གཟའ་འཁོར་འདི་དག་ལ་བྲིས་པའི་, སྦྱངས་རྩོམ་སྐོར་ཞིག

美友80190306

༄༅།།དཔྱིད་ཀྱི་ཁ་བ།

དཔྱིད་ཀ་སླེབས་བྱུང་། ཁུ་བྱུག་ལྷོ་ཕྱོགས་ནས་འཕུར་ཡོང་། འོན་ཀྱང་ང་ཚོའི་མདོ་དབུས་མཐོ་སྒང་གི་གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེ་སྟེ། ཉིན་གསུམ་བཞི་ཡི་སྔོན་ལ་ཉི་འོད་དྲོད་ལམ་མེར་དྲོ་ཡང་། ཉིན་གསུམ་བཞི་ཡི་རྗེས་ནས་ཁ་བ་ཆེན་པོ་བབས་པ་རེད།

ང་གཉིད་ལས་སད་དེ་སྒེའུ་ཁུང་ནང་ནས་བལྟས་པ་ན། ང་ཚོའི་གཙོས་གྲོང་ཁྱེར་ནི་དངུལ་དཀར་གྱི་འཇིག་རྟེན་ཞིག་དང་མཚུངས་པ་དང་། དེ་ལས་ཆེས་མིག་དབང་འཕྲོག་པར་བྱེད་པ་ནི་གཙོས་སྲས་མཁར་དགུ་ཐོག་རེད། དེ་ནི་ཀུན་ལས་འབུར་དུ་ཐོན་ཞིང་བརྗིད་ཉམས་ལྡན་པ་ཞིག་གོ།།   ཡང་སྒོ་ཁ་སོང་ནས་བལྟས་པ་ན། ཁ་བའི་ཐོག་ཏུ་སྔ་མོ་ནས་ཕྱི་རོལ་ཏུ་སོང་བའི་རྐང་རྗེས་མང་བོ་བཀོད་འདུག

ངས་ནངས་ཇ་འཐུང་ནས་སློབ་གྲྭར་འགྲོ་བའི་ལམ་བར་དུ་སློབ་མ་ལ་ལས་ཁ་བ་རྡོག་པོས་རྒྱག་རེས་བྱེད་ཀྱིན་ཡོད་པ་དང་། ལ་ལས་ཁ་བའི་ཐོག་ཏུ་རི་མོ་འབྲི་བཞིན་ཡོད་ཡོད།

སློབ་གྲྭའི་སྒོར་ཐོན་པ་ན་འདི་ནའང་ཧ་ཅང་སྐྱིད་པའི་སྣང་བ་ཞིག་སྟེ། སློབ་གྲྭའི་སྒོ་ཁ་ན་རླངས་འཁོར་གྱི་དུང་སྒྲ། ལྕགས་རྟའི་ཙིར་སྒྲ་བཅས་འཛོམས་པ་ནི་བཀྲ་ཤིས་པའི་ཁ་བར་བསྟོད་པའི་གླུ་སྙན་མོ་ལེན་པ་དང་ཀུན་ནས་མཚུངས།

སློབ་གྲྭའི་ར་བའི་ནང་དུ་ཐོན་པ་ན་སློབ་མ་རྣམས་བྲེལ་འཚུབ་ཀྱི་ངང་ནས་སློབ་ཁང་ནང་དུ་རྒྱུགས་ཀྱིན་ཡོད། སློབ་ཁྲིད་གྲོལ་བ་ན་སློབ་གྲོགས་ཚང་མ་སྒོའི་ནང་འཚང་ཁ་རྒྱག་བཞིན་སྒོར་སོང་ནས་རྩེད་མོ་རྩེ་བ་རེད། སློབ་མ་བུ་རྣམས་ཀྱིས་ཁ་བས་རྒྱག་རེས་དང་འདེད་རེས་བྱེད་ཀྱིན་ཡོད། སློབ་མ་བུ་མོ་ཚོས་ཀུ་རེ་རྩེད་བཞིན་ཁ་བའི་མི་བཟོ་བཞིན་འདུག སློབ་མ་ཚང་མའི་ངོ་གྲང་ནས་དམར་པོར་གྱུར་ཡང་གདོང་ལ་འཛུམ་གྱིས་ཁེངས་འདུག

ཨེ་མ་ཁ་བའི་ལྗོངས་ནི་ཇི་འདྲིའི་མཛེས་པ་ལའང་། དཔྱིད་ཀྱི་ཁ་བས་མི་རྣམས་ལ་དཔྱིད་དཔལ་བསྐྱལ་ཡོང་བ་དང་། ལོ་ཏོག་གི་འབྲས་བུ་སྨིན་པའི་རེ་བ་བསྐྱལ་ཡོང་བ་མ་ཟད། ཕྱུགས་ཀྱི་འཕེལ་ཁ་རྒྱས་བའི་རེ་བའང་བསྐྱལ་ཡོང་བ་རེད།

