༄༅།།རྨ་ཆུ་རྫོང་སློབ་ཆུང་བོད་སྐད་ཡིག་བསླབ་ཚན་གསོ་སྦྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཁྲིད་ཡིག་བདམས་བསྒྲིགས།༦

玛曲县小学藏语文学科研修基地

བདུན་ཕྲག་བཅུ་གསུམ་པའི་བྱ་གཞག

སློབ་གྲྭ་སོ་སོ་ནས་དཔེ་ཁྲིད་རིགས་ལམ་ཡག་པའི་ཁྲིད་ཐོ་རེ་བདམས་ནས་ཞིབ་འཇུག་ལྟེ་གནས་ཀྱི་ཡིག་ཚགས་སུ་ཉར་རྒྱུ་དང་འཕྲིན་སྟེགས་འདིར་མུ་འགོད་བྱ་རྒྱུ་ཡིན།

སློབ་གྲྭ། སྨད་མ་གྲོང་རྡལ་རྒྱུན་སྡོད་སློབ་གྲྭ།

དགེ་རྒན། བསྟན་འཛིན་དོན་གྲུབ།

ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི།

འགན་བབས་སློབ་གསོའི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ།

ལོ་རིམ་བཞི་བའི་སྨད་ཆ།

༡༤ ལེགས་བཤད་ཚན་པ་གཉིས།

ཁྲིད་ཐབས། འཆད་ཁྲིད་ཐབས།

ཁྲིད་ཡུན། སློབ་ཐུན་གཉིས།

༼ སློབ་ཐུན་དང་པོ ༽

དང་པོ། སློབ་ཁྲིད་ཀྱི་དམིགས་ཚད།

༡ ཤེས་ཚད་དང་འཇོན་ཚད།

སྒྲ་དག་པར་བཀླག་ཐུབ་པ།

ཚེག་ཁྱིམ་དང་ཚིག་རྐང་། ཤོ་ལོ་ཀའི་གྲངས་ཀ

ལེགས་བཤད་དང་མཛད་པ་པོའི་སྐོར་གྱི་ཤེས་བྱ་ཕྲན་བུ།

གསལ་དག་མྱུར་གསུམ་གྱི་ཀློག་ལ་བྱང་དགོས་པ།

༢ ཐབས་དང་རིམ་པ།

ཐབས། ཞུམ་རྒོད་རྨུགས་གསུམ་སེལ་བའི་འཆད་ཐབས།

ཞུམ་ལ་བསྟོད་དང་སྐུལ། རྒོད་ལ་ཤེས་པའི་ཡོན་ཏན་དང་མ་ཤེས་པའི་སྐྱོན།

རྨུགས་པ་ལ་ངོ་མཚར་བསྐྱེད་པ་སྟེ། སྤྲོ་སྣང་སློབ་གསོའི་ནང་དོན་དང་ཆགས་འཇོག

རིམ་པ། ཤེས་བྱ་རིམ་འཇུག

སྔོན་ལ་ཁྲིད་དང་རྗེས་སུ་དྲི་བ།

༣ སྤང་བླང་གི་འཇུག་པ།

ཡ་རབས་སྤྱོད་པའི་རྗེས་སུ་འཇུག་པ། མ་རུང་བའི་སྤྱོད་པ་དང་རིང་དུ་གྱེས་པ།

༼ གང་ཞིག་ལ་སློབ་སྦྱོང་བྱ་རུང་བ་དང་གང་ཞིག་ལ་ལད་མོ་བྱ་མི་རུང་བ ༽

གཉིས་པ། སློབ་ཁྲིད་ཀྱི་དཀའ་གཙོ་གནད།

དཀའ་གནད། སྒྲ་དག་པར་མི་འཐོན་པའི་སློབ་གྲོགས་འགའ་ཞིག་ལ་ཕྲལ་ཀློག་གི་

བཀག་ཆེ་བས་སྔོན་རྗེས་མིང་གསུམ་གྱི་སྒྲ་ལ་ལད་ཟློས་དང་བསྐྱར་ཟློས། མང་ཟློས་ཀྱིས་ཀློག་པ།

