སྙན་མོ་ངག་གིས་ལང་ཚོའི་འཇོ་སྒེག་བསྟོད།,ལྡེམ་མྱུར་ལུས་ཀྱིས་གཞོན་པའི་སེམས་ཤུགས་མངོན།

美友14605427

དབྱར་ཟླ་དྲུག་པའི་དགུང་ཨ་སྔོན་གྱི་དབྱིངས་རིམ་གཡའ་དག་ཅིང་། སྤྲིན་དཀར་པོའི་འདབ་བརྒྱ་རྣམ་པར་གྲོལ་ཏེ།བཀྲ་ཤིས་རྟེན་འབྲེལ་གྱི་ཉི་གཞོན་འོད་ལམ་ལམ་ངང་འཚེར་བྱུང་།ས་དོག་མོ་ཡི་བང་རིམ་རྡུལ་དག་ཅིང་།ཆུང་བྱིས་པའི་བློ་རིག་རྣམ་པར་རྒྱས་ཏེ།ལྷད་མེད་དྭངས་གཙང་གི་གླུ་སྐད་ཅིག་སྙན་ལྷང་ལྷང་གིས་གྲག་བྱུང་།ས་དོག་མོ་ཡི་བང་རིམ་རྡུལ་དག་ཅིང་།ཆུང་བྱིས་པའི་བློ་རིག་རྣམ་པར་རྒྱས་ཏེ།ལྷད་མེད་དྭངས་གཙང་གི་གླུ་སྐད་ཅིག་སྙན་ལྷང་ལྷང་གིས་གྲག་བྱུང་།

སྐབས་༧༡པའི་རྒྱལ་སྤྱིའི་དྲུག་གཅིག་དུས་ཆེན་ལ་བསུ་མ་དང་།སློབ་མ་ཚོའི་བྲེལ་ཟིང་གི་སློབ་སྦྱོང་གི་འཚོ་བ་ལ་རེ་ཞིག་གུ་ཡངས་གི་ཁོར་ཡུག་བསྐྲུན་ཆེད།སློབ་མ་དག་གི་རིག་རྩལ་མོས་པ་ཕྱོགས་ཡོངས་ནས་སྐྱེད་སྲིང་བྱེད་ཆེད།དུས་ཚོད་མི་ཉུང་བའི་གྲ་སྒྲིག་བརྒྱུད།རེས་གཟའ་པ་སངས་ཏེ།ཕྱི་ཟླ་༥པའི་ཚེས་༤ཉིན་ལ་དྲུག་གཅིག་རིག་རྩལ་མཛད་སྒོ་གཟབ་རྒྱས་ངང་སྤེལ།

དགེ་རྒན་དག་གིས་སློབ་མའི་འཁྲབ་སྟོན་ལ་གྲ་སྒྲིག་བྱེད་པའི་ཡུལ་དངོས།

ལས་རིམ་དང་པོ།རྒྱལ་དར་བསྒྲེང་བའི་མཛད་སྒོ།

ལས་རིམ་གཉིས་པ།གདོང་ལེན་རུ་ཁག་ནང་གསར་ཞུགས་ཀྱི་སློབ་གསར་དག་ལ་སྐེ་རས་དམར་པོ་འདོགས་པ།

ལས་རིམ་གསུམ་པ།ཐེངས་འདིའི་བྱ་དགའ་ཐོབ་པའི་སློབ་བུ་དང་འཛིན་གྲྭ།སྡོད་ཁང་དག་ལ་བྱ་དགའ་གནང་བ།

ལས་རིམ་བཞི་པ།ཉག་ཆུ་རྫོང་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ལིས་ཅན་དང་།མགོ་ལོག་གྲོང་རྡལ་གྱི་ཀྲུན་ཀྲང་འོད་ཟེར་ཉི་མ་ལགས་དང་།ཉག་ཆུ་རྫོང་མགོ་ལོག་ས་ཁུལ་བཅའ་སྡོད་སློབ་གྲྭའི་སློབ་གཙོ་ཚེ་རིང་ལོ་བརྒྱ་བཅས་ཀྱི་དྲུག་གཅིག་སྨོན་ཚིག་དང་སློབ་བུ་དག་གི་སློབ་སྦྱོང་ལ་རེ་བ་དང་རེ་འདུན་བཏོན།

ལས་རིམ་ལྔ་པ།སློབ་གྲྭའི་དྲུག་གཅིག་རིག་རྩལ་འཁྲབ་སྟོན་ཡིན་ཞིང་།འཛིན་གྲྭ་བཅུ་གཉིས་ཀྱི་སློབ་མ་སོ་སོས་བཅོས་མེད་དྭངས་གཙང་གི་འཛུམ་མདངས་དང་།ཇོ་ཀའི་སྐད་ལ་འགྲན་པའི་སྙན་མོ་ངག་གི་མཆོད་པ།ལྡེམ་མྱུར་གློག་གི་འཁྱུག་འགྲོས་ལ་འགྲན་པའི་ལུས་ཀྱི་འཇོ་སྒེག་དང་སྟངས་སྟབས་ཀྱིས་ལྟད་མོ་ཚོར་ཁྲ་ཆུང་མིག་གི་དགའ་སྟོན་དང་།དར་ལུང་རྣ་བའི་དཔྱིད་དུ་ཚེས་པའི་ལྟད་མོའི་ལོངས་སྤྱོད་ཕུན་སུམ་ཚོགས་པས་ཁྲོམས་པའི་སེམས་པ་རང་དབང་མེད་པར་བཀུགས།

མཇུག་ཏུ་མདོ་འཛིན་པའི་བཀྲ་ཤིས་ཁ་གཡང་གི་སྨོན་འདུན་གྱིས་རིག་རྩལ་འཁྲབ་སྟོན་མཇུག་བསྡུ་བར་བྱས་ཤིང་།ལྟད་མོ་རྣམ་པའི་ད་དུང་མ་ཚིམས་པ་སེམས་པ་རེ་ཞིག་མཚམས་འཇོག་དགོས་བྱུང་སོང་།

ངེད་སློབ་གྲྭའི་འཕྲིན་སྟེགས་འདི་བརྒྱུད་ནས།གནམ་འོག་གི་བྱིས་པ་རྣམས་ཀྱི་དུས་ཆེན་ལ་དྲི་མེད་ལྷག་བསམ་དཀར་པོའི་འཚམ་འདྲི་ཞུ་ཞིང་།བྱིས་པ་རྣམས་ཀྱིས་ལུས་བདེ་སེམས་སྐྱིད་ཀྱི་ངང་ནས་ཤེས་བྱའི་འཇུག་ངོགས་ཟབ་མོའི་ཕ་མཐའ་རུ་བདེ་བླགས་ངང་བསྐྱོད་ཐུབ་ཞིང་།རྣམ་དག་མི་གཞི་ལེགས་པའི་གོ་ས་རུ་གེགས་མེད་བར་མེད་ངང་རིམ་གྱིས་ཆགས་ཐུབ་པའི་སྨོན་འདུན་ཞུ།