བདུན་ཕྲག་བཅུ་གསུམ་པའི་བྱ་གཞག

སློབ་གྲྭ་སོ་སོ་ནས་དཔེ་ཁྲིད་རིགས་ལམ་ཡག་པའི་ཁྲིད་ཐོ་རེ་བདམས་ནས་ཞིབ་འཇུག་ལྟེ་གནས་ཀྱི་ཡིག་ཚགས་སུ་ཉར་རྒྱུ་དང་འཕྲིན་སྟེགས་འདིར་མུ་འགོད་བྱ་རྒྱུ་ཡིན།

སློབ་གྲྭ། རྨ་ཆུ་རྫོང་རྒྱུན་སྡོད་བོད་རིགས་སློབ་ཆུང་དང་པོ།

དགེ་རྒན། ཨོ་རྒྱན་སྒྲོལ་མ།

དཔག་བསམ་ཤིང་། ༼ ལྟ་ཀློག་སློབ་ཁྲིད་ཀྱི་ཁྲིད་ཡིག།༽

རྨ་ཆུ་རྫོང་རྒྱུན་སྡོད་བོད་རིགས་སློབ་ཆུང་དང་པོ། ཨོ་རྒྱན་སྒྲོལ་མ།

འཁྲིད་ཡུལ། ལོ་རིམ་བཞི་བ།

སློབ་ཁྲིད་ཀྱི་རྣམ་པ། ལྟ་ཀློག་སློབ་ཁྲིད།

དང་པོ། སློབ་ཁྲིད་ཀྱི་དམིགས་ཚད། ༼གཙོ་གནད།༽

༡ ཤེས་བྱ་དང་ནུས་པའི་དམིགས་ཚད།

ཤེའོ• སེའོ་ཝར་སེ་ཐན་གྱིས་བརྩམས་ཤིང་ནོར་ནོར་བྱིས་སྒྲུང་ཁང་གིས་བསྒྱུར་བའི་

འཛམ་གླིང་གི་བྱིས་སྒྲུང་གྲགས་ཅན་དཔག་བསམ་ཤིང་གི་སྒྲུང་དེ་ཉམས་སུ་མྱོང་རྒྱུ་དང་སྒྲུང་དེའི་བྱུང་རིམ་བློ་ལ་འཇགས་པར་བྱེད་རྒྱུ་ཡིན།

༢བརྩེ་དུང་དང་རིན་ཐང་གི་དམིགས་ཚད། ༼དཀའ་གནད།༽

སྒྲུང་དེས་བསྩལ་བའི་ཀ་ར་བུམ་རམ་ལྟ་བུའི་མི་དང་མིའི་བར་གྱི་བརྩེ་བ་དང་། དེ་མིན་འཇིག་རྟེན་གྱི་བརྩེ་བ་ཐམས་ཅད་སེམས་ཀྱིས་མྱོང་ཤེས་པར་བྱེད་པ།ཆུང་དུས་ནས་

སེམས་པ་བརྩེ་བས་ཕྱུག་པའི་མི་ཕྱུག་པོ་ཞིག་བྱེད་པའི་ལས་ལ་སྐུལ་དགོས།

༣ བརྒྱུད་རིམ་དང་ཐབས་ལམ་གྱི་དམིགས་ཚད། ༼ཁྲིད་ཐབས།༽

ཐོག་མར་རི་མོ་ཁོ་ན་ལ་ལྟ་བ། དེ་ནས་སྒྲུང་ཀློག་པ། མཐའ་མར་རི་མོའི་ནང་དུ་ཡི་གེ་

རྒྱུ་པའམ་ཡི་གེའི་ཀློང་དུ་རི་མོ་ཕབ་ནས་སྒྲུང་དེས་བསྩལ་བའི་བརྩེ་བ་ཉམས་སུ་མྱོང་དུ་འཇུག་རྒྱུ་ཡིན།

གཉིས་པ། སློབ་ཁྲིད་ཀྱི་བརྒྱུད་རིམ།

༡སློབ་ཐུན་གྱི་རྩ་འཛུགས།

སློབ་མའི་རྣམ་རིག་དོད་མིན་དང་སློབ་ཁྲིད་ལ་སྤྲོ་སྣང་ལྡན་མིན་བརྟག་པ།

༢ ཐུན་ཐོག་དམིགས་ཚད། ༼དམིགས་བསལ་དུ་ཞུ་དོན། འདི་ནས་རབ་འབྲིང་ཐ་གསུམ་གྱི་དམིགས་ཚད་འཇོག་དོན་ནི་རང་སློབ་གྲྭའི་ཁྲིད་ཡིག་གི་རེ་འདུན་ཇི་བཞིན་བྲིས་པ་ཡིན་ལ་སློབ་མ་རབ་འབྲིང་ཐ་གསུམ་ལ་རེ་རེ་བཞིན་དམིགས་ཚད་བཞག་པ་ཡིན།༽