ཡུམ་འཚོ་སྐྱིད།༼༢༽

༄༅།།བདག་གི་དགེ་རྒན།

བདག་གི་བོད་ཡིག་དགེ་རྒན་གྱི་མིང་ལ་བན་དེ་སྐྱིད་ཟེར། ལོ༤༠ཙམ་ཡིན། ཁོ་མོ་ནི་བདག་གི་སློབ་གྲྭའི་དགེ་རྒན་གྱི་ནང་ནས་ཕུལ་དུ་བྱུང་བ་ཞིག་རེད།

བདག་གི་བོད་ཡིག་དགེ་རྒན་གྱི་རྣམ་འགྱུར་ལ་འགྱུར་ལྡོག་ཧ་ཅང་ཆེ་སྟེ། ང་ཚོས་ཁ་ལེན་ཚིག་བརྩི་བྱས་ན་རྣམ་འགྱུར་ལེགས་པ་དང་ཁ་ལེན་ཚིག་བརྩི་མ་བྱས་ན་རྣམ་འགྱུར་རྩུབ་པོར་འགྱུར་བ་རེད། ཁོ་མོ་ལ་ཁྱད་ཆོས་གཞན་དང་མི་མཐུན་པ་མང་བོ་ཡོད། དཔེར་ན། གཏམ་བཤད་ན་ཧ་ཅང་བཟང་བ་དང་རྩོམ་བྲིས་ནའང་བཟང། རྩོད་པ་ལ་མཁས་པ་དང་འཆད་ལའང་མཁས་པས་བདག་གི་བོད་ཡིག་དགེ་རྒན་ནི་བདག་གི་སེམས་ནས་མཁས་པ་ཞིག་ཡིན།

བོད་ཡིག་དགེ་རྒན་གྱིས་ང་ཚོ་སློབ་ཁྲིད་བྱེད་དུས་ནན་ཏན་ཡིན་པས། ཁོ་མོ་རང་གི་ཆེད་དུ་སློབ་བཞིན་པ་དང་འདྲ། ད་དུང་སློབ་གྲྭ་གྲོལ་རྗེས་སློབ་གྲྭའི་ནང་བསྡད་ནས་ང་ཚོའི་ལས་བྱར་རྟགས་རྒྱག་པ་མ་ཟད། ལས་བྱ་རེ་རེའི་བཟང་ས་དང་མི་འགྲིག་ས་ཚང་མ་འབྲི་དེབ་ངོས་སུ་བྲིས་ཡོད། མཚམས་རེར་ད་དུང་ཁྱིམ་དུ་ལོག་རྗེས་སློབ་ཚན་གསར་བའི་ནང་དོན་ཅི་ལྟར་འཁྲིད་ན་སློབ་མ་ཚོས་ཧ་གོ་སླ་བ་དང་སེམས་ལ་འཛིན་སླ་བ་སོགས་ལ་བསམ་བློ་བཏང་ནས་སློབ་ཚན་གསར་བ་སྔོན་སྦྱོང་བྱེད་པ་རེད། མོའི་དཔེ་ཆའི་ངོས་གང་བོར་ཟིན་བྲིས་བྲིས་ཡོད་པ་མ་ཟད་ད་དུང་ཁྲིད་ཐོ་འབྲི་བཞིན་ཡོད། ང་ཚོས་གཟའ་སྤེན་པ་དང་གཟའ་ཉི་མར་བྲིས་པའི་རྩོམ་ལ་ཞིབ་ལྟ་ནན་མོ་བྱས་ནས་རེ་རེ་ལ་དག་བཅོས་བྱེད་པ་དང་གདེང་འཇོག་འབྲི་བ་སོགས་བྱ་བ་དཀའ་མོ་ཏག་ཏག་སྒྲུབ་བཞིན་ཡོད།

བདག་གི་བོད་ཡིག་དགེ་རྒན་ནི་ནམ་ཡང་དཀའ་བ་ཁྱད་དུ་བསད་ནས་ཧུར་བརྩོན་བྱེད་པའི་མི་ཞིག་ཡིན་པས། བོད་ཡིག་དགེ་རྒན་ལགས། ང་ཁྱེད་ལ་ཡིད་སྨོན་འཆོར།