གཙོ་གནད། ཚིགས་སུ་བཅད་པའི་རྩོམ་གྱི་ཚེག་ཁྱིམ་དང་ཚིག་རྐང་། ཤོ་ལོ་ཀའི་ཁ་

གྲངས་ངེས་ཤིང་སྦྱོར་ཀློག་ལ་དབྱངས་འགྲོས་ལྡན་ཞིང་ངག་ལ་བྱང་བ།

གསུམ་པ། སློབ་ཁྲིད་ཀྱི་བརྒྱུད་རིམ།

སློབ་ཚན་ཀློག་འདོན། ཁྲིད་ཟིན་པ་གསོ་སྦྱོང་། འཆར་སྣང་འདྲེན་པ། སློབ་ཁྲིད་

དངོས། ཤེས་བྱ་གཏན་འཇགས།

༡ སློབ་ཁྲིད་ཀྱི་སྦྱོར་བ། ༼རྩ་འཛུགས༽

སློབ་ཁྲིད་སྔོན་གྱི་སྐར་ལྔ་དང་སློབ་ཁྲིད་ཀྱི་སྐར་ལྔའི་རིང་ལ་ལེགས་བཤད་ཤོ་ལོ་ཀ་གཉི་ག་སྐད་གསེང་མཐོན་པོས་མཉམ་ཀློག་བྱ་བ།

༢ ཁྲིད་ཟིན་པ་གསོ་སྦྱོང་།

ཝ་སྐྱེས་རྒྱལ་པོར་བསྐོས་པ་ཞེས་པའི་སློབ་ཚན་དུ་ཝ་སྐྱེས་ཀྱི་རང་གཤིས་ནི་ཅི་འདྲ་ཞིག་ཡིན།

མཐར་ཝ་སྐྱེས་ལ་འབྲས་བུ་ཅི་ལྟ་བུ་ཞིག་སྨིན་སོང་།

༣ འཆར་སྣང་འདྲེན་པ།

ཁྱོད་ཀྱིས་བསླབས་ཟིན་པའི་ལེགས་བཤད་ཤོ་ལོ་ཀ་ཞིག་དྲན་ནམ།

ཁྱོད་ཀྱིས་ཚིགས་སུ་བཅད་པའི་རྩོམ་དང་སྙན་ངག་གང་རུང་ཞིག་བློ་ན་འདུག་གམ། ༼ དཔེར་ན་ཁ་བཏོན་དང་ལྗགས་རྩོམ་ཅི་རིགས ༽

བཞི་བ། སློབ་ཁྲིད་དངོས།

༡ སློབ་ཚན་གྱི་ཀློག

སློབ་ཚན་ཧྲིལ་བོ་འབྲུ་གསལ་ཞིང་སྒྲ་དག་པའི་ངང་ནས་ཐེངས་གཅིག་ལ་སྦྱོར་ཀློག་

གིས་འཁྲིད་པ། དེའི་ཁྲོད་ཀྱི་སྒྲ་གདངས་ལྕི་བའི་ཡི་གེ་འགའ་ཞིག་ཕྲལ་ཀློག་གིས་འཁྲིད་པ་སྟེ། དཔེར་ན། རྡོ། འཁང་། སྤྱོད། ལྟོས། རྟོག་དཔྱོད། དགྲ། རྩོད་པ། བླུན་རྟགས། ལྟ་བུ་ལད་ཟློས་དང་བསྐྱར་ཟློས། མང་ཟློས་ཀྱིས་རིམ་འཇུག་གི་ཚུལ་དུ་འཁྲིད་པ་དང་

བཀླག་པ། སློབ་གྲོགས་རེ་འགར་ཟུར་ནས་ཤོ་ལོ་ཀ་གཅིག་རེ་ཀློག་འདོན་དང་། སློབ་མ་སྤྱི་ལ་སྒྲ་དག་ཅིང་འབྲུ་གསལ་བ། དབྱངས་འགྲོས་ལྡན་པའི་སྒོ་ནས་མཉམ་ཀློག་བྱ་རུ་འཇུག་པ། ཞོར་ལ་ལག་མང་དུ་འགུལ་བ། ༼ ཟིན་བྲིས ༽

