༄༅།།ལོ་ཕྱུག་རྒྱུན་སྡོད་ལམ་ལུགས་སློབ་ཆུང་གི་སྐབས་དང་པོའི་བོད་ཀྱི་ཟློས་གར་འཁྲབ་སྟོན་གྱི་བྱ་འགུལ།

洛小 教导处

སེར་ཤུལ་རྫོང་རིག་སློབ་ཅུས་ཀྱིས་བཀོད་བསྒྲིགས་ལྟར། གཟིགས་རྒྱང་རིང་བའི་སློབ་གཙོ་ཐང་མིང་ལགས་དང་བོད་ཡིག་ཚན་ཁག་གི་ལྷག་བསམ་ཅན་གྱི་འགན་འཛིན་རྒན་སྙིང་བྱམས་ཚེ་རིང་ལགས་གཉིས་ཀྱི་བྱམས་བརྩེའི་དྲོད་ཁོལ་འོག་ཏུ་གཟའ་འཁོར་འདིའི་གཟའ་ཟླ་བ་ནས་གཟའ་པ་སངས་ཀྱི་བར་ཏེ། ཉིན་ལྔའི་རིང་གི་ཕྱི་དྲོའི་སློབ་ཐུན་རྗེས་མའི་དུས་ཚོད་བེད་སྤྱོད་བཏང་ནས་ངེད་བོད་ཡིག་ཚན་ཁག་གིས་༼མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། ཏང་བཙུགས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ།༽ཞེས་པའི་སྐབས་དང་པོའི་སློབ་གྲྭའི་བོད་ཀྱི་ཟློས་གར་འཁྲབ་སྟོན་གྱི་བྱ་འགུལ་དེ་དངོས་སུ་སྤེལ།

འཁྲབ་སྟོན་རྒྱ་མཚོའི་ཆུ་ཐིགས།

སྤྱིར་ཟློས་གར་ནི་རིག་གནས་ཀྱི་རྒྱུ་སྐར་མང་པོའི་ཁྲོད་ནས་འོད་དུ་འཚེར་བའི་ཟླ་བ་ཁེར་འགྲོ་དང་མཚུངས་ལ། ང་ཚོ་ལ་གནའ་བོའི་ཟློས་གར་གྱི་བསྟན་བཅོས་བརྒྱད་སོགས་རྒྱ་ཆེ་ཞིང་གཏིང་ཟབ་པ་ཆུ་གཏེར་ཇི་བཞིན་གྱི་བསྟན་བཅོས་མང་པོ་ཡོད་པ་ལས་ད་ཐེངས་སློབ་མ་རྣམས་ཀྱི་སློབ་ཕྱིའི་བྱ་འགུལ་ཕུན་སུམ་ཇེ་ཚོགས་དང་བསླབ་དེབ་ལ་རྒྱུས་མངའ་ཇེ་ཆེར་གཏང་ཕྱིར་ཀུ་ཤའི་རྩེ་མོའི་སྟེང་གི་ཆུ་ཐིགས་ཙམ་ཞིག་འཛིན་གྲྭ་སོ་སོས་གྲ་སྒྲིག་བྱས་སོ།།

སེར་ཤུལ་རྫོང་མི་རིགས་ཞག་སྡོད་སློབ་འབྲིང་ནས་གདན་འདྲེན་ཞུས་པའི་དཔྱད་འདེམས་དགེ་རྒན་རྣམས།

ཉིན་དང་པོར། ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོས་འབྲས་དཀར་བསམ་པའི་དོན་འགྲུབ་དང་ལོ་རིམ་དྲུག་པའི་འཛིན་གྲྭ་གཉིས་པས་མོ་སྟོན་ཕག་མགོ ལོ་རིམ་དྲུག་པའི་འཛིན་གྲྭ་གསུམ་པས་སྤུ་མདོག་མཛེས་པའི་བྱ་ཕོ། ལོ་རིམ་དྲུག་པའི་འཛིན་གྲྭ་བཞི་པས་ཨ་མའི་གདམ་ག་བཅས་འཛིན་གྲྭ་སོ་སོས་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་པར་འཁྲབ་སྟོན་བྱས།

ལོ་རིམ་དྲུག་པའི་འཁྲབ་སྟོན་གྱི་རྣམ་པ།

ཉིན་གཉིས་པའི་ཕྱི་དྲོར། ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོས་མི་ལ་ཟགས་སུ་འཁྲུལ་བ་ཞེས་པ་དང་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པས་རུས་སྦལ་མཁའ་ལས་ལྷུང་བ། ལོ་རིམ་ལྔ་པའི་འཛིན་གྲྭ་གསུམ་པས་བྱིས་པ་གཞུང་དྲང་ཞིག ལོ་རིམ་ལྔ་པའི་འཛིན་གྲྭ་བཞི་པས་སློབ་དཔོན་ཐོན་མི། ལོ་རིམ་ལྔ་པའི་འཛིན་གྲྭ་ལྔ་པས་ཕྱུག་པོས་རྐུ་བྱས་པ་ཞེས་པ་བཅས་འཛིན་གྲྭ་སོ་སོས་འཁྲབ་སྟོན་ཕུན་སུམ་ཚོགས་པར་བྱས།