ལྷ་མོ་སྐྱིད།

༄༅།།བདག་གི་གྲོགས་པོ།

མི་སུ་ཡིན་རུང་རང་ལ་གྲོགས་པོ་རེ་ཡོད་ངེས་པ་དང་། ང་ལ་གྲོགས་པོ་མང་བོ་ཡོད། དེའི་ནང་ནས་ངའི་ཆེས་བཟང་བའི་གྲོགས་པོའི་མིང་ལ་བསྟན་འཛིན་སྟབས་ལྡན་ཟེར།

ཁོ་ནི་བླ་བྲང་གི་ཡིན་པ་དང་ད་ལོ་ལོ་བཅུ་གཅིག་ཡིན་པ་དང་། ལོ་རིས་ནི་སྟག་ཡིན། ཁོ་ལ་ངོ་དཀར་པོ་ཞིག་དང་སྐྲ་ནག་ཀྱུག་ཀྱུག་ཅིག་ཡོད། འོན་ཀྱང་ཁོའི་གཟུགས་ཀྱི་རིང་ཚད་ཅུང་ཐུང་བ་རེད།

ཁོའི་སློབ་སྦྱོང་དེ་འདྲ་བཟང་བོ་ཞིག་མིན། གཞན་དང་མ་མཐུན་ན་གཞན་ལ་ཐུབ་ཚོད་འཇོག་པས་དགེ་རྒན་གྱིས་རྒྱུན་དུ་ཁོ་ལ་སྡིགས་ཀྱི་ཡོད། མཚམས་རེར་ད་དུང་སློབ་ཁྲིད་ལའང་མི་ཉན་པ་རེད། འོན་ཀྱང་ཁོ་ལ་བཟང་ཆ་ཡོད་པ་ནི་བྲོ་འཁྲབ་ཤེས་པ་དང་གཞན་ལ་རོགས་རམ་བྱེད་པ། ཚིག་བརྩི་བྱེད་དུས་མང་བོ་ཡོད། ད་དུང་བུ་ཚ་ཞིག་གི་སྤོབས་པ་ཡང་ཡོད་དེ། ཁོ་ཡི་ཡིད་ལ་ཤར་བའི་ལན་འགྲིག་ན་མི་འགྲིག་ན་བཤད་པའི་སྤོབས་པ་ཡོད། ཁོས་ད་དུང་ཡིག་གཟུགས་འབྲི་ཤེས་པ་མ་ཟད་ད་དུང་སྒྲུང་གཏམ་ཡང་བཤད་ཤེས།

ཉིན་ཞིག་ལ་སྤྱི་སྤྱོད་རླངས་འཁོར་འདུག་པའི་སྐབས་ང་ལ་སྒོར་མོ་མེད་པས་ཁོས་ང་ལ་སྒོར་མོ་བྱིན་བྱུང་། མི་ཞིག་གིས་ང་ལ་ངན་བཤད་ན་ཁོ་སོང་ནས་མི་དེ་ལ་རྡུང་རེས་རྒྱག་པ་རེད།

རང་ལ་གྲོགས་པོ་བཟང་བོ་ཞིག་ཡོད་ན་ཁོ་དང་མཉམ་དུ་དགའ་སྤྲོའི་ངང་ནས་འདུག་རྒྱུ་གལ་ཆེན་རེད། གལ་ཏེ་ཁ་བྲལ་ན་སེམས་སྡུག་ཀྱང་གོ་མི་ཆོད།

རྣམ་རྒྱལ་ཚེ་རིང་།

༄༅།།ང་།

ངའི་མིང་ལ་སྐལ་བཟང་དོན་འགྲུབ་ཟེར། ང་ནི་གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་གི་ལོ་རིམ་ལྔ་བའི་འཛིན་གྲྭ་བཞི་བའི་སློབ་མ་ཆུང་ཆུང་ཞིག་ཡིན། ངའི་སྐྲ་ནི་ནག་ཀྲུག་ཀྲུག་དང་ངོ་མདངས་ནི་ཅུང་ཙམ་དཀར་པོ་ཞིག་ཡིན། ལུས་པོའི་ལྗིད་ཚད་རྒྱ་མ་དྲུག་ཅུ་རེ་བརྒྱད་ཡོད།