བླུན་པོ/ལན་གཅིག/ཕམ་པ/ན། །

གཉེན་ལ/འཁང་ཞིང/དགྲ་བློ/ཞི། །

ཁྱི་ངན/ལ་ནི/རྡོ་ཕོག/ན། །

འཁང་ནས/ཉལ་བའི/སྤྱོད་ཚུལ/ལྟོས། །

བླུན་པོས/རྟོག་དཔྱོད/མི་གཏོང/བར། །

དགྲ་ལ/རྩོད་པ/བླུན་རྟགས/ཏེ། །

མར་མེའི/འོད་ལ/འཐབ་པ/ཡི། །

ཕྱེ་མ/ལེབ་ཀྱི/ངང་ཚུལ/ལྟོས། །

༢ དབྱེ་ཞིབ།

ལེགས་བཤད་འདིར་ཤོ་ལོ་ཀ་དུ་ཡོད། གཉིས་ཡོད།

ཤོ་ལོ་ཀ་གཅིག་ལ་ཚིག་རྐང་དུ་ཡོད། བཞི་ཡོད།

ཚིག་རྐང་རེར་ཚེག་ཁྱིམ་ག་ཚོད་ཡོད། བདུན་ཡོད།

དཔེ་དང་དཔེ་ཅན་ངོས་འཛིན།

ཚིག་རྐང་གོང་མ་གཉིས་ནི་དཔེ་ཅན་དང་འོག་མ་གཉིས་ནི་དཔེ།

ཆ་ཡ་སྡེབ་སྟངས་ཅི་འདྲ་ཡིན། ཆ་གསུམ་གྱི་རྗེས་སུ་ཡ་གཅིག

༣ ཤེས་བྱ་ཕྲན་བུ།

དགེ་ལྡན་ལེགས་བཤད་ཀྱི་མཚན་བྱང་ཧྲིལ་བོར《མཁས་པ་དང་བླུན་པོ་བརྟག་པའི་བསྟན་བཅོས་དགེ་ལྡན་ལེགས་བཤད་པདྨ་དཀར་པོའི་ཆུན་པོ》ཟེར།

མཛད་པ་པོ། པཎ་ཆེན་བསོད་ནམས་གྲགས་པ། སྤྱི་ལོ༡༤༧༨ལོར་ལྷོ་ཁ་རྩེད་ཐང་དུ་སྐུ་འཁྲུངས། ༡༥༥༤ལོར་འབྲས་སྤུངས་སུ་སྐུ་གཤེགས། གསུང་རྩོམ་ལ་དེབ་ཐེར་དམར་པོ་གསར་མ་སོགས་ཡོད། དགའ་ལྡན་ཁྲི་རབས་བཅོ་ལྔ་པ། དགའ་ལྡན་ཁྲི་རབས་དང་པོ་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་རིང་ནས་བྱུང་ཞིང་། དགའ་ལྡན་དང་དགེ་ལྡན་ནི་མིང་གི་འབོད་སྟངས་གཅིག་ཡིན།

བོད་ཀྱི་ལེགས་བཤད་ཐོག་མ་ནི་ས་སྐྱ་ལེགས་བཤད།

ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད།

ལྔ་བ། ཤེས་བྱ་གཏན་འཇགས།

སློབ་གྲོགས་སུ་ཞིག་གིས་སློབ་ཚན་ཀློག་འདོན་བྱ་འདོད།

བཀླག་མི་ཤེས་པའི་མིང་ཚིག་ཡི་གེ་གང་ཞིག་འདུག

ཀློག་གི་བཀག་ཆེ་བའི་སློབ་གྲོགས་འགར། རྟོག་དཔྱོད་དང་བླུན་རྟགས། དགྲ། བློ་

བཅས་ཕྲལ་ཀློག་གིས་ལད་ཟློས་དང་སྦྱོར་ཀློག་གིས་མང་ཟློས།

དྲུག་པ། སློབ་ཁྲིད་རྗེས་ཀྱི་ལས་བྱ།

༡ ཤོ་ལོ་ཀ་དང་པོ་བློར་ཟིན་དགོས།

༢ རང་གི་འདོད་པ་ལྟར་ཚིགས་བཤད་ཤོ་ལོ་ཀ་གཅིག་སྦྱང་དེབ་ཏུ་ཕྲིས།

རེ་བ། གཟུགས་མཛེས་པ་སྟེ། ཡིག་མགོ་མཉམ་པ། ཆེ་ཆུང་མཚུངས་པ། དབྱངས་

གསལ་གྱི་དབྱེ་བ་གསལ་བ། ཁ་བྱང་ལ་ཆིག་ཤད་དང་ཚིག་རྐང་གཅིག་གི་རྗེས་སུ་ཉིས་ཤད། ཉིས་ཤད་ལ་བར་ཐག་གང་འཚམ་ཡོད་དགོས། འབྲི་དེབ་ཀྱི་གཞུང་དུ་དབབ་ཐུབ་དགོས།

