གསེར་འོད་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་བྱིས་སེམས་གཙང་མ་ཏང་ལ་ཕྱོོོོགས།བྱིས་གླུ་སྙན་མོ་ཏང་ལ་འབུལ་ཞེས་པའི་རིག་རྩལ་བྱེད་སྒོ་དེ༢༠༢༡/༦/༣ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་ཕྱེད་སྟེང་གསེར་འོད་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་རྩལ་སྦྱོང་ར་བར་སྤེལ་པ་ཡིན།

དྲོ་འཇམ་གྱི་ཉི་འོད་དང་།བསིལ་བསེར་གྱི་རླུང་བུ།ཟིམ་ཟིམ་གྱི་སྦྲང་ཆར་དང་ལྷན་དུ་ཟླ་དྲུག་པ་ཐོན་བྱུང་།ཟླ་དྲུག་པ་ནི་ང་ཚོ་ན་ཆུང་གི་བྱིས་པ་ཁོ་ནར་དབང་བའི་དུས་ཆེན་ཡིན་ལ།ང་ཚོས་ཉིན་སྒུག་མཚན་སྒུག་བྱེད་པའི་ཉིན་མོའང་ཡིན། མེ་ཏོག་གི་དྲི་ཞིམ་དང་།གླུ་གར་གྱི་རྩེད་འཇོ་དང་བསྟུན་ཏེ། དེ་རིང་གི་གསེར་འོད་གྲོང་རྡལ་སློབ་ཆུང་ནི་དགའ་སྤྲོའི་འཛུམ་གྱིིིིས་ཁེངས་པའི་ཞིང་ས་ཞིག་ཏུ་གྱུར་འདུག དགེ་སློབ་ཡོངས་ཀྱིས་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ ༡༠༠ འཁོར་བའི་འཁྲུངས་སྐར་ལ་་སྤྲོ་སེམས་རབ་ཏུ་འཁོལ་བ་དང་སྐྱིད་པས་གླུ་དང་དགའ་བས་བྲོ་བྱས་ཏེ་བླ་ན་མེད་པའི་བསྔགས་བརྗོད་དང་སྨོན་འདུན་ཚད་མེད་ཞུས་པ་ཡིན་ནོ།།

ཉིན་བཟང་སྐར་བཟང་གི་དུས་འདིར་ནམ་རྒྱུན་ངེད་སློབ་གྲྭ་ལ་ཐུུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཏེ་རྫོང་གི་ལས་ཁུངས་སོ་སོོོོོོོོོོོོོོོོ་ཡི་དབུ་ཁྲིད་རྣམས་ཀྱིས་ཀྱང་ངེད་སློབ་གྲྭའི་ལོ་ཆུང་བྱིས་པ་ཚོ་ལ་ལེགས་སྐྱེས་དང་རྟེན་འབྲེལ་ཞུ་བར་ཕེབས་པ།

རུ་མི་གསར་བ་རུ་ཁག་ཏུ་ཞུགས་པའི་མཛད་སྒོ།

ཕུལ་བྱུང་ཁྱིམ་བདག་དང་ཕུལ་བྱུང་དགེ་རྒན།གསུམ་བཟང་སློབ་མ་སོགས་ལ་གཟེངས་རྟགས་གནང་བའི་མཛད་སྒོ།