ཀ རི་མོར་བལྟས་ནས་སྒྲུང་དེའི་བྱུང་རིམ་བློ་ལ་ངེས་པ།༼ཐ་མ།༽

ཁ སྒྲུང་བཀླགས་ནས་སྒྲུང་དེའི་བྱུང་རིམ་བློ་ལ་ངེས་པ།༼འབྲིང་།༽

ག རི་མོའིནང་དུ་ཡི་གེ་རྒྱུ་པའམ་ཡི་གེའི་ཀློང་དུ་རི་མོ་ཕབ་ནས་སྒྲུང་དེས་བསྩལ་བའི་བརྩེ་བ་ཉམས་སུ་མྱོང་བ།༼རབ།༽

༣ སློབ་ཐུན་ལ་བློ་སྣ་འདྲེན་པ།

རང་རེས་རྟག་པར་དབུལ་ཕོངས་ནི་བཀྲེས་སྐོམ་བྱུང་བ་དང་། གོས་མེད་གཅེར་བུར་ལུས་པའམ་སྡོད་སའི་ཁང་བ་མེད་པ་དེ་ཡིན་པར་འདོད་མོད། དབུལ་ཕོངས་ངོ་མ་ནི་དགོས་མཁོ་མེད་པར་གྱུར་པ་དང་། དགའ་མཁན་མེད་པ། སེམས་ཁུར་བྱེད་མཁན་མེད་པ་དེ་རེད། དུས་མཐའ་འདིར། ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པས་སེམས་ནང་གི་དབུལ་ཕོངས་དགབ་མི་ཐུབ། སྤྱི་ཚོགས་ཡར་རྒྱས་སུ་ཕྱིན་པས། སེམས་བརྩེ་བ་དང་

བྲལ་བར་མཛེས་རྒྱན་སྤྲས་མི་ཐུབ།

__དགེ་མ་ཐྲིར་སཱ་ནས།

༼གནམ་བདག་ཆོས་ལུགས་ཀྱི་དགེ་རྩ་མཁན་དང་། ༡༩༧༩ལོའི་ནོ་པེལ་གྱི་ཞི་བདེའི་བྱ་དགའ་བཞེས་མཁན། ༽

ཚིག་འདི་རྒན་གྱིས་བརྩེ་བ་དང་ལྡན་པའི་སྒོ་ནས་བཀླགས་ཏེ་སློབ་བུ་ཚོའི་རྣ་བའི་

དཔྱིད་དུ་ཤར་ཅི་ཐུབ་བྱེད་རྒྱུ་ཡིན།

༤ སློབ་ཁྲིད་དངོས།

ཀ སློབ་མ་འགའ་རེ་མཉམ་དུ་བསྡད་ནས་རིས་དེབ་ངོས་ཀྱི་རི་མོ་ཁོ་ན་ལ་ལྟ་རུ་བཅུག་ནས་སྒྲུང་དེའི་ནང་དོན་ལ་ཚོད་བགམ་བྱེད་དུ་འཇུག་རྒྱུ་ཡིན།

ཁ སྒྲུང་དེ་དངོས་སུ་ཀློག་པ། དོན་མི་གོ་བའི་མིང་དང་ཚིག་དཀའ་མོ་དག་ཐེངས་

འགའ་ལ་བཀླག་དགོས་ཤིང་གལ་ཏེ་རྩ་བ་ནས་དོན་ལ་གོ་བ་མ་ལོན་ཚེ་འཕྲལ་མར་ལག་པ་བཀྱག་ནས་རྒན་ལ་འདྲི་དགོས་ཤིང་རྒན་གྱིས་མིང་དང་ཚིག་གི་སྐབས་དོན་ཁོ་ན་བཤད་ནས་སློབ་མར་སྒྲུང་དེའི་ནང་དོན་ལ་གོ་བ་བསྐྱེད་པར་རོགས་འདེགས་བྱེད་པ། ༼སྒྲུང་དེའི་ནང་གི་མིང་དང་ཚིག་དཀའ་མོ་ཕལ་ཆེར་ཕྱག་རྒྱས་མཚོན་ཐུབ་པས་རྒན་ལ་ཕྱག་རྒྱ་བཀོལ་ནས་མིང་གི་དོན་བཤད་རྒྱུའི་སྟ་གོན་ཡོད། དཔེར་ན་ཡལ་ག་སྤྲུག་སྤྲུག་བྱེད་པ་དང་ལུས་ཀྲོང་ཀྲོང་དུ་སྒྲེང་། མགྲིན་པ་བརྣངས། ལྟ་བུ།༽