བདུན་པ། ཁྲིད་རྗེས་ཀྱི་མྱོང་ཚོར།
༥
སློབ་གྲྭ། རྨ་ཆུ་རྫོང་དངུལ་རྭ་གྲོང་རྡལ་བཅའ་སྡོད་སློབ་གྲྭ།

དགེ་རྒན། ཀུན་བཟང་སྒྲོན།

༄༅།།རྨ་ཆུ་རྫོང་དངུལ་རྭ་གྲོང་རྡལ་བཅའ་སྡོད་སློབ་གྲྭའི་

བོད་སྐད་ཡིག་གི་ཁྲིད་གཞི།

བདུན་ཕྲག་བཞི་བ། གཟའ་ཟླ་བ། ཐུན་དང་པོ། དུས་ཚོད། ༢༠༢༡ལོའི་ཟླ༣པའི་

ཚེས་༢༢ཉིན།

འཁྲིད་ཡུལ། ལོ་རིམ་དང་པོ།

འཁྲིད་བྱ། སློབ་ཚན།༡ སློབ་ཁྲིད་ལ་ཉན་པ།

འཁྲིད་མཁན། ཀུན་བཟང་སྒྲོན།

ཁྲིད་ཐབས། འཆད་ཁྲིད་ཐབས། སློབ་ཁྲིད་ཀྱི་རྣམ་པ། གསར་བ།

དང་པོ། སློབ་ཁྲིད་ཀྱི་དམིགས་ཚད།

①ཤེས་བྱ་དང་ནུས་རྩལ།

༡. རི་མོ་དང་ཟུང་འབྲེལ་བྱས་ཏེ་སློབ་ཚན་གྱི་ནང་དོན་རྟོགས་པ།

༢. སློབ་ཚན་གྱི་ནང་དོན་བཤད་ཐུབ་པ་དང་སློབ་ཚན་ཡོངས་ཀློག་ཐུབ་པ་བྱེད་

དགོས།

༣. སློབ་ཚན་ནང་གི་མིང་ཚིག་འབྲི་ཤེས་པ་དང་དོན་རྟོགས་ཐུབ་པ།

༤.སློབ་མར་སློབ་གསོའི་ནུས་པ་ཐོན་ཐུབ་པའི་རེ་འདུན་འདོན་པ།

②ཐབས་དང་བརྒྱུད་རིམ།

རི་མོ་དང་འབྲེལ་ནས་སློབ་ཚན་གྱི་ནང་དོན་བཤད་པ།

③ རིན་ཐང་གི་ལྟ་བ།

རི་མོར་ཞིབ་ལྟ་བྱེད་དུ་བཅུག་རྗེས་རིགས་བསྒྲེས་ཀྱིས་བཤད་དུ་འཇུག་པ། སློབ་ཁྲིད་ལ་ཉན་པ་དང་། སློབ་ཚན་ཀློག་པ། ཡི་གེ་འབྲི་སྐབས་སློབ་ཚན་དུ་བཏོན་པའི་རེ་བ་ལྟར་རིག་པ་བསྒྲིམས་ནས་ཉན་པ་དང་སྐད་གསང་མཐོན་པོས་ཀློག་ཐུབ་པ།

གཉིས་པ། སློབ་ཁྲིད་ཀྱི་གཙོ་གནད།

གཙོ་གནད་ནི་སློབ་མ་ཚོས་མིང་ཚིག་བརྗོད་པ་གསུམ་གྱི་འགྲོ་ལུགས་ལ་ཐོག་མའི་ངོས་འཛིན་ཐུབ་པ་ཡོང་རྒྱུ་དེ་ཡིན།

