虫草假期致家长的一封信
༼ཁྱིམ་བདག་ལ་ཕུལ་བའི་འཕྲིན་ཡིག༽

གུས་པ་འོས་པའི་ཁྱིམ་བདག་རྣམ་པ།

ཁྱེད་རྣམ་པ་སྐུ་ཁམས་བཟང་། དུས་ཚོད་སྐད་ཅིག་ཉིད་དུ་རང་རེའི་སློབ་གྲྭའི་སློབ་སྐབས་དང་པོ་མཇུག་རྫོགས་ཟིན་ལ།

རང་རེ་སློབ་གྲྭ་ལ་གོང་རིམ་ཏང་ཨུ་དང་སྲིད་གཞུང་། སློབ་གསོ་སྡེ་ཁག་བཅས་ཀྱིས་ཡང་དག་པའི་ དབུ་ཁྲིད་སློབ་སྟོན་དང་བྱམས་བརྩེའི་ཐུགས་ཁུར་འོག དེ་བཞིན་སྤྱི་ཚོགས་ནང་གི་འབྲེལ་ཡོད་མི་སྣ་དང་ཁྱིམ་བདག་རྣམས་ཀྱིས་རོགས་འདེགས་ཆེན་པོ་ལ་བརྟེན་ནས། ནང་ཆེན་རྫོང་བྲང་སྟག་བཅའ་ སྡོད་སློབ་གྲྭའི་དབུ་ཁྲིད་རྣམ་པ་དང་དགེ་ལས་རྣམ་པ། གཙོ་བོ་སློབ་ཕྲུག་རྣམས་ཀྱི་ཤེས་རབ་དང་འབད་ བརྩོན་ལ་བརྟེན་ནས་རང་རེའི་ད་ཐེངས་སློབ་སྐབས་ཀྱི་བྱ་བ་མཐའ་དག་རྒྱལ་ཁའི་ངང་ལེགས་འགྲུབ་ བྱུང་ཟིན་པ་དང། རང་རེ་སློབ་གྲྭའི་དབུ་ཁྲིད་རྣམ་པ་དང་དགེ་ལས་བ་རྣམ་པ། དེ་བཞིན་སློབ་ཕྲུག་ རྣམས་ཀྱིས་ཁྱེད་རྣམས་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ལ་སློབ་སྐབས་གསར་པའི་ ནང་དུ་ཁྱེད་རྣམས་པས་སྔར་ལྷག་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཞུ། ཁྱིམ་བདག་ཚོས་ཞིབ་ ཚགས་པའི་སྒོ་ནས་འཕྲིན་ཡིག་འདི་ཐེངས་མང་ཀློག་པར་ཞུ།། དབྱར་གནང་སྐབས་སུ་སློབ་ཕྲུག་རེ་ རེའི་བདེ་འཇགས་དང་འཚར་ལོངས་ལེགས་པོ་ཡོང་ཆེད་དུ་སློབ་གྲྭས་བཏོན་པའི་གཤམ་གྱི་རེ་འདུན་དག་ལ་ཁྱིམ་བདག་རྣམས་པས་དོ་སྣང་ལེགས་པོ་གནང་བར་ཞུ་བྱ་ནི།

尊敬的家长:

2021年春季学期即将结束,我校在上级党委政府和教育行政部门的正确领导及亲切关心下,在社会各界和家长朋友们的大力支持和配合下,本学期的学习任务即将圆满地完成了。囊谦县香达镇邦达寄宿制学校全体职工,向各位领导家长表示衷心的感谢!也请你们花上几分钟的时间,仔细阅读这封信,为了让您的孩子度过一个安全、愉快、充实而有意义的假期,学校特提出以下几方面的建议,希望家长予以密切配合。

