱིད་པ་དང་། ཟས་ཟོས་རྗེས་ཁ་ལག་འབྱིད་པ་དང་། གོས་བཀྲུ་པ་སོགས་ལ་ནན་ཏན་བྱ་དགོས་སོ། །

མཁན་ཚུལ་ཁྲིམས་བློ་གྲོས།

སློབ་གྲོགས་ནང་ཕན་ཚུན་དུ་མཐུན་སྒྲིལ་དང་བྱམས་སྐྱོང་བྱ་དགོས་ཏེ། སློབ་གྲོགས་རྣམས་ནི་དགེ་རྒན་གཅིག་ལ་བསྟེན་ཞིང་སློབ་གྲྭ་གཅིག་ཏུ་གནས་པས་ཕ་མ་གཅིག་དང་ཁྱིམ་ཚང་གཅིག་པའི་སྤུན་ཟླ་ལྟ་བུ་ཡིན་ཞིང་། ཤེས་རིག་ཡོན་ཏན་སྦྱོང་བའི་གནོད་མེད་ཀྱི་ཟླ་བོ་ཡིན་པར་མ་ཟད་མི་ཡུལ་གྱི་གྲོགས་པོ་དང་པོའང་ཡིན་པས་ཕན་ཚུན་སེམས་ཀྱི་ནང་ནས་བྱམས་བརྩེ་དང་། ལུས་ངག་གིས་རོགས་རམ་དང་ཕན་པ་ཅི་ནུས་བསྒྲུབས་ཏེ་གཅེས་སྐྱོང་བྱ་དགོས། བྱིས་པའི་དུས་ནས་མི་གཞན་ལ་ཕན་སེམས་དང་རོགས་རམ་བྱ་བར་སློབ་སྦྱོང་དང་གོམས་པར་བྱས་ན་ཕྱིས་སུའང་སྤྱི་ཚོགས་ཐོག་ཏུ་མི་གཞན་གྱི་བདེ་སྡུག་ལ་སེམས་ཁུར་དང་མཐོང་ཆེན་བྱས་ནས་སྐྱེ་བོ་རྣམས་ལ་ཕན་ཐོག་པ་ཞིག་ཏུ་འགྱུར་རོ།།

མཁན་ཚུལ་ཁྲིམས་བློ་གྲོས།

ཆུང་དུས་ནས་དཔེ་ཀློག་ལ་གོམས་པར་བྱའོ།། དཔེ་ཀློག་ནི་སློབ་གསོའི་ཡོད་ཚད་དོ།།

དབྱར་ཟླ་དྲུག་པའི་ས་དོག་མོའི་བང་རིམ་རྡུལ་དག་ཅིང་།ཆུང་བྱིས་པའི་བློ་རིག་གི་ཁོ་ལག་རྣམ་པར་རྒྱས་ཏེ།ལྷད་མེད་དྭངས་གཙང་གི་གླུ་སྐད་ཅིག་སྙན་ལྷང་ལྷང་གིས་གྲགས་བྱུང།

ཡུན་རིང་གྲ་སྒྲིག་བྱས་པའི་བྱ་འགུལ་ལེགས་པར་འགྲུབ་རྗེས་ཀྱི་ལས་གྲོགས་ཚོའི་འཛུམ་མདངས།

ཡུན་རིང་གྲ་སྒྲིག་བྱས་པའི་བྱ་འགུལ་ལེགས་པར་འགྲུབ་རྗེས་ཀྱི་ལས་གྲོགས་ཚོའི་འཛུམ་མདངས།

དགེ་རྒན་དང་སློབ་མ་དཔེ་ལེགས་ཅན་དག་ལ་བྱ་དགའ་གནང་བ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་སྐབས་སུ་ང་ཚོས་གླུ་གར་ལ་བརྟེན་ནས་རླབས་ཆེན་གྱི་ཏང་དང་རླབས་ཆེན་གྱི་མེས་རྒྱལ་ལ་ལེགས་སྐྱེས་ཕུལ་བ།

དྲུག་གཅིག་བྱིས་པའི་དུས་ཆེན་ནི་བརྩེ་འཛུམ་དང་སྤྲོ་སྐྱིད་རུམ་གང་ཕྱི་རུ་མངོན་སའི་གར་སྟེགས་ཡིན་ལ།ངལ་དུབ་དང་སྡུག་ཡུས་སྒྱེ་གང་རེ་ཞིག་ཐང་ལ་བྱོ་སའི་བར་སྐབས་ཀྱང་ཡིན།

ཁོ་ཚོས་བདེ་མོ་གར་གྱི་སྟེང་སྟངས་རེ་རེའི་མི་སེམས་དམར་པོ་དབང་མེད་དུ་འགུག་སོང་།

གཅེས་ཕྲུག་དག་གིས་བོད་རང་གི་གོན་པ་གྱོན་ནས་ལང་ཚོ་མངོན་བཞིན་པ།