དཔག་བསམ་ཤིང་།

ཤེའོ·སེའོ་ཝར་སེ་ཐན་གྱིས་བརྩམས་ཤིང་ནོར་ནོར་བྱིས་སྒྲུང་ཁང་གིས་བསྒྱུར།

གནའ་སྔ་མོར། ཤིང་སྡོང་ཞིག་ཡོད། ཁོ་མོ་བུ་ཆུང་ཞིག་ལ་བརྩེ་བ་ཟབ་མོ་ཆགས། བུ་ཆུང་དེ་ཡང་ཉིན་ལྟར་ཤིང་སྡོང་གི་གམ་དུ་ཡོང་ཞིང་། སོ་སོར་ཅོད་པན་བསླུས་ཏེ། རང་ཉིད་ནགས་ཚལ་གྱི་རྒྱལ་བོ་ཡིན་ཁུལ་བྱེད། ཁོ་པས་རྒྱུན་དུ་སྡོང་བོར་འཛེག་པ་

དང་། ཡལ་གར་འཁྱུད་དེ་དཔྱང་རྡང་རྩེ་ཞིང་། རྩེ་མོའི་ཀུ་ཤུ་ཡང་ཟ་བར་བྱེད་། ད་དུང་སྡོང་བོ་དང་མཉམ་དུ་གབ་རེས་ཡིབ་རེས་རྩེ་ལ།ངལ་དུབ་བྱུང་དུས་། ཁོ་མོའི་བསིལ་གྲིབ་འོག་ཏུ་ཉལ་ནས་སྡོད།

བུ་ཆུང་དེ་ཡང་ཤིང་སྡོང་ལ་ཧ་ཅང་བརྩེ་བར་གྱུར། ཤིང་སྡོང་དགའ་བོ་བྱུང་།

ཡིན་ནའང་། དུས་ཚོད་རིམ་བཞིན་འདས་པ་དང་། སྔར་གྱི་བུ་ཆུང་དེ་ཡང་ནར་སོན་

ནས། ཤིང་སྡོང་རྟག་ཏུ་ཁེར་རྐྱང་དུ་ལུས། ཉིན་ཞིག་བུ་ཆུང་དེ་ཤིང་སྡོང་གི་སར་སླེབས་ནས། ཤིང་སྡོང་གིས། བུ། ཤོག་དང་། ངའི་སྡོང་པོར་འཛེགས་དང་། ངའི་ཡལ་གར་དཔྱང་རྡང་རྩེས་དང་། ངའི་ཀུ་ཤུ་ཟོ་དང་། ངའི་བསིལ་གྲིབ་འོག་ཏུ་རྩེད་མོ་རྩེས་དང་། བུ་ཁྱོད་དགའ་པོ་ཡོང་ངེས་ཡིན་ཞེས་བཤད་པར། བུ་དེས། ང་ནར་སོན་པས་སྡོང་པོར་འཛེག་འདོད་མི་འདུག ང་སྤྲོ་སྣང་འཕེལ་བའི་ཅ་ལག་འདྲ་ཉོ་འདོད་པས། ཁྱེད་ཀྱིས་ང་ལ་དངུལ་ཏོག་ཙམ་སྤྲད་ན་ཨེ་ཡོང་ཞེས་དྲིས་པར། ཤིང་སྡོང་གིས་། དགོངས་པ་མ་ཚོམ། ང་ལ་ལོ་མ་དང་ཀུ་ཤུ་ཙམ་ལས་དངུལ་མེད། ཁྱོད་ཀྱིས་ངའི་ཀུ་ཤུ་རྣམས་འཁྱེར་ནས་གྲོང་ཁྱེར་དུ་འཚོང་བར་སོང་དང་། དངུལ་ཡོང་བར་ངེས་ལ། བུ་ཁྱོད་དགའ་པོ་ཡོང་ངེས་ཡིན་ཞེས་བཤད།

དེ་ནས་བུ་ཆུང་དེས་སྡོང་བོའི་ཐོག་ཏུ་འཛེགས་ནས། ཀུ་ཤུ་བཏོགས་ཏེ། འཁྱེར་ནས་ཕྱིན། ཤིང་སྡོང་དགའ་བོ་བྱུང་།