ང་ནི་ང་ཚོའི་འཛིན་གྲྭའི་ནང་གི་སློབ་སྦྱོང་བར་མ་བར་ཅན་ཡིན་པའི་སློབ་མ་ཞིག་ཡིན། སློབ་མ་ཚོར་བརྩི་བཀུར་བྱེད་མཁན་དང་མཐུན་སྒྲིལ་བྱེད་མཁན་གྱི་སློབ་མ་ཞིག་ཀྱང་ཡིན། ད་དུང་ཕ་མ་དང་དགེ་རྒན། ལོ་ལོན་ཚོ་ལ་བྱམས་བརྩེ་དང་གུས་བཀུར་ཡོད་པ་ཞིག་ཀྱང་ཡིན། སྤྱི་སྤྱོད་རླངས་འཁོར་ནང་དུ་འདུག་དུས། ངས་ནམ་ཡང་ལོ་ལོན་རྒན་རྒོན་ཚོ་ལ་འདུག་ས་བྱིན་པ་ཡིན། ང་ལག་རྩེད་སྤོ་ལོ་རྩེད་པར་དགའ་ལ་རྐང་རྩེད་སྤོ་ལོ་རྩེད་པར་དགའ་མོད། འོན་ཀྱང་ཆེས་དགའ་བ་ནི་ཕེན་ཕིང་སྤོ་ལོ་ཡིན།

ངས་བལྟས་ན་ང་ཚོའི་མི་ཡི་བཟང་ངན་ནི་ཀུན་སྤྱོད་ལ་བལྟས་ན་ཤེས་པ་རེད་སྙམ།

༄༅།།ཉིན་ཐོ།

2021ལོའི་ཟླ3ཚེས26ཉིན། གཟའ་པ་སངས། གནམ་འཐིབ།

དེ་རིང་ཞོགས་པ་མལ་ལས་ལངས་དུས། ཕྱི་ན་ཁ་བ་བབས་འདུག་པས། ཁོར་ཡུག་ནི་དངུལ་དཀར་གྱི་འཇིག་རྟེན་ཞིག་ཏུ་གྱུར་འདུག ངའི་སེམས་ལ་དེ་རིང་སློབ་ཁྲིད་བཞི་བ་ནི་ལུས་རྩལ་སློབ་ཁྲིད་ཡིན་ཡང་། ཁ་བ་བབས་འདུག་པས་ལུས་རྩལ་སློབ་ཁྲིད་འཚོགས་རྒྱུ་མ་རེད་བསམས་སོང་།

སློབ་ཁྲིད་གསུམ་པ་གྲོལ་བཞིན་ཡོད་པའི་དུས་སུ་ཁ་བ་ཕལ་ཆེ་ཞུ་ཚར་འདུག དེ་ནས་ང་ཚོའི་འཛིན་གྲྭའི་སློབ་གྲོགས་ཚང་མ་དགའ་སྤྲོའི་ངང་ནས་སློབ་གྲྭའི་ར་ནང་ལ་སོང་སྟེ་གྲལ་བསྒྲིགས་ནས་ལུས་རྩལ་སློབ་ཁྲིད་ལ་ཞུགས། ལུས་རྩལ་དགེ་རྒན་གྱིས་ལག་རྩེད་སྤོ་ལོ་མང་བོ་ཞིག་འཁྱེར་ནས་ཐེངས་འདིའི་ལུས་རྩལ་སློབ་ཁྲིད་ཀྱི་ནང་དོན་བཤད་རྗེས། ང་ཚོ་ལ་སྤོ་ལོ་བྱིན་ཏེ་སྤོ་ལོ་ལག་ཏུ་འཛིན་སྟངས་དང་། སྤོ་ལོ་ཚོད་འཛིན་བྱེད་སྟངས། སྤོ་ལོ་སྤྲོད་རེས་བྱེད་སྟངས་སོགས་ཀྱི་སྤྲོ་སྣང་ལྡན་པའི་སློབ་ཁྲིད་བྱས་པ་ན། ཤེས་མེད་ཚོར་མེད་ཀྱི་ངང་ནས་སློབ་ཐུན་གྲོལ་འདུག

དེ་རིང་གི་ལུས་རྩལ་སློབ་ཁྲིད་ནི་ཧ་ཅང་སྐྱིད་པོ་ཞིག་ཡིན་པས། ངའི་སེམས་ལ་ད་དུང་འདི་འདྲའི་སྤྲོ་སྣང་ལྡན་པའི་ལུས་རྩལ་སློབ་ཁྲིད་མང་བོ་ཞིག་ཡོད་ན་ཅི་མ་རུང་བསམས་བྱུང་།

སྐལ་བཟང་དོན་གྲུབ།

༄༅།།ང་ཡི་གྲོགས་པོ།

ང་ལ་གྲོགས་པོ་བཟང་མོ་ཞིག་ཡོད། ཁོ་མོ་ནི་ང་ཚོའི་འཛིན་གྲྭའི་སློབ་སྦྱོང་ཨུ་ཡོན་ཡིན། མོའི་མིང་ལ་ཀླུ་མོ་སྒྲོལ་མ་ཟེར། མོས་སློབ་སྦྱོང་ལ་ནན་ཏན་དང་ཧུར་བརྩོན་བྱེད་པ་ལས་རྣམ་གཡེང་གཏན་ནས་མི་བྱེད་ཅིང་། ལས་བྱའང་ནན་ནན་ཏན་ཏན་གྱིས་བྲིས་ཏེ་དུས་ལྟར་སྤྲོད་པ་རེད།