གཅིག དབྱར་གནང་སྐབས་ཀྱི་དུས་ཚོད་བཀོད་སྒྲིག

༡༽ དབྱར་གནང་དུས་ཚོད། ༢༠༡༢ལོའ་ིཟླ་བ་༥པའི་ཚེས་༢༠ནས་༢༠༢༡ལོའ་ིཟླ་བ་༦པའི་ཚེས་ ༢༠བར།

༢༽ དབྱར་གནང་རྫོགས་ནས་སློབ་འགོ་བཟུང་པའི་དུས་ཚོད། ༢༠༢༡ལོའ་ིཟླ་བ་༦པའི་ཚེས་༢༠ཉིན་

一、假期安排

放假时间:2021年5月20日

返校时间:2021年6月20日早8:00分

གཉིས། བདེ་འཇགས་སློབ་གསོ།

༼གཅིག༽ དབྱར་དུས་ཆར་ཆུའི་བདེ་འཇགས། ཚ་བ་ཆེ་བའི་དབྱར་དུས་སུ་སློབ་ཕྲུག་རྣམས་ཀྱི་ཆུ་རྩེད་རྩེ་བ་སོགས་ཀྱིས་གནས་ཚུལ་མི་ལེགས་པ་འབྱུང་བར་སྔོན་འགོག་ཆེད་དུ་སློབ་གྲྭས་བཏོན་པའི་ཉེན་སྐྱོབ་སློབ་གསོའ་ིརྨང་གཞི་ལ་དོ་ཁུར་དང་། ལག་བསྟར་ལེགས་པོ་བྱེད་ནས། ཕྲུག་གུ་ལ་ལྟ་སྲུང་དོ་དམ་དང་སློབ་གསོ་ལེགས་པོ་གཏོང་སྟེ་ཚེ་སྲོག་ སྲུང་སྐྱོབ་ཆེད་དུ་ཆུ་རྩེད་སྐབས་སུ་བྱེད་མི་རུང་བ་བཞི་ནི་གཤམ་གསལ་ལྟར། ༡༽རང་འདོད་ཀྱིས་ཆུ་འཁྱིལ་དང་མཚེའུ། ཆུ་མཛོད། གཙང་ཆུ་བཅས་ལ་ཆུ་རྩེད་རྩེ་མི་རུང་། ༢༽སློབ་གྲོགས་མང་པོ་ལྷན་འཛོམ་གྱིས་ཆུ་རྩེད་རྩེ་མི་རུང་། ༣༽ཁྱིམ་བདག་དང་དགེ་རྒན་གྱིས་སྣེ་ཁྲིད་མཉམ་འགྲོགས་མེད་པའི་ཐོག་ནས་ཆུ་རྩེད་རྩེ་མི་རུང་། ༤༽ བདེ་འཇགས་མེད་པའི་མཁོ་ཆས་དང་། སྲོག་སྐྱོབ་མི་སྣ་མེད་པའི་ས་ཁུལ་ནས་ཆུ་རྩེད་རྩེ་མི་ རུང་།

二、安全教育

(一)防溺水安全

在炎炎夏日,常有学生下水消暑或玩耍而发生溺水事故,给家庭和社会带来了莫大的悲伤和不幸,教训惨痛。由于学生缺乏自救的基础知识和能力,希望您配合学校采取有效措施,切实履行对孩子的监护、教育职责,教育孩子“珍爱生命 防止溺水”,坚持做到“四不要”:

1.不要私自到水塘、水库、大河中游泳或玩耍。

2.不要擅自与同学结伴去游泳。

3.不要在无家长或老师带领的情况下去游泳。

4.不要到无安全设施、无救护人员的水域游泳。

༼གཉིས་པ།༽ འགྲིམ་འགྲུལ་བདེ་འཇགས།

༡༽ཕྲུག་གུ་ལ་སློབ་གསོ་ལེགས་པོ་གཏོང་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲིག་གཞི་ལེགས་པོ་ སྲུང་ཆེད་དུ། འཕྲུལ་ཆས་ཆེ་ཆུང་རིགས་གཏོང་བསྐོར་མི་བྱེད་པ་དང་། ལོ་ན་༡༢་ལ་མ་སོན་པའི་ཕྲུག་ གུ་རྣམས་ཀྱིས་ལྕགས་རྟ་གཏན་ནས་གཏོང་བསྐོར་མ་བྱེད། ༢༽རླངས་འཁོར་ཨང་བྱང་མེད་པ་དང་ཁ་ལོ་ཆོག་ཡིག་མེད་པ། དེ་བཞིན་བསྐོར་བསྐྱོད་མི་ཆོག་པའི་ རླངས་འཁོར་དང་རྐང་གསུམ་འཁོར་ལོ། ཞིང་པའི་ཆེད་སྤྱོད་འཕྲུལ་འཁོར་དང་ཚད་བརྒལ་ལྗིད་ཚད་ ཅན་གྱི་འཕྲུལ་འཁོར་རིགས་ནང་འགྲོ་བསྐྱོད་གཏན་ནས་མ་བྱེད།

(二)交通安全

1.教育孩子严格遵守交通规则,不驾驶机动车辆,12周岁以下不得骑自行车。

2.不乘坐无牌无证和已报废车辆,不乘坐三轮车、农用车和超载车辆。

༼གསུམ་པ།༽སྤྱི་ཚོགས་བདེ་འཇགས།

༡༽ སློབ་ཕྲུག་རྣམས་ལ་ཁྲིམས་ལུགས་སྒྲིག་གཞི་དག་ལེགས་པོ་སྲུང་བའི་སློབ་གསོ་གཏོང་བ་དང་། ༼སློབ་ཆུང་སློབ་མའི་ཉིན་རྒྱུན་སྲུང་བརྩི་དགོས་པའི་སྒྲིག་གཞི༽ལྟར་སྤྱི་ཚོགས་ནང་ཡ་རབས་ཀུན་ སྤྱོད་ལ་སྲུང་བརྩི་དང་། དཔལ་ཡོན་ལྡན་པ་དང་གུས་ཞབས་ལྡན་པའི་ཚད་ལྡན་གྱི་སློབ་ཆུང་སློབ་མ་ ཞིག་ཡོང་བར་འབད་པ་བྱེད་དགོས། ༢༽སློབ་མ་རྣམས་ཞིང་འབྲོག་ས་ཁུལ་དང་ས་ཕྱོགས་གང་དུ་སོང་རུང་དབྱར་དུས་ཀྱི་ཆར་ཞོད་དང་ཆུ་ལོག་སོགས་ལ་དོ་གཟབ་ལེགས་པོ་བྱེད་དགོས།༣༽སློབ་ཕྲུག་རྣམས་རོགས་པ་ལྷན་དུ་ཕྱི་ལོག་ཏུ་འགྲོ་བསྐྱོད་སྐབས་སུ་ངེས་པར་དུ་ཁྱིམ་བདག་གིས་ མོས་མཐུན་ཡོད་པ་དང་དུས་ཚོད་ངེས་གཏན་ནང་ཁྱིམ་ལ་ལོག་ཐུབ་པར་བྱེད་དགོས། ༤༽སློབ་ཕྲུག་རྣམས་དྲྭ་ཁང་དང་རོལ་རྩེད་ཁང་། དེ་བཞིན་ཕྲུག་གུ་འགྲོ་བསྐྱོད་མི་ཆོག་པའི་སྤྱི་ཚོགས་ ཀྱི་བྱ་འགུལ་སྤེལ་གནས་དང་། ན་ཆུང་གཞོན་ནུའི་ལུས་སེམས་གཉིས་ཀའི་བདེ་ཐང་ལ་གནོད་པའི་གནས་ཁག་ལ་འགྲོ་བསྐྱོད་མི་བྱེད་པ་དང་། སྔོན་འགོག་ལེགས་པོ་བྱེད་དགོས།