ཡིན་ནའང་། བུ་དེ་ཡུན་རིང་པོར་ཤིང་སྡོང་གི་སར་མ་ཡོང་བས། ཤིང་སྡོང་སྐྱོ་ལྷང་ངེར་ལུས། ཕྱིས་སུ་ཉིན་ཞིག་བུ་དེ་སླར་ཡོང་བར། ཤིང་སྡོང་དགའ་ཐག་ཆོད་དེ་ཡལ་ག་སྤྲུག་སྤྲུག་བྱེད་ཀྱིན། བུ། ཤོག་དང་། ངའི་སྡོང་པོར་འཛེགས་དང་། ངའི་ཡལ་གར་དཔྱང་རྡང་རྩེས་དང་། བུ་ཁྱོད་དགའ་བོ་ཡོང་ངེས་ཡིན་ཞེས་བཤད། བུས། ང་བྲེལ་བ་ཚ་བས་སྡོང་བོར་འཛེག་ལོང་མེད། ང་ལ་དྲོ་སོབ་སོབ་ཀྱི་ཁང་བ་ཞིག་དགོས་འདོད་འདུག་ཟེར་ཞིང་། མུ་མཐུད་དེ། ངས་མནའ་མ་ལེན་དགོས་ལ་ད་དུང་བུ་ཕྲུག་སྐྱེ་དགོས། ཁྱེད་ཀྱིས་ང་ལ་ཁང་བ་ཞིག་སྤྲད་ན་འགྲིག་གམ་ཞེས་དྲིས་པར། ཤིང་སྡོང་གིས། ང་ལ་ཁང་བ་མེད། ནགས་ཚལ་ནི་ངའི་ཁང་ཁྱིམ་ཡིན། ཡིན་ནའང་། ཁྱེད་ཀྱིས་ངའི་ཡལ་ག་རྣམས་བཅད་དེ་འཁྱེར་ནས་ཁང་པ་རྒྱོབ་དང་། བུ་ཁྱོད་དགའ་བོ་ཡོང་ངེས་ཡིན་ཞེས་བཤད།

བུ་དེས། ཤིང་སྡོང་གི་ཡལ་ག་ཚང་མ་བཅད་དེ། ཁང་པ་རྒྱག་པར་ཁྱེར། ཤིང་སྡོང་དགའ་བོ་བྱུང་།

ཡིན་ནའང་། བུ་དེ་ཡུན་རིང་བོར་ཤིང་སྡོང་གི་སར་མ་ཡོང་། ཁོ་པ་སླར་ཡོང་བའི་དུས། ཤིང་སྡོང་དགའ་ཐག་ཆོད་དེ། ཧ་ལམ་སྐད་ཆ་ཡང་ཤོད་དཀའ་བར་གྱུར་ཅིང་མགྲིན་པ་བརྣངས་བཞིན་དུ། བུ། ཤོག་དང་། ང་དང་མཉམ་དུ་རྩེད་མོ་རྩེས་དང་ཟེར་བར། ང་ལོ་ན་རྒས་ཤིང་ཡིད་སུན་པས་རྩེད་མོ་རྩེ་མི་འདོད། ང་ལ་གནས་འདི་ལས་ཁ་བྲལ་ཏེ་རྒྱང་རིང་ལ་བསྐྱོད་ཐུབ་པའའི་གྲུ་གཟིངས་ཤིག་དགོས་འདོད་འདུག་པས། ཁྱེད་ཀྱིས་ང་ལ་གྲུ་ཞིག་སྤྲོད་ཐུབ་བམ་ཞེས་དྲིས་པར། ཤིང་སྡོང་གིས། ཁྱོད་ཀྱིས་ངའི་སྡོང་རྐང་བཅད་ནས། གྲུ་གཟིངས་བཟོས་དང་། དེ་ནས་གྲུ་ལ་ཞུགས་ཏེ་རྒྱང་བསྐྱོད་ཐུབ་ལ། བུ་ཁྱོད་དགའ་པོ་ཡོང་ངེས་ཡིན་ཞེས་བཤད།

དེ་ནས་བུ་དེས་སྡོང་རྐང་བཅད་དེ། གྲུ་གཟིངས་བཟོས་ནས་རྒྱང་རིང་ལ་བསྐྱོད། ཤིང་སྡོང་དགའ་བོ་བྱུང་།