ཉིན་ཞིག་ང་ལ་བརྩི་མི་ཤེས་པའི་གྲངས་རིག་གི་དྲི་བ་ཞིག་ཡོད། ངས་ཁོ་མོ་ལ་བརྩི་མི་ཤེས་པ་འདི་རྐུ་འབྲི་བྱེད་དུ་འཇུག་རོགས་ཟེར་བར། ཁོ་མོས་ང་ལ་རྐུ་འབྲི་བྱེད་དུ་མི་འཇུག་པར། ངས་ཁྱོད་ལ་ཞིབ་མོ་བྱས་ནས་བཤད་ཟེར། བཤད་ནས་ཚར་རྗེས་ཁོ་མོས་ཡང་སྔོན་གྱི་དེ་དང་འདྲ་བའི་དྲི་བ་ཡོད་ན་ང་ལ་ཕྲིས་ཟེར། ངས་དྲི་ལན་དེ་མགྱོགས་མོ་བྱས་ནས་བྲིས་ཏེ་ཁོ་མོར་བསྟན་པས་ཁོ་མོས་ད་འགྲིག་འདུག་ཟེར་བས། ངས་ཁོ་མོ་ལ་བཀའ་དྲིན་ཆེ་ལབ་པ་ན་ཁོ་མོས་རྗེས་ཕྱོགས་ལས་བྱ་འབྲི་མི་ཤེས་རྒྱུ་ཡོད་ན་རྐུ་འབྲི་མི་བྱེད་པར་ང་ལ་འདྲི་རུ་ཤོག་ཟེར། ང་རང་གི་སེམས་ལ་འདི་ལྟ་བུའི་གྲོགས་མོ་བཟང་བོ་ཞིག་ཡོད་པ་རང་གི་ལས་རེད་བསམ་སོང་།

གྲོགས་མོ་ལགས། ངས་ད་ནས་བཟུང་སྟེ་ཁྱོད་ལ་སློབ་སྦྱོང་བྱེད་རྒྱུ་ཡིན།

རིན་ཆེན་གཡང་མཚོ།

༄༅།།ངའི་བཟའ་མི།

ང་ནི་ཁྱིམ་ཚང་ཧ་ཅང་སྐྱིད་པོ། ཧ་ཅང་བཟང་བོ། ཧ་ཅང་སྤྲོ་བ་ཞིག་ནས་སྐྱེས། དེ་ནི་ངའི་ཚེ་སྔོན་མའི་དྲིན་ཡིན་ནོ།།

ང་ལ་བྱམས་བརྩེ་ལྡན་པའི་ཨ་མ་ཞིག་ཡོད། ངས་ཁོ་མོའི་བཟང་གླེང་ན་ནམ་རྒྱུན་ངོ་ན་འཛུམ་རིས་ཡོད། འོན་ཀྱང་ཁོ་མོའི་མི་ཡག་ས་གླེང་ན། མོའི་ཁ་ལེན་ཚིག་བརྩི་མ་བྱས་ན་ཞེ་སྡང་ཆེན་པོ་ལངས་ནས་ང་ལ་སྡིགས་མོ་བྱེད་པ་རེད། འོན་ཀྱང་ཁྱིམ་དང་སྒོ་ཡི་ལས་ཀ་ལས་ན་ཧ་ཅང་བཟང་སྟེ། མགོ་རྔ་ཡོད་པ་ཞིག་ལས་ཐུབ། དེ་ནི་ཁོ་མོའི་བརྟན་ཚུགས་ཀྱི་རང་གཤིས་མིན་ནམ།

ང་ལ་ཧ་ཅང་བཙན་པའི་ཨ་ཕ་ཞིག་ཡོད། ཁོ་ནམ་རྒྱུན་བཙན་པོ་ཞིག་མིན། རྒྱུན་དུ་ང་ལ་སློབ་གསོ་མང་བོ་གཏོང་གིན་ཡོད། དཔེར་ན་འགྲིམ་འགྲུལ་བདེ་འཇགས་དང་ཟ་མའི་བདེ་འཇགས་སོགས་ཡིན། ཁོ་ནམ་རྒྱུན་སྔ་མོར་ཡར་ལངས་ནས་མཆོད་ཁང་ནང་དུ་སོང་སྟེ་དུས་ཚོད་2ནས3ལ་ཁ་ཏོན་འདོན་པ་རེད།