གསུམ་པ། དཀའ་གནད།

དཀའ་གནད་ནི་སྒྲ་དག་ཅིང་གཅོད་མཚམས་གསལ་བའི་སྒོ་ནས་ཀློག་ཐུབ་རྒྱུ།

༼ དཀའ་གནད་དཀྲོལ་ཐབས༽ སྔོན་ལ་རང་ཉིད་ཀྱིས་ཁྲིད་ཀློག་བྱེད་པ་དང་དེ་རྗེས་

སློབ་མ་ཀློག་བཟང་བ་འགར་ཀློག་བསླབ་ཏུ་བཅུག་ན་ཅུང་ཤེས་སླ།

བཞི་བ། སློབ་ཁྲིད་ཀྱི་བརྒྱུད་རིམ།

༡ སློབ་ཁྲིད་རྩ་འཛུགས།

སློབ་མ་ཚང་མིན་དང་སློབ་ཆས་གྲ་སྒྲིག་བྱས་ཡོད་མེད་ལ་བལྟ་བ།

༢ སློབ་ཁྲིད་སློབ་གསོ།

ཀློག་གི་ནུས་པ།

སྐད་གསེང་མཐོན་པོས་ཀློག་འདོན་བྱས་ན་སློབ་མའི་གཏམ་བཤད་རྩོད་གླེང་གི་ནུས་པ་མཐོར་འདེགས་གཏོང་ཐུབ། འདི་ནི་མ་འོངས་པར་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ལས་དོན་ལ་དོ་སྣང་དུ་ཞུགས་པའི་བྱང་ཚད་ཅིག་ཡིན།

ཉན་གྱི་ནུས་པ། སློབ་ཁྲིད་ལ་ཉན་པ་ནི་ཤེས་བྱ་ཐོབ་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་།་སློབ་མར་ཐོབ་པའི་ཤེས་བྱ་སྣ་ཚོགས་ནི་སློབ་ཁྲིད་ཀྱི་རྣམ་པ་འདི་བརྒྱུད་

ནས་ཐོབ་པ་ཉག་ཅིག་ཡིན།

༣ ཁྲིད་ཟིན་བསྐྱར་སྦྱོང་།

ཁ་སྐད་འབྲེལ་འདྲིས།

ཁྱོད་ཀྱི་མིང་ལ་ཅི་ཟེར། ངའི་མིང་ལ་་་་་་་་་་་་་་་་་་་་་་་་་་་་་།

ཁྱོད་ཀྱི་ཕ་ཡུལ་གང་གི་ཡིན། ངའི་ཕ་ཡུལ་་་་་་་་་་་་་་་་་་་་་་་།

ཁྱོད་ད་ལོ་ལོ་ག་ཚོད་ཡིན། ང་ད་ལོ་ལོ་་་་་་་་་་་་་་་་་་་་་་་་།

ལྔ་བ། སློབ་ཁྲིད་དངོས།

①ཐ་སྙད་སྦྱོར་ཀློག

ཉན།_རྣ་བ་གཏད་པ།

ཞི་ལས་གླུ་ལ་ཉན།

བསྒྲིམས _ནན་ཏན་བྱེད་པ།

སྒྲོལ་མས་རིག་པ་བསྒྲིམས་ནས་ཡི་གེ་འབྲི།

ཀློག_འདོན་པ།

ལྷ་མོས་ཡི་གེ་ཀློག

② སློབ་ཚན་གསར་དུ་འདྲེན་རྒྱུ།

ཁ་བྱང་འགྲེལ་བཤད་བྱས་ནས་རི་མོར་ཞིབ་ལྟ་བྱེད་དུ་བཅུག

③ཀློག་སྟངས་སྦྱོང་བ།

སྔོན་ལ་དགེ་རྒན་གྱིས་སྒྲ་དག་ཅིང་གཅོད་མཚམས་འགྲིག་པའི་སྒོ་ནས་སྦྱོར་ཀློག་དང་སྡུད་ཀློག་བྱེད་སྟངས་ཁྲིད་པ་དང་དེ་རྗེས་སློབ་མ་ཀློག་བཟང་བ་འགར་ཀློག་བསླབ་ཏུ་འཇུག་པ།