འོན་ཀྱང་དེ་ཙམ་གྱིས……

ཡང་དུས་ཡུན་རིང་བོ་ཞིག་ཕྱིན་རྗེས། བུ་དེ་སླར་ཡང་ཤིང་སྡོང་གི་སར་སླེབས་པར། ཤིང་སྡོང་གིས། བུ་དགོངས་པ་མ་ཚོམ། ད་ཆ་ངས་ཁྱོད་ལ་སྤྲོད་ཐུབ་པ་གང་ཡང་ལྷག་མེད། ང་ལ་ཀུ་ཤུ་མེད་ཅེས་བཤད་པར། བུས་ངའི་སོ་རྙིངས་པས་ཀུ་ཤུ་མི་ཕེད། ཤིང་སྡོང་གིས། ང་ལ་ཡལ་ག་མེད་པས་ཁྱོད་དཔྱང་རྡང་རྩེ་ཐབས་བྲལ་ཟེར་བར། བུས། ང་རྒས་པས་དཔྱང་རྡང་རྩེ་མི་ཐུབ་ཟེར། ཤིང་སྡོང་གིས། ང་ལ་སྡོང་རྐང་མེད་པས། ཁྱོད་སྟེང་དུ་འཛེག་ཐབས་བྲལ་ཟེར་བར། བུས། ང་ཐང་ཆད་སོང་བས་འཛེག་ཀྱང་ཐུབ་པ་མི་འདུག་ཟེར། ཤིང་སྡོང་གིས་དབུགས་རིང་གཏོང་བཞིན་དུ། དགོངས་པ་མ་ཚོམ། ད་དུང་ངས་ཁྱོད་ལ་གང་ཞིག་སྤྲོད་ཐུབ་ན་བསམས་མོད། གང་ཡང་ལྷག་མེད་པས།དགོངས་པ་ཡེ་ནས་མ་ཚོམ་ཞེས་བཤད། ད་ལྟ་ང་ལ་དགོས་མཁོ་ཅི་ཡང་མེད། ང་ནི་ཨ་ཐང་ཆད་སོང་། ཁུ་སིམ་གྱི་གནས་ཤིག་ཏུ་བསྡད་དེ་ངལ་གསོ་ལེགས་པོ་ཞིག་བྱེད་འདོད་ཅེས་བཤད་པར། ཤིང་སྡོང་གིས་ད་བྱས་ན། ཞེས་གང་ཐུབ་ཀྱིས་རང་ལུས་ཀྲོང་ཀྲོང་དུ་སྒྲེང་ནས། ང་སྡོང་དུམ་རྒན་པོ་ནི་ངལ་གསོ་བྱེད་ས་དང་ལྷོད་ལྷོད་དུ་སྡོད་ས་ཡག་པོ་ཞིག་ཡིན།

བུ་ཤོག་དང། འདིར་བསྡད་ནས་ངལ་གསོ་ལེགས་པར་བྱོས་དང་ཞེས་བཤད་པར། བུ་དེ་བཞིན་དུ་བགྱིས།

ག སློབ་མ་གཅིག་ལ་ངག་ཐོག་ནས་སྒྲུང་དེའི་བྱུང་རིམ་སྟབས་བདེ་བོའི་སྒོ་ནས་བཤད་དུ་འཇུག་པ། ཆད་ལྷག་བྱུང་ཚེ་སློབ་མ་གཞན་གྱིས་ཁ་གསབ་བྱེད་ཆོག

ང སློབ་མ་ཚོར་སྒྲུང་དེ་ལ་དགའ་བོ་བྱུང་མིན་འདྲི་བ་དང་། གལ་ཏེ་དགའ་བོ་བྱུང་ཚེ་

དགའ་བོ་བྱུང་བའི་རྒྱུ་མཚན་གང་འདོད་དུ་བཤད་དུ་འཇུག་དགོས།

ཅ སྒྲུང་དེའི་བཞག་པའི་བག་ཆགས་ཆེས་ཟབ་མོའམ་སྒྲུང་དེའི་ཆེས་ཡག་ས་བཤད་དུ་བཅུག་ནས་དེས་བསྩལ་བའི་བདེ་བ་ཉམས་སུ་མྱོང་བར་བྱ་དགོས།

༥ སློབ་ཁྲིད་སྲ་བརྟན།

དགེ་སློབ་གཉིས་ཀྱིས་མིག་བཙུམ་ནས་སྒྲུང་དེའི་ནང་གི་རི་མོ་དག་ལ་ཕྱིར་དྲན་བྱེད་དུ་འཇུག་རྒྱུ་ཡིན།