ང་ལ་སྙིང་རྗེ་ཆེ་བའི་རྨོ་མོ་ཞིག་ཡོད ། ཁོ་མོ་ལོ80ལོན་ཡོད་ནའང་། ལས་ཀ་མང་བོ་ལསཐུབ། རྒྱུན་དུ་ངས་ལས་ཐུབ་པའི་བྱ་བ་ཡིན་ནའང་། ཁོ་མོ་ང་ལ་ཤ་ཚ་བས། ཁོ་མོས་ལས་འགྲོ་བ་རེད། དཔེར་ན་དཔེ་ཁུག་ཕོག་པ། མལ་ཐུལ་ལྟེབ་པ། བཀྲུས་ཚར་བའི་ཚི་ལེན་སྐེམ་པ་དང་ཕྱིར་ལེན་པ་སོགས་བྱ་བ་མང་བོ་ཁོ་མོས་ལས་འགྲོ། ཁོ་མོས་རྒྱུན་དུ་གནའ་གཏམ་དང་གེ་སར་སྒྲུང་ལ་ཉན་གྱི་ཡོད།

ང་ལ་སྙིང་རྗེ་བའི་ནུ་མོ་ཞིག་ཡོད། ཁོ་མོའི་མིག་ཧ་ཅང་ཆེ། རྒྱུན་དུ་ཁོང་ཁྲོ་ཆེ་བ་ཁོ་མའི་རང་གཤིས་ཡིན། ཁོ་མོ་རྒྱུན་དུ་དགེ་རྒན་བྱེད་པར་ཧ་ཅང་དགའ། འོན་ཀྱང་ཁོ་མས་ད་ལྟ་ཀ་ཁ་མ་གཏོགས་ཁྲིད་མི་ཤེས་མོད། མ་འོངས་པ་ན་ཕལ་ཆེར་དགེ་རྒན་བཟང་བོ་ཞིག་བྱ་ཐུབ་རྒྱུ་རེད་སྙམ།

ང་ནི་སེམས་ཧ་ཅང་སྙི་མོ་ཅན་གྱི་མི་ཞིག་ཡིན། འོན་ཀྱང་། ངས་སློབ་སྦྱོང་གི་སྟེང་ལ་དཀའ་སྤྱད་སྡུག་རུས་བྱེད་བཞིན་ཡོད། ད་ལྟ་ངའི་སློབ་སྦྱོང་གི་གྲུབ་འབྲས་ཅུང་ཙམ་བཟང་། འོན་ཀྱང་། འབྲས་བུ་འདི་འདྲ་ཞིག་ཐོབ་ཐུབ་པ་ནི། ལོ་རིམ་དང་བོ་ནས་ལོ་རིམ་གཉིས་པའི་བར་དུ། ཕ་མས་རྒྱབ་སྐྱོར་བྱས་ཏེ་ཁྲིད་པས་ཡིན་ནོ།།

རིན་ཆེན་རྡོ་རྗེ།

༄༅།།དཔྱིད་ཀྱི་ཁ་བ།

དཔྱིད་ཁ་སླེབས་བྱུང་། དཔྱིད་རླུང་ལྡང་བྱུང་།

ས་ཆ་གཞན་དུ་མེ་ཏོག་བཞད་པ་དང་རྩྭ་རྩི་ཤིང་ཚང་མ་ལ་མྱུ་གུ་འབུས་ཡོད་པ་རེད། ང་ཚོའི་ས་ཆར་ད་དུང་ཁ་བ་འབབ་བཞིན་ཡོད།

ང་ཡང་ཡར་ལངས་ནས་རྩམ་པ་ཞིག་ཟོས་རྗེས་དཔེ་ཁུག་ཁུར་ཏེ་སློབ་གྲྭར་སོང་བ་དང་། ལམ་བར་གྱི་ཁ་བའི་ཐོག་ཏུ་གོམ་པ་སྤོས་ནས་སོང་བ་ན་ཐྲིག་ཐྲིག་གི་སྒྲ་གྲག་པ་དང་། རྒྱ་ལམ་དུ་རླངས་འཁོར་དང་འཕྲུལ་རྟ་ནི་སེམས་ཆུང་གིས་འགྲོ་བཞིན་ཡོད་ལ། རླངས་འཁོར་གྱི་དུང་སྒྲ་དང་འཕྲུལ་རྟའི་ཏུར་སྒྲ་ནི་མི་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་ལེན་པ་དང་འདྲའོ།།