མིང་ནས་ཚིག་དང་ཚིག་ནས་བརྗོད་པའི་གྲུབ་ཚུལ་བཤད་ཁྲིད་བྱེད་པ།

སློབ་ཁྲིད།

སློབ་གྲོགས་ཚང་མས་སློབ་ཁྲིད་ལ་ཉན།

སློབ་གྲོགས་ཚང་མས་རིག་པ་བསྒྲིམས་ནས་སློབ་ཁྲིད་ལ་ཉན།

༼ འཁྲིད་བྱ་དང་འབྲེལ་བའི་དཔེར་བརྗོད། ༽

གླུ།

བཀྲ་ཤིས་ཀྱིས་གླུ་ལ་ཉན།

བཀྲ་ཤིས་ཀྱིས་ནན་ཏན་བྱས་ནས་གླུ་ལ་ཉན།

སློབ་ཚན་ཀློག

སྐད་གསང་མཐོན་པོས་སློབ་ཚན་ཀློག

སྐད་གསང་མཐོན་པོས་བོད་ཡིག་སློབ་ཚན་ཀློག

༼ འཁྲིད་བྱ་དང་འབྲེལ་བའི་དཔེར་བརྗོད། ༽

ཟ་མ་ཟོས།

ཟ་མ་གཙང་མ་བྱས་ནས་ཟོས།

སློབ་གྲོགས་ཚང་མས་ཟ་ཁང་ནང་དུ་ཟ་མ་གཙང་མ་བྱས་ནས་ཟོས།

དྲུག་པ། སློབ་ཁྲིད་སྲ་བརྟན།

①ཕྱོགས་བསྡུས་རི་མོ་དང་ཟུང་འབྲེལ་བྱས་ཏེ་ཐ་སྙད་དག་ངོས་འཛིན་ཐུབ་མིན་

ལྟ་བ།

སློབ་ཁྲིད། སློབ་གྲོགས། སློབ་ཚན། གཟབ་ནན།

②ཡང་ནས་ཡང་དུ་ཀློག་པ་དང་འབྲི་བ།

ཉན། བསྒྲིམས།

ཀློག

བདུན་པ། སློབ་ཁྲིད་ཕྱོགས་བསྡོམས།

①ཁ་སྐད་འབྲེལ་འདྲིས་ཀྱི་ལག་ལེན་དུ་རང་འགུལ་གྱིས་ཚིག་དང་། ཚིག་ནས་བརྗོད་པ། བརྗོད་པ་ཇེ་རིང་དུ་བཏང་ནས་དེ་ལས་རིང་བའི་བརྗོད་པ་གྲུབ་པའི་ཆོས་ཉིད་རགས་ཙམ་རྟོགས་ཐུབ་དགོས་པ་བཤད།

②སློབ་ཆུང་སློབ་མ་ཞིག་ལ་མཚོན་ན་ཉན་པ་དང་། ཀློག་པ། འབྲི་བ། བཤད་པ་བཅས་ཀྱི་ནུས་པ་གསོ་སྐྱོང་བྱ་རྒྱུ་ནི་སྐད་ཡིག་སློབ་ཁྲིད་ཀྱི་འོས་འགན་ཡིན།

བརྒྱད་པ། ལས་བྱ་བཀོད་སྒྲིག

①སློབ་ཁང་ལས་བྱ། ༼ ཀློག ཉན།༽ ཐ་སྙད་འདི་གཉིས་བཀོལ་ནས་བརྗོད་པ་ཇེ་རིང་དུ་གཏོང་དགོས།

②ཁྱིམ་སྦྱོང་ལས་བྱ། སློབ་ཚན་ཐེངས་གསུམ་ལ་སྦྱོར་ཀློག་བྱོས།

དགུ་བ། སྒོ་སམ་ཇུས་འགོད།

སྒོ་སམ་གཡས་ཕྱོགས་སུ་སློབ་ཁྲིད། སློབ་གྲོགས་ཚང་མས་སློབ་ཁྲིད་ལ་ཉན། སློབ་གྲོགས་ཚང་མས་རིག་པ་བསྒྲིམས་ནས་སློབ་ཁྲིད་ལ་ཉན།

སློབ་ཚན་ཀློག སྐད་གསང་མཐོན་པོས་སློབ་ཚན་ཀློག སྐད་གསང་མཐོན་པོས་བོད་ཡིག་སློབ་ཚན་ཀློག་སོགས་འབྲི་བ་དང་སྒོ་སམ་གཡོན་ཕྱོགས་སུ་འབྲེལ་ཡོད་ཤེས་བྱ་

འབྲི་བ།

བཅུ་བ། ཁྲིད་རྗེས་ཀྱི་མྱོང་ཚོར།