༥ སློབ་ཁྲིད་ཕྱོགས་སྡོམ།

རང་རེས་རྟག་པར་དབུལ་ཕོངས་ནི་བཀྲེས་སྐོམ་བྱུང་བ་དང་། གོས་མེད་གཅེར་བུར་ལུས་པའམ་སྡོད་སའི་ཁང་བ་མེད་པ་དེ་ཡིན་པར་འདོད་མོད། དབུལ་ཕོངས་ངོ་མ་ནི་དགོས་མཁོ་མེད་པར་གྱུར་པ་དང་། དགའ་མཁན་མེད་པ། སེམས་ཁུར་བྱེད་མཁན་མེད་པ་དེ་རེད། དུས་མཐའ་འདིར། ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པས་སེམས་ནང་གི་དབུལ་ཕོངས་དགབ་མི་ཐུབ། སྤྱི་ཚོགས་ཡར་རྒྱས་སུ་ཕྱིན་པས། སེམས་བརྩེ་བ་དང་བྲལ་བར་མཛེས་རྒྱན་སྤྲས་མི་ཐུབ་པ་དེ་ཡིན།

__དགེ་མ་ཐྲིར་སཱ་ནས།

༼གནམ་བདག་ཆོས་ལུགས་ཀྱི་དགེ་རྩ་མཁན་དང་། ༡༩༧༩ལོའི་ནོ་པེལ་གྱི་ཞི་བདེའི་བྱ་དགའ་བཞེས་མཁན།༽

ཚིག་འདི་སློབ་མ་རྣམས་ལ་བརྩེ་བ་དང་ལྡན་པའི་སྒོ་ནས་མཉམ་རོལ་ཐེངས་གཅིག་བྱེད་དུ་འཇུག་རྒྱུ་ཡིན།

༦ ལས་བྱ་བཀོད་སྒྲིག

དཔག་བསམ་ཤིང་ཞེས་པའི་སྒྲུང་དེའི་བཀླགས་ཚོར་ངོ་མ་ཕྲིས་ཤིག རིང་ཐུང་ཅི་རིགས་ཡིན་ཡང་ཆོག བཀླགས་ཚོར་རི་མོས་མཚོན་ཡང་ཆོག

༧ སྒོ་སམ་ཇུས་འགོད། བརྙན་གཟུགས་བཀོལ་བ།

བཞི་བ། ཁྲིད་རྗེས་ཀྱི་མྱོང་ཚོར།
༧
སློབ་གྲྭ།རྨ་ཆུ་རྫོང་བཅའ་སྡོད་བོད་རིགས་སློབ་ཆུང་གཉིས་པ།

དགེ་རྒན།རྟ་མགྲིན་འཚོ།

སློབ་གྲྭ། རྨ་ཆུ་རྫོང་བཅའ་སྡོད་བོད་རིགས་སློབ་ཆུང་གཉིས་པ།

འཁྲིད་ཡུལ། ལོ་རིམ་དྲུག་པ།

འཁྲིད་བྱ། ཕྲད་རང་དབང་ཅན། དེ་སྒྲ།

སློབ་ཐུན། སློབ་ཐུན་དང་པོ།

འཁྲིད་མཁན། རྟ་མགྲིན་འཚོ།

དེ་སྒྲ།

སློབ་ཐུན་དང་པོ། དེ་སྒྲའི་གོ་དོན་དང་འཇུག་ཡུལ།

དང་པོ། སློབ་ཐུན་གྱི་དམིགས་ཚད་དང་དཀའ་གཙོ་གནད།

༡ ཤེས་བྱ་དང་ནུས་རྩལ།

(༡)དེ་སྒྲའི་གོ་དོན་དང་སྡོམ་ཚིག་བློར་འཛིན་པ། ནང་གསེས་སུ་དོན་གང་དག་ལ་འཇུག་པ་ངེས་རྒྱུ་ནི་གཙོ་གནད་ཡིན།

(༢)དེ་སྒྲའི་ཐ་སྙད་དབང་དུ་བྱས་པ་གསུམ་པོ་རེ་རེའི་མཚན་ཉིད་ངོས་འཛིན་པ་དང་། དཔེ་བརྗོད་འཇོག་ཤེས་རྒྱུ་ནི་སློབ་ཁྲིད་ཀྱི་དཀའ་གནད་ཡིན།