ང་སློབ་གྲྭའི་ནང་དུ་ཐོན་པ་ན། ཞག་མ་གཅིག་ལ་སློབ་གྲྭ་ནི་དངུལ་དཀར་གྱི་འཇིག་རྟེན་ཞིག་ཏུ་གྱུར་འདུག སློབ་གྲོགས་རྣམས་ཀྱིས་ཁ་བའི་ཐོག་ནས་འདེད་རེས་བྱེད་པ་དང་། ཁ་བ་རྡོག་པོས་རྒྱག་རེས་བྱེད་ཀྱིན་ཡོད། སློབ་གྲོགས་བུ་མོ་རྣམས་ཀྱིས་ཁ་བའི་མི་ལས་བཞིན་འདུག

ཉིན་གུང་ཉི་མ་དྲོ་བའི་རྗེས་སུ། ཁང་ཀླད་ཀྱི་ཁ་བ་ཚང་མ་ཞུ་ནས་ཆུ་ཐིགས་ཐང་ལ་ལྷུང་བ་ནི་སྙན་ཞིང་ཡིད་དུ་འོང་བའི་མཉམ་སྒྲོག་རོལ་མོ་ཞིག་གི་ཟླ་བོར་གྲུབ། ཡང་རྒྱ་ལམ་གྱི་དཀྱིལ་ན་རླངས་པ་འཕྱུར་བ་ནི་ང་ལྷ་ཡུལ་ན་ཡོད་པ་དང་འདྲ།

ངས་དཔྱིད་ཀྱི་ཁ་བར་བསྟོད་པ་བྱེད་དོན་ནི་དཔྱིད་ཀྱི་ཁ་བས་ང་ཚོའི་རང་བྱུང་ཁམས་འདི་མཛེས་པར་སྤུད་པར་མ་ཟད། ད་དུང་མཁའ་དབུགས་དྭངས་གཙང་དུ་བསྒྱུར་བ་དང་དཔྱིད་དཔལ་བསྐྱལ་ཡོང་བ་དེའི་རྐྱེན་ཡིན་ནོ།།

ཚེ་དབང་ལྷ་མོ།

༄༅།།ང་ཡི་ཨ་མ།

ང་ལ་བྱམས་སེམས་ལྡན་པའི་ཨ་མ་ཞིག་ཡོད། འདི་ལྟར་བཤད་དོན་ནི་མོ་ལ་ཆེ་བཀུར་ཆུང་བྱམས་ཀྱི་གཤིས་བཟང་ལྡན་པ་དང་དུས་རྒྱུན་པར་ཁོམ་ནས་མི་འདུག་པ་ཞིག་ཡིན། ཁྱིམ་ལས་སྣ་ཚོགས་ལས་པ་དང་ཟ་མ་ཡང་ཞིམ་པོ་མངར་མོ་ལས་ཀྱི་ཡོད། མོས་རང་ནུས་ཅི་ཡོད་ཀྱིས་ང་དང་ནུ་མོའི་འདོད་པ་སྐོང་གི་ཡོད། ལོ་འདི་འདྲའི་རིང་ལ་ང་དང་ནུ་མོར་ཤ་ཚ་བའི་སློབ་གསོ་གང་མང་བཏང་མྱོང་ཞིང་། སྐབས་འགར་ཡང་གཅར་རྡུང་བྱས་མྱོང་།

གཞན་གྱི་ལྟ་ཚུལ་ཅི་འདྲ་ཡིན་པ་ངས་མི་ཤེས་མོད། འོན་ཀྱང་ངའི་མིག་ལམ་དུ་ཁོ་མོ་ཧ་ཅང་མཛེས། ང་དང་ནུ་མོས་ཁོ་མོའི་དཀའ་སྡུག་གང་མང་ཤེས་ཡོད་པས། རྒྱུན་དུ་སེམས་ལ་ནར་སོན་ན་ཨ་མའི་དྲིན་ལན་འཇལ་རྒྱུ་ཡིན་པའི་སེམས་ཐག་བཅད་ཡོད། དེ་ནམ་ཡང་སེམས་ནས་འགྱུར་མ་མྱོང་། འདི་འདྲའི་ཨ་མ་ཞིག་ཡོད་པ་ནི་ང་དང་ནུ་མོའི་བདེ་སྐྱིད་ཡིན།

ཨ་མ་ལགས། ང་དང་ནུ་མོས་ཁྱེད་ཀྱི་བཀའ་དྲིན་ནམ་ཡང་རྡོ་བརྐོས་རི་མོ་བཞིན་སེམས་ལ་བཟུང་ཡོད།

