༄༅།།སྐྱིད་དགའ་ཀྲི་པུའི་ཡིས་"་ཏང་འཛུགས་སྣེ་ཁྲིད་མཐོ་རུ་སྐུལ། ཁོར་ཡུག་སྲུང་སྐྱོང་འགན་འཁྲི་འཁྱོལ་"་ཞེས་པའི་བྱེད་སྒོ་སྤེལ་བའི་མཛད་སྒོ།

中共吉尕支部“党建引领促提升,环境保护靠大家”活动启动仪式

ཁ་བྱང་། ཁོར་ཡུག་སྲུང་སྐྱོབ་དང་བདེ་ཐང་ཟས་རིགས་སྐོར་གླེང་བ།

སྐྱིད་དགའ་སློབ་ཆུང་ལོ་ཆུང་གཞོན་ནུའི་སྐྱེ་ཁམས་ཀུན་སྤྱོད་ལྟེ་གནས་དང་སྐྱིད་དགའ་ཏང་ཀྲི་པུས་མཉམ་འབྲེལ་བྱས་ཏེ་སྤྱི་ལོ༡༠༢༡ལོའི་ཟླ་༥བའི་ཚེས་༡༡ཉིན་ཞབས་བྲོ་སློབ་ཁང་ནས་ཏང་འཛུགས་སྣེ་ཁྲིད་མཐོ་རུ་སྐུལ། ཁོར་ཡུག་སྲུང་སྐྱོང་འགན་འཁྲི་འཁྱོལ་"་ཞེས་པའི་མཛད་སྒོ་སྤེལ། ཚོགས་འདུ་སྟེང་ཁྱིམ་བདག་༡༩༠དང་སྐྱིད་དགའ་སློབ་ཆུང་གི་སློབ་གཙོ་དོན་འགྲུབ་བཀྲ་ཤིས་དང་སློབ་གཙོ་གཞོན་པ་དཔལ་ལྡན་ཕུན་ཚོགས་གཉིས་ཚོགས་ཞུགས་མཛད་ནས་གསུང་བཤད་གལ་ཆེན་གནང་།

ང་ཚོ་འཇིག་རྟེན་འདིར་ལ་འཚོ་ཐུབ་མིན་ནི་སྣོད་ཀྱི་འཇིག་རྟེན་ལ་རག་ལས་ཡོད། དེའི་ཕྱིར་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་དང་ཚན་རིག། ཆོས་ལུགས་གང་ཅིའི་ཐད་ནས་སྐྱེས་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལ་དོ་སྣང་བྱེད་བཞིན་ཡོད་ཅིང་། རྒྱལ་ཁབ་དབུ་ཁྲིད་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན། ཞེས་ཁོར་ཡུག་ལ་གཅེས་པའི་གསུང་བཤད་གལ་ཆེན་གནང་བ་ནི་ང་ཚོ་འགྲོ་བ་མིའི་རིགས་ཀྱི་མ་འོངས་པའི་གནས་སའི་རང་བྱུང་གི་སྣོད་ཆེན་མོའི་ཚེ་སྲོག་ཡུན་རིང་དུ་གནས་པའི་ཆེད་དུ་ཡིན་ལ། དེ་ཡུན་དུ་གནས་ན་ལོ་སྟོང་ཕྲག་མང་པོར་བདེ་སྐྱིད་ཀྱི་དབུ་ཁྱུད་བྲིས་རེད།

ཚོགས་འདུ་གོ་རིམ་དོན་ཚན་ལྔའི་སྟེང་ནས་བརྗོད་རིམ་སྤེལ།

གཅིག གང་འདྲ་ཞིག་ལ་ཁོར་ཟེར།

གཉིས སྲོལ་རྒྱུན་ལས་བྱུང་བའི་ཁོར་ཡུག་སྲུང་སྐྱོང་།

གསུམ ཚན་རིག་གིས་བསྟན་པའི་ཁོར་ཡུག་སྲུང་སྐྱོབ།

བཞི ཁོར་ཡུག་སྲུང་སྐྱོབ་མ་བྱས་པའི་གནོད་སྐྱོན།

ལྔ ཁོར་ཡུག་སྲུང་སྐྱོབ་བྱས་པའི་ཕན་ཡོན།

དྲུག གད་སྙིག་ཟས་རིགས་ཀྱི་གནོད་པ།

སློབ་གཙོ་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེན་རང་བཞིན་གསུང་གནང་མཛད་པ།

སྐྱེ་ཁམས་ཀུན་སྤྱོད་སློབ་ཁང་འགན་ཁུར་བས་ཐེངས་འདིའི་ཚོགས་འདུ་ནང་དོན་གཏམ་བཤད་ཡུལ་དངོས།

སློབ་གཙོ་དོན་འགྲུབ་བཀྲ་ཤིས་དང་སློབ་གཙོ་གཞོན་པ་དཔལ་ལྡན་ཕུན་ཚོགས་གཉིས་ཀྱིས་བྱ་འགུལ་གྱི་གོ་རིམ་དང་དབྱར་རྩྭ་དགུན་འབུ་བརྐོ་སྐབས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་སྤེལ་ཚུལ་གྱི་སློབ་ཁྲིད།

ཚོགས་འདུ་ཡུལ་དངོས།

མཇུག་གི་གཏམ་བཤད།