མངའ་རིས།
མངའ་རིས་ནི་སྨིག་རྒྱུ་འདྲ་བའི་རྒྱང་རིང་གི་བསླུ་བྲིད་དེ་རེད།

མཐོ་སྒང་གི་དགུན་གཞུང་རིང་ལ་གྲང་རེག་ཆེ་ན་ཡང་།

རེ་བ་དང་གསང་བ་ཨམ་ཕྲག་རྡག་རྡག་གང་འཁྱེར་ནས།

ལེ་དབར་སྟོང་གིས་ཆོད་པའི་མངའ་རིས་སློབ་ཆུང་དུ་ཐོན་ཡོད།

རྩྭ་ཆུང་སྐམ་པོས་ཤུ་གླུ་ལེན།

གྲང་རླུང་གི་སྤུ་གྲི་ངོ་གདོང་སྨུག་པོར་བསྣུན་ཐེངས་རེ་རེར།

སྨྲ་མི་བཟོད་པའི་གཏམ་རྒྱུད་ཅི་ཙམ་གྲང་ཅང་ཅང་གི་ཁོག་ཏུ་སྦས་ཡོད་ཨང་།

མངའ་རིས། ཁྱེད་ནི་གསོ་རླུང་སྲབ་པའི་མཐོ་སྒང་གི་བཞུགས་ཁྲི་མཐོན་པོ།

བདག་གིས། དེའི་ཡང་སྟེང་ན།

གནམ་སྔོན་མོ་མལ་ཆས་དང་ས་གྲང་མོ་གདན་དུ་གཏིང་ནས།

ཉི་ཟླ་སྐར་གསུམ་ལ་སྙིང་གཏམ་ཡང་ཡང་གླེང་།

ལ་མོ་བརྒྱབ་ཟིན་ན་ཡང་།

དབང་མེད་ཕྱི་མིག་ལྟ་དགོས་བྱུང་།