བཀྲ་ཤིས་གཡང་འཛོམས།

༄༅།།བདག

ངའི་མིང་ལ་ལྷ་མོ་བཀྲ་ཤིས་ཟེར། ང་ནི་བོད་ཡིག་གི་ཚོ་དཔོན་ཞིག་ཡིན།

ང་ནི་ཁོང་ཁྲོ་ལངས་པར་དགའ་བ་དང་། རྩེད་མོ་རྩེ་བར་མི་དགའ་བ་ཞིག་ཡིན། རྒྱུ་མཚན་ནི་རྩེད་མོ་རྩེ་ན་སེམས་སྐྱིད་པོ་ཡིན་མོད། འོན་ཀྱང་ཐོབ་རྒྱུ་ཅི་ཡང་མེད་པས་རྩེད་མོ་བརྩེ་བར་མི་དགའ། ད་དུང་ང་ནི་བསམ་ནག་ཅིག་དང་གཡོ་སྒྱུ་ཅན་ཞིག་མིན།

ང་སློབ་གྲྭའི་ནང་དུ་སོང་ན་སློབ་ཁྲིད་ཉན་པར་མི་དགའ། འོན་ཀྱང་རི་མོ་འབྲི་བར་ཧ་ཅང་དགའ། རྒྱུ་མཚན་ངའི་ཕུགས་བསམ་ནི་རི་མོ་མཁན་ཞིག་ཏུ་འགྱུར་རྒྱུ་དེ་ཡིན། ད་དུང་ངས་རི་མོ་བྲིས་ནས་དགེ་རྒན་ལ་བལྟ་རུ་བཅུག་རྗེས་དགེ་རྒན་གྱིས་ང་ལ་སྐར་མ་བརྒྱ་མ་བརྒྱབ་པས་ངའི་སེམས་སྡུག་སོང་།

ངའི་ཁྱིམ་དུ་ནུ་བོ་གསུམ་དང་སྲིང་མོ་གཅིག་ཡོད་པས་ངས་ནན་ཏན་བྱས་ནས་སློབ་སྦྱོང་བྱ་མི་ཐུབ། ལས་བྱ་ཡང་ཡག་པོ་འབྲི་མི་ཐུབ་པས་ངའི་སེམས་མི་སྐྱིད་པར་མ་ཟད། བརྙན་འཕྲིན་ལ་བལྟ་རུ་མི་འཇུག ད་དུང་མཚམས་རེར་ཉལ་དུ་ཡང་མི་འཇུག

ང་ནི་སེམས་པ་བཟང་བའི་བྱིས་པ་ཞིག་ཡིན། འོན་ཀྱང་ངས་མཚམས་རེར་ལས་བྱ་མི་འབྲི། རྒྱུ་མཚན་ནི་ངས་འབྲི་རྒྱུ་ཡོད་པ་མི་ཤེས། ངའི་སེམས་ནི་དཀར་པོ་ཞིག་ཡིན་ཡང་མཚམས་རེར་ཁོར་ཡུག་དབང་གིས་ནག་པོ་རུ་འགྱུར་དུས་ཡོད། ཡིན་ཡང་ངའི་རང་གཤིས་བཟང་བོ་དང་ཀུན་སྤྱོད་བཟང་བོ་འགྱུར་དུ་མི་འཇུག་སྙམ།

ལྷ་མོ་བཀྲ་ཤིས།

༄༅།།བདག་གི་ཨ་ཕ།

བདག་གི་ཨ་ཕ་ད་ལོ་དགུང་ལོ་ཞེ་གཉིས་ལོན་ཡོད། ཁོང་གི་གཟུགས་རིང་ཡང་ཤ་སྐམ་ཞིང་རིད། ངའི་ཨ་ཕ་ནི་སློབ་གྲྭ་ཞིག་གི་སློབ་གཙོ་གཞོན་པ་ཡིན་ཞིང་། སྤྱི་སེམས་ཆེ་ལ་སྒེར་སེམས་མེད་པས་དགེ་སློབ་ཚོར་ཕན་བདེ་མི་ཉུང་བ་ཞིག་སྐྲུན་བཞིན་མཆིས། ཁོའི་ཐུགས་མོས་ནི་གྲངས་རིག་འདྲི་གཞི་འགྲོལ་རྒྱུར་དགའ། ང་དང་ནུ་མོ་གཉིས་ཀྱིས་འགྲོལ་མི་ཐུབ་པའི་འདྲི་གཞི་ཨ་ཕས་ཐོགས་རྡུགས་མེད་པར་བརྩི་ཐུབ་པས། ང་རང་ཨ་ཕ་ལ་ཡིད་སྨོན་འཆོར། ངའི་སེམས་སུ་ཨ་ཕ་ལ་ལྷན་སྐྱེས་ཀྱི་ནུས་པ་ཁྱད་པར་བ་ཞིག་ཡོད་སྙམ