ལོ་རིམ་ལྔ་པའི་འཁྲབ་སྟོན་གྱི་རྣམ་པ།

ཉིན་གསུམ་པ་ལ། ལོ་རིམ་བཞི་པའི་འཛིན་གྲྭ་དང་པོས་མཐུན་པ་སྤུན་བཞི་ཞེས་པ་དང་ལོ་རིམ་བཞི་པའི་འཛིན་གྲྭ་གཉིས་པས་ཕ་དང་བུ། ལོ་རིམ་བཞི་པའི་འཛིན་གྲྭ་གསུམ་པས་རུས་སྦལ་མཁའ་ལས་ལྷུང་བ། ལོ་རིམ་བཞི་པའི་འཛིན་གྲྭ་བཞི་པས་ཝ་སྐྱེས་རྒྱལ་པོར་བསྐོས་པ་ཞེས་པ་བཅས་འཛིན་གྲྭ་སོ་སོའི་འཁྲབ་ཚུལ་གྱི་རྣམ་གྲངས་མི་གཅིག་ལ་མི་སྣའི་སྣང་བརྙན་གསལ་པོར་བཞེངས་བསྐྲུན་བྱས་ཡོད།

ལོ་རིམ་བཞི་པའི་འཁྲབ་སྟོན་གྱི་རྣམ་པ།

གཟའ་ཕུར་བའི་ཕྱི་དྲོ་ལ་ལོ་རིམ་གསུམ་པའི་བྱ་འགུལ་ནི། འཛིན་གྲྭ་དང་པོས་བྱ་ཡིས་ལག་རྩལ་སྦྱངས་པ་ཞེས་པ་དང་འཛིན་གྲྭ་གཉིས་པས་ཕག་ཤ་བཙོང་བ། འཛིན་གྲྭ་གསུམ་པས་རི་བོང་ཅལ་འགྲོགས། འཛིན་གྲྭ་བཞི་པས་འདན་མའི་ནས་རྫོང་ཞེས་པ་བཅས་འཛིན་གྲྭ་སོ་སོས་འཁྲབ་སྟོན་གསོན་ཉམས་ལྡན་པ་བྱས།

ལོ་རིམ་གསུམ་པའི་འཁྲམ་སྟོན་གྱི་རྣམ་པ།

གཟའ་པ་སངས་ཀྱི་ཕྱི་དྲོ་ལ། ལོ་རིམ་གཉིས་པའི་འཛིན་གྲྭ་དང་པོས་ར་རྒན་དང་རྔ་མོང་ཞེས་པ་དང་ལོ་རིམ་གཉིས་པའི་འཛིན་གྲྭ་གཉིས་པས་གཟིག་ལྤགས་བཀབ་པའི་བོང་བུ། ལོ་རིམ་གཉིས་པའི་འཛིན་གྲྭ་གསུམ་པས་ཡོས་བུ་དཀར་པོ་དང་ཡོས་བུ་ནག་པོ། ལོ་རིམ་གཉིས་པའི་འཛིན་གྲྭ་བཞི་པས་རི་བོང་དང་སེང་གེ་ཞེས་པ་བཅས་འཁྲབ་སྟོན་བྱས། དེའི་གཞུག་ཏུ་ལོ་རིམ་དང་པོའི་འཛིན་གྲྭ་དང་པོས་ནར་སོན་རྗེས་ཞེས་པ་དང་ལོ་རིམ་དང་པོའི་འཛིན་གྲྭ་གཉིས་པས་ཁྲོན་པའི་སྦལ་བ། ལོ་རིམ་དང་པོའི་འཛིན་གྲྭ་གསུམ་པས་སྟག་འཇིགས་ཝས་ཁྱེར། ལོ་རིམ་དང་པོའི་འཛིན་གྲྭ་བཞི་པས་བོང་ཤ་བཙོང་བ། ལོ་རིམ་དང་པོའི་འཛིན་གྲྭ་ལྔ་བས་རང་ནུས་སྦྱོང་བ་ཞེས་པ་བཅས་འཁྲམ་སྟོན་བྱས།

ལོ་རིམ་དང་པོ་དང་གཉིས་པའི་འཁྲབ་སྟོན་གྱི་རྣམ་པ།

ཉིན་ལྔ་པའི་ཕྱི་དྲོར་ལོ་རིམ་དང་པོ་དང་གཉིས་པ་སྟེ་ལོ་རིམ་གཉིས་ཀྱིས་བྱ་འགུལ་སྤེལ་རྗེས། སེར་ཤུལ་རྫོང་ལོ་ཕྱུག་ཕྱོགས་ཁུལ་རྒྱུན་སྡོད་ལམ་ལུགས་སློབ་གྲྭའི་བོད་ཀྱི་ཟློས་གར་འཁྲབ་སྟོན་གྱི་བྱ་འགུལ་དེ་བོད་ཡིག་དགེ་རྒན་ཡོངས་ཀྱིས་རྒྱབ་སྐྱོར་དང་འབད་བརྩོན་ལ་བརྟེན་ནས་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་རྫོགས་པ་ཡིན་ལ། བྱ་འགུལ་འདིས་དགེ་རྒན་རྣམ་པ་ལ་སྔར་ལས་ལྷག་པའི་ཉམས་མྱོང་ཐོབ་པ་་དང་སློབ་མ་ཀུན་ལ་མཐའ་ཡས་པའི་སྤྲོ་སྣང་དང་ཚོར་བས་ཁེངས་ཡོད་པར་གདོན་མི་ཟའོ།། །།