༢ བརྒྱུད་རིམ་དང་ཐབས་ཤེས།

རང་ངོས་ནས་ཕྲད་ངོས་འཛིན་བྱས་ཏེ་གོ་དོན་རྟོགས་པ་དང་རྩ་ཚིག་བློར་འཛིན་པ།

དགེ་རྒན་གྱི་མཛུབ་སྟོན་འོག་སློབ་མ་ཚོར་དཔེ་བརྗོད་འཇོག་ཏུ་འཇུག་རྒྱུ།

༣བརྩེ་བ་དང་རིན་ཐང་གི་ལྟ་བ།

རྩ་ཚིག་སོགས་ཡང་ཡང་གྱེར་ནས་བློར་འཛིན་དགོས་པ་དང་རྒྱུན་ལྡན་གྱི་སྐད་ཆ་དང་རྩོམ་ཡིག་སོགས་སུ་མ་ནོར་བར་བཀོལ་ཤེས་དགོས།

གཉིས་པ། སློབ་ཁྲིད་ཀྱི་བརྒྱུད་རིམ།

༡ སློབ་ཁྲིད་ཀྱི་རྩ་འཛུགས། སློབ་མ་ཚང་མིན་དང་སློབ་ཆས་གྲ་སྒྲིག་བྱེད་པ་སོགས།

༢ སྔོན་འགྲོའི་ཚད་འཇལ།

(༡)ང་ཚོས་བསླབས་ཟིན་པའི་ཕྲད་དེ་ནི་གང་ལ་འཇུག་པ་སློབ་གྲོགས་སུས་

བཤད་ཤེས་སམ།

ལན། དེ་ནི་ལྷག་བཅས་ཀྱི་ཕྲད་ཡིན། མཚམས་སྦྱོར་ལྷག་བཅས་དང་། དམ་བཅའ་ལྷག་བཅས་དང་། གཞན་འདྲེན་ལྷག་བཅས་བཅས་གསུམ་ལ་འཇུག་པ་ཡིན།

(༢)གཤམ་གྱི་ཚིག་དག་ལས་དེ་ཡིས་ཅི་ཞིག་སྟོན་པར་བསམ་བློ་ཐོངས།

(བསྡུར་བ།)

ཨ་ཕས་སྐད་ཆ་བཤད་དེ་སོང་། ཨ་ཕའི་སྐད་ཆ་དེ་ལ་གནས་ལུགས་ཡོད།

བྲག་རི་གཏོར་ཏེ་གཞུང་ལམ་བཟོས། བྲག་རི་དེ་མཐོ་ཞིང་གཟར།

༣ སློབ་ཁྲིད་དངོས།

ལྟ་ཁྲིད་དང་པོ།

༡ དེ་སྒྲའི་གོ་དོན་ནི་ཅི་ཡིན།

དེ་སྒྲ་ནི། འདས་མ་ཐག་པའི་དོན་དེ་སླར་ཡང་སྟོན་པ་ལ་ཟེར།

༢ དེ་སྒྲའི་སྡོམ་ཚིག་སུ་ཞིག་གིས་བློར་འདོན་ཐུབ་བམ།

དེ་སྒྲ་གང་ལ་འཇུག་ཚུལ་ནི།། ཐ་སྙད་དབང་དུ་བྱས་པ་གསུམ།།

དངོས་པོའི་དབང་དུ་བྱས་པ་བཞི།། དུས་ཀྱི་དབང་གིས་གཉིས་ཡིན་ནོ།།

༣ དེ་སྒྲ་དོན་དུ་ལ་འཇུག་པ་དང་གང་དག་ཡིན།

ཐ་སྙད་དབང་དུ་གསུམ་དང་དངོས་པོའི་དབང་དུ་བཞི། དུས་ཀྱི་དབང་གིས་གཉིས་བཅས་དོན་དགུ་ལ་འཇུག་པ་ཡིན།

ཐ་སྙད་དབང་དུ་བྱས་པ་གསུམ་ནི། འདས་པའི་ཐ་སྙད། རྣམ་གྲངས་གཞན་བརྗོད་པ།

ལྷག་བཅས།

དངོས་པོའི་དབང་དུ་བྱས་པ་བཞི་ནི།བདེན་པའི་དངོས་པོ། གསང་བའི་དངོས་པོ། བདག་གི་དངོས་པོ། གཞན་གྱི་དངོས་པོ།