(三)社会安全

1.教育孩子遵纪守法,遵守《小学生日常规范》、遵守社会公德,讲文明、讲礼貌,做一名合格的小学生。

2.提醒孩子外出遭遇雷雨时要注意预防雷击,并找安全位置避雨。

3.教育孩子外出走亲访友一定要经家长同意,限时回家。

4.教育孩子不去网吧、游戏厅和少儿不易进入的公共场所,保证孩子的身心健康。

༼བཞི་པ།༽ ཁྱིམ་ཚང་ནང་གི་བདེ་འཇགས།

༡༽སློབ་ཕྲུག་རྣམས་རང་ཁྱིམ་གཙོ་བྱས་པའི་འདུས་སྡོད་ཁང་གང་ཞིག་ཏུ་སོང་རུང་གློག་དང་མེ། འབར་གས་ཀྱི་ཉེན་ཁ་ཆེ་བའི་རྫས་སྦྱོར་གྱི་བཅའ་དངོས་སོགས་ལས་རིང་དུ་བྲལ་དགོས་པ་དང་། བདེ་ འཇགས་ཀྱི་བྱ་ཐབས་ལ་དོ་སྣང་ལེགས་པོ་བྱེད་དགོས། ༢༽སློབ་ཕྲུག་གཅིག་པུར་ཁྱིམ་དུ་སྡོད་སྐབས་སུ་ཆ་རྒྱུས་མེད་པའི་མི་སྣ་སུ་ཞིག་ལ་ཡང་སྒོ་ཕྱེ་བ་དང་ སྣེ་ལེན་བྱེད་མི་རུང་ལ། མགོ་བསྐོར་གཡོ་རྒྱུ་དང་བསླུ་བྲིད་སོགས་ཀྱི་དབང་འོག་ཏུ་མ་ཚུད་པར་བྱེད་ དགོས། ༣༽དོན་རྐྱེན་ངན་པ་འབྱུང་བའི་སྐབས་སུ་ཐོག་མར་དུ་རང་ཉིད་ཀྱི་སེམས་ལྷོད་དུ་ཕབ་ནས་བདེ་ འཇགས་རོགས་སྐྱོབ་ཀྱི་བྱ་ཐབས་ལ་འབད་དགོས་པ་དང་། ཕ་མ་དང་མྱུར་སྐྱོབ་ཨང་གྲངས། 110, 120, 122, 119 འདི་དག་ཐོག་ལ་འབྲེལ་བ་ནན་མོ་བྱེད་དགོས། ༤༽བཟའ་བཏུང་བདེ་འཇགས་ལ་དོ་ཁུར་གྱིས་ཟས་དུག་རིགས་ལ་སྔོན་འགོག་ལེགས་པོ་དགོས་པས། སློབ་ཕྲུག་རྣམས་ཀྱིས་དུག་རྫས་ལྡན་པའི་བཟའ་བཅའ་དང་རྫས་སྦྱོར་ཤུགས་ཆེར་བྱས་པའི་ ཟས་རིགས་ལ་འཛེམ་ཟོན་ནན་མོ་དགོས། ལྷག་པར་དུ་དུས་ཚོད་ཡོལ་ཟིན་པ་དང་། ཆང་རག་རིགས། ཐ་མ་རིགས། བཟི་ནུས་ལྡན་པའི་དུག་རྫས་རིགས་དང་རིང་དུ་བྲལ་ནས། འཚོ་བའི་གོམས་གཤིས་ཐ་མ་རིགས། བཟི་ནུས་ལྡན་པའི་དུག་རྫས་རིགས་དང་རིང་དུ་བྲལ་ནས། འཚོ་བའི་གོམས་གཤིས་ལེགས་པོ་ལྡན་པའི་ན་གཞོན་ཞིག་ཡོང་བར་རྒྱུན་དུ་དོ་སྣང་བྱེད་དགོས།