ཁྱིམ་བདག་ཚོའི་རེ་སྒུག་དང་བརྩེ་བ་དང་འགྲོགས་ཏེ།

སློབ་གྲོགས་ཚོའི་འཛུམ་མདངས་དང་སྤྲོ་སྣང་དང་འགྲོགས་ཏེ།

དགེ་རྒན་རྣམས་ཀྱི་སྨོན་འདུན་དང་སྐུལ་མ་དང་འགྲོགས་ཏེ།

ངེད་སློབ་གྲྭའི་དྲུག་གཅིག་རིག་རྩལ་བྱེད་སྒོ་དངོས་སུ་མགོ་ཚུགས་པ་རེད།་

བྱེད་སྒོ་འདི་ལ་དགེ་རྒན་གྱིས་ཟུར་ཁྲིད་འོག་འཛིན་གྲྭ་ཁག་གིས་གྲ་སྒྲིག་ཞིབ་ཚགས་བྱས་ནས་ལེ་ཚན་རབ་དང་རིམ་པ་ཞིག་ནང་སྦྱོང་བྱས་ཡོད་དེ། ཡོད་ཚད་སློབ་གྲོགས་ཚོས་མཛེས་སྡུག་ལྡན་ཞིང་བརྗེད་པར་དཀའ་བའི་དྲུག་གཅིག་དུས་ཆེན་འདི་ལ་རོལ་ཐུབ་པའི་དོན་དུ་ཅི་ལ་མིན།

གཤམ་དུ་འཛིན་གྲྭ་སོ་སོས་སྙན་ངག་དབྱངས་སུ་གྱེར་བ་དང་།བདེ་མོ་ངག་གི་འགྱུར་ཁུག ལྡེམ་མྱུར་གར་གྱི་སྟངས་སྟབས་སོགས་ངོམས་པའི་རྣམ་པ།👏👏👏

ཚང་མས་གཅིག་ལས་གཅིག་ཡག་གི་ལེ་ཚན་མང་པོ་འཁྲབ་སྟོན་ཐུབ་པ་ནི་སློབ་གྲྭའི་དགེ་རྒན་རྣམས་ཀྱི་ཟབ་མོའི་ཐུགས་ཁུར་དང་འབད་པའི་རྔུལ་ཆུ་ལས་གྲུབ་པ་ཞིག་ཡིན་པ་སྨོས་མ་དགོས་སོ།།

དགེ་སློབ་ལྷན་སྒྲོན།

གླུ་ཡི་མཆོད་པ་ཕུལ་ཡོད།

གར་གྱི་མཛེས་སྡུག་ངོམས་ཡོད།

སྐྱིད་པའི་དྲུག་གཅིག་རོལ་ཡོད།

བཞིན་གྱི་འཛུམ་ཆུང་མཛེས་སོང་།

མཇུག་ཏུ་ང་ཚོར་བྱམས་པས་སྐྱོང་མཁན་དང་།

མིག་གིས་འཚོ་མཁན་མཐའ་དག་ལ་བཀའ་དྲིན་ཆེ་ཞུ།

མ་ཡུམ་སློབ་གྲྭའི་བསྟན་པ་ཡར་ཡར་རྒྱས་པའི་བཀྲ་ཤིས་ཤོག

སློབ་གྲོགས་རྣམས་ཀྱི་སློབ་སྦྱོང་ཡར་ངོའིི་ཟླ་ལྟར་འཕེལ་བའི་བཀྲ་ཤིས་ཤོག

དགེ་རྒན་རྣམ་པའི་སྐུ་གཟུགས་བདེ་ཐང་དང་དགོངས་དོན་ཡིད་བཞིན་དུ་འགྲུབ་པའི་བཀྲ་ཤིས་ཤོག

བཀྲ་ཤིས་ཤོག

བཀྲ་ཤིས་ཤོག

ཐམས་ཅད་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག

ཕྱི་དྲོར་འཛིན་གྲྭ་སོ་སོ་རང་རང་གི་འཛིན་གྲྭ་རུ་དྲུག་གཅིག་ལ་རོལ་བའི་ཡུལ་དངོས།🍞🥜🥖🍭🎂🍬🍲🍌📺🎁🎶

དགེ་རྒན་ལགས་དགེ་རྒན།

ཁྱེད་ནི་མཁའ་རུ་འཚེར་བའི་ཉི་མ་ཡིན་ལ།

ས་གཞི་སྐྱོང་བའི་འོད་དེ་ཡིན།

དགེ་རྒན་ལགས་དགེ་རྒན།

ཁྱེད་ནི་བརྩེ་ལྡན་གྱི་ཕ་ཡིན་ལ།

བྱམས་ལྡན་གྱི་མ་ཡང་ཡིན།

ཁྱེད་ཉིད་སེམས་ལ་སྡུག་བསྔལ་མེད་ཅིང་།

ལུས་ལ་ནད་མེད་ཚེ་རིང་ཡོང་ཤོག