དུས་ཀྱི་དབང་གིས་གཉིས་ནི། འདས་པའི་དུས། མ་འོངས་པའི་དུས།

ལྟ་ཁྲིད་གཉིས་པ།

དཔེ་བརྗོད་དག་དབྱེ་ཞིབ། ཕྲད་དེ་ཡིས་བྱེད་ནུས་གང་ཐོན་པར་བསམ་བློ་ཐོངས་དང་།

༡ འདས་པའི་ཐ་སྙད་ལ་འཇུག་པ་ནི།

དཔེར་ན། མེ་འཁོར་ནི་ཤིན་ཏུ་ཆེའོ།། དེ་རླངས་འཁོར་ལས་མགྱོགས། དེ་སྐྱེལ་འདྲེན་ལ་ཤིན་ཏུ་གལ་ཆེ། (ཁྱད་ཆོས་སྔ་མ་སྦྱོར་བ་ན་རང་གི་མིང་སྨོས་ཤིང་། ཁྱད་ཆོས་ཕྱི་མ་རྣམས་སྦྱོར་ཚེ། དེ་ཞེས་སྨོས་པས་ཆོག་པ་ཡིན།)

༢ རྣམ་གྲངས་གཞན་བརྗོད་པ་ནི།

དཔེར་ན། འདི་ནི་པད་མ་སྟེ། ཆུ་སྐྱེས་ཀྱང་དེ་ཡིན། ཉི་མས་བཞད་པ་ཡང་དེ་ཡིན་ནོ།།

(དོན་གཅིག་ལ་མིང་གི་རྣམ་གྲངས་གཞན་དུ་མ་བརྗོད་པའོ།། )

༣ ལྷག་བཅས་ནི། དཔེར་ན།

གཏམ་རྒྱུད་བརྗོད་དེ་ཡར་ལ་ལངས།(མཚམས་སྦྱོར་ལྷག་བཅས།)

མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར།(དམ་བཅའ་ལྷག་བཅས)

འདི་ནི་བོད་དེ། འདི་ནི་རྒྱའོ།།(གཞན་འདྲེན་ལྷག་བཅས།)

(ཚིག་དོན་སྔ་མ་མ་རྫོགས་པར་སླར་ཡང་ཚིག་ལྷག་མ་ཡོད་པར་སྟོན་པ་ལ་ཟེར། )

༤ ཐུན་ཐོག་སྦྱོང་སེལ།

༡ དེ་སྒྲ་ལ་འཇུག་ཡུལ་དུ་ཡོད་གང་དག་ཡིན་པ་འབྲི་ཤེས་སམ།

༢ གཤམ་གྱི་དེ་སྒྲའི་དཔེ་བརྗོད་དག་གི་འཇུག་ཚུལ་ངོས་འཛིན་དགོས།

འདི་ནི་རྟ་མཆོག་སྟེ། ཅང་ཤེས་ཀྱང་དེ་ཡིན། མགྱོགས་འགྲོ་ཡང་དེ་ཡིན།( རྣམ་གྲངས་གཞན་བརྗོད་པ། )

སྐད་ཆ་བཤད་དེ་ས་ལ་བསྡད། ( ལྷག་བཅས། )

ཁོང་ནི་དགེ་རྒན་ཡིན་ནོ།། དེ་ལ་རིག་གནས་འཛོམས། དེ་ལ་ལྷག་བསམ་ལྡན་ནོ།། ( འདས་པའི་ཐ་སྙད། )

རང་ཉིད་ལ་ཤེས་བྱ་ཁྲིད་མཁན་གང་དང་གང་ཡིན་པ་དེ་དང་དེ་ནི་དགེ་རྒན་ནོ།། ( རྣམ་གྲངས་གཞན་བརྗོད་པ། )

ནང་དོན་ཁྲིད་དེ་གོ་བ་ལོན། ( ལྷག་བཅས། )

གསུམ་པ། ལས་བྱ་བཀོད་སྒྲིག

གཞུང་སྦྱང་། ༡ དེ་སྒྲའི་གོ་དོན་དང་རྩ་ཚིག་བློར་འཛིན་དགོས།

༢ ཐ་སྙད་དབང་དུ་བྱས་པ་གསུམ་ལ་དཔེ་བརྗོད་གཉིས་རེ་ཕྲིས།

ཁྱིམ་སྦྱོང་། དེ་སྒྲ་དངོས་པོ་དང་དུས་ཀྱི་དབང་དུ་བྱས་པའི་དཔེ་བརྗོད་ལ་བལྟས་ནས་

རང་གིས་འབྲི་ཤེས་མིན་ལྟོས།

བཞི་བ། སྒོ་སམ་ཇུས་འགོད།

ཁ་བྱང་། དེ་སྒྲའི་གོ་དོན་དང་འཇུག་ཡུལ།

བསྐྱར་སྦྱང་། དཔེ་བརྗོད།

ལྔ་བ། ཁྲིད་རྗེས་ཀྱི་མྱོང་ཚོར།