(四)家庭安全

1.提醒孩子安全用电,注意防火,小心使用燃气,用后关闭阀门。

2.提高警惕,孩子单独在家,不要为陌生人开门,警惕不法分子欺诈、骚扰等。

3学会自救、求救。发生意外时,要在冷静自救的同时拨打父母的电话或急救电话求救(110、120、122、119)

4.注意饮食卫生,防止食物中毒,告诫孩子不乱吃零食,不买过期食品,不喝酒、不抽烟,养成良好生活习惯。

གསུམ་པ། སློབ་སྦྱོང་འཕེལ་རྒྱས་བྱ་བ་ལ་ལྟ་སྲུང་ནན་མོ་དགོས་སྐོར།

སློབ་ཕྲུག་ཡོངས་ཀྱི་དགོང་གནང་སྐབས་སུ་འཚོ་བ་ལ་ཡ་རབས་ལྡན་པའི་གོ་རིམ་ཡོད་པ་དང་། སློབ་སྦྱོང་ལ་གྲུབ་འབྲས་ལེགས་པོ་ཡོང་ཆེད་དུ། རང་རེ་སློབ་གྲྭས་སློབ་མ་ཡོངས་ལ་༼རྒྱ་ཆེ་ས་དང་རང་ ཤེས་ཡོད་པ། མཉམ་འབྲེལ་དང་དམིགས་འབེད་ཡོད་པའི་༽སློབ་སྦྱོང་བྱེད་ཚུལ་གྱི་དགོས་དོན་འགའ་ བཏོན་ཡོད་པ་ནི་གཤམ་གསལ་ལྟར། ༡༽ཁྱིམ་བདག་གིས་ངེས་པར་དུ་ཕྲུག་གུ་རྣམས་ལ་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་ལས་བྱ་ རིགས་ལེགས་འགྲུབ་དགོས་པའི་ལྟ་སྲུང་དོ་དམ་བྱེད་པ། ༢༽སློབ་མ་རྣམས་ལ་དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཞིག་ཆགས་ཆེད་དུ། ཁྱིམ་བདག་གིས་ ལས་བྱ་ཙམ་ལེགས་འགྲུབ་ཡོང་བའི་དོ་དམ་ལ་མགོ་མི་འཁོར་བར་གཟབ་ནན་ཆེན་པོས་ཕྲུག་གུ་ལ་ དཔེ་ཆ་སྤུས་དག་དང་། དུས་དེབ། ཚགས་ཤོག་རིགས་གང་མང་ཀློག་འདོན་བྱེད་ནས། དེ་དག་གི་ དགོང་དོན་ཟིན་བྲིས་སུ་འདེབས་ཤེས་པའི་གོམས་གཤིས་འཇགས་པར་འབད་པ་ཆེན་པོ་བྱེད་དགོས།༣༽སློབ་ཕྲུག་རྣམས་ལ་རྒྱལ་སྤྱི་དང་རྒྱལ་ནང་གི་གལ་ཆེན་གསར་འགྱུར་རིགས་དང་། སྤྱི་ཚོགས་ འཚོ་བ། དེ་བཞིན་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་སྒྲོག་གཏོང་བྱེད་བཞིན་པའི་༼གསར་འགྱུར་ མཉམ་སྒྲོག༽དང་༼མཁས་བརྒྱ་གླེང་སྟེགས།༽༼གཙོ་གནད་གླེང་མོལ།༽བཅས་ཀྱི་ལེ་ཚན་ལ་ལྟ་ ཉོན་དང་དོ་སྣང་དགོས་པའི་སྐུལ་མ་ནན་མོ་བྱེད་དགོས།

三、学习督促

为使全体学生在假期能生活有规律、学习有效果:

1.家长要督促孩子认真完成老师布置的作业。

2.培养孩子的阅读习惯,应该多读书,读好书,尤其是名篇名著,也选择一些优秀期刊,培养写读书笔记的习惯。

3.引导孩子关心国内外大事和新闻,关注社会生活,要鼓励他们多看中央电视台的“新闻联播”、“百家讲坛”、“焦点访谈”等节目和一些励志的电影。

4.鼓励孩子积极参加有益身心健康的社会活动和文化娱乐活动,勇敢自信地向大家展示自己学到的本领。

བཞི་པ། ནད་ཡམས་སྔོན་འགོག་ལ་ཤུགས་སྣོན་བྱེད་པ།

མིག་སྔར་རྒྱལ་ནང་གི་ནད་ཡམས་སྔོན་འགོག་བྱ་བ་ལ་ཕན་ནུས་ལྡན་པའི་སྟངས་འཛིན་ལེགས་པོ་ ཐུབ་ཡོད་ན་ཡང་། རྒྱལ་སྤྱིའི་ས་ཁུལ་འགའ་དང་རྒྱལ་ཁབ་འགའ་ལ་མུ་མཐུད་ནད་ཡམས་ཀྱིས་ གནོད་འཚེ་ཆེན་པོ་ཕོག་བཞིན་ཡོད་པས། ཁྱིམ་བདག་རྣམས་ལ་རིམ་པ་ཁག་གི་སྲིད་གཞུང་གིས་ནད་ ཡམས་སྔོན་འགོག་གི་བྱ་བར་བཀོད་སྒྲིག་ཇི་ལྟར་བྱས་པ་བཞིན་དུ། རབ་ཏུ་བྱུང་ན་མི་ཚོགས་འདུས་ སྡོད་མང་ས་དང་། སྤྱི་སྤྱོད་འགྲིམ་འགྲུལ་འཕྲུལ་ཆ་སོགས་ཀྱི་ནང་འགྲོ་བསྐྱོད་སྐབས་སུ་ངེས་པར་དུ་ཁ་ རས་གྱོན་ཏེ་བར་ཐག་ངེས་ཅན་འཇོག་དགོས་ལ། གལ་ཆེན་གྱི་དོན་དག་མེད་ན་ཞིང་ཆེན་ཕྱི་ལོགས་ དང་ནད་ཡམས་ཀྱིས་ཉེན་ཁ་ཅུང་ཆེ་བའི་ས་ཕྱོགས་ལ་འགྲོ་བསྐྱོད་མ་བྱེད། གལ་ཏེ་འགྲོ་བསྐྱོད་དགོས་ན་ཕྱིར་ལོག་སྐབས་སུ་ལོག་བཀག་དང་ཚད་པ་བརྟག་དཔྱད་ཐེངས་གཉིས་ཙམ་དགོས་པའི་བརྒྱུད་ རིམ་མཐའ་དག་ཡག་པོ་སྒྲུབ་རྗེས་སུ་སྔར་ཚུད་ནས་འཛིན་བདག་དགེ་རྒན་ལ་བརྡ་ཐོ་འབུལ་བ་དང་། འཛིན་བདག་དགེ་རྒན་གྱིས་ཀུན་སྤྱོན་སློབ་གསོ་སྡེ་ཁག་ལ་ཟིན་ཐོ་ལེགས་པོ་འགོད་དགོས།

四 、加强疫情防控

国内疫情虽然得到有效控制,但在一些地区国家连续爆发,内防输入,反弹,形式严峻,家长朋友一定要遵守各级政府的疫情防控要求,尽量不要到人多处聚集,乘坐交通工具,到公共场所,保持距离,尽量佩戴口罩,不要外出到疫情中高风险地区,如果有必要非得外出外市外省,要按要求做好自我隔离及参加二次核酸检测,并提早告知班主任,再有班主任上报德育处备案。

ལྔ་པ། ཡ་རབས་ཀུན་སྤྱོད་གསོ་སྐྱོང་བྱེད་པ།

རང་རེའི་སློབ་གྲྭས་སློབ་ཕྲུག་རེ་རེའི་བསམ་བློ་ཀུན་སྤྱོད་སློབ་གསོ་ཡར་རྒྱས་ལེགས་པོ་ཡོང་ཆེད་དུ་ འབད་པ་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཁྱིམ་བདག་རྣམས་ཀྱིས་ཀྱང་དེ་བཞིན་ཆ་ཤས་ལེགས་པོ་ ལེན་ནས་རང་ནུས་གང་ཡོད་ཀྱིས་ཕྲུག་གུའི་ལུས་སེམས་འཚར་ལོངས་ལ་དོ་ཁུར་ཆེན་པོ་བྱེད་དགོས་ ལ། སྔར་ལྷག་འཆམ་མཐུན་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་འཛུགས་ཆེད་དུ་གྲོང་སྡེ་དང་ས་ གནས་ཀྱི་སྤྱི་ཕན་དགེ་རྩའི་བྱ་འགུལ་གྱི་ཆ་ཤས་ལེན་པར་འཛུལ་ཞུགས་བྱེད་པ་སྐུལ་འདེད་གཏོང་ བཞིན་ཡོད།

五、品质养成

配合学校加强对子女的思想道德教育,接触大自然、体验生活,督促学生在家在外认真做各类力所能及的事。

ལྷག་པར་དུ་དབྱར་དུས་སུ་རི་འགོར་དབྱར་རྩྭ་ དགུན་འབུ་བརྐོ་རུ་འགྲོ་བའི་སྐབས་སུ་ཐོག་དང་སེར་བ། གཡང་གཟར་དང་གཅན་གཟན་རིགས། ལྷག་ པར་དུ་དྲེད་མོང་སོགས་ལ་དོ་གཟབ་ནན་མོ་བྱེད་ནས་ངེས་པར་དུ་དོན་རྐྱེན་ངན་པ་རིགས་མི་འབྱུང་ བར་བྱེད་དགོས།

另外,在虫草期间家长和孩子还要做到防坠崖、防泥石流、防雪崩、禁止到狗熊出没的地段,不要让孩子一个人上山采挖虫草,家长时刻监督和保护孩子的人生安全。

བརྩེ་བའི་ཁྱིམ་བདག་རྣམས་པ་ལགས། ང་ཚོ་མཐུན་མོང་གི་ཕུགས་བསམ་དང་། ང་ཚོ་ཐུན་མོང་གི་ ཕྲུག་གུ་ཆེད་དུ། རང་རེའི་ལག་ཟུང་དམ་པོ་སྒྲིལ་ནས་མཐུན་སྒྲིལ་འབད་བརྩོན་ཆེན་པོས་ཕྲུག་གུ་ རྣམས་ལ་བདེ་འཇགས་དང་དཔལ་ཡོན། འཆམ་མཐུན་ལྡན་པའི་ངང་འཚར་ལོངས་ཡོང་བར་འགན་ ཁུར་ལེན་པ་དང་། འབད་བརྩོན་ཆེན་པོས་ཅིང་དགོས་ཀྱི་བློས་གཏོང་གྲངས་མེད་གནང་བར་ཞུ།མཐར་ཁྱིམ་ཚང་འཆམ་མཐུན་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་གྲངས་མེད་བཅས་བཀྲ་ཤིས་བདེ་ལེགས་ཞུ།

ནང་ཆེན་རྫོང་བྲང་སྟག་བཅའ་སྡོད་སློབ་ཆུང་གིས།

༢༠༢༡ལོའ ་ི ཟླ་བ་༥པའི་ཚེས་༢༠ལ།

亲爱的家长,为了共同的目标-----我们的孩子!让我们一起携手合作,共同努力,孩子的假期生活离不开您的关心、指导和监护。相信孩子们能以充沛的精力和饱满的热情迎接新学期的到来。我们期待下学期同学们有更大的进步!

顺祝:

身体健康 全家幸福!

囊谦县香达镇邦达寄宿制学校

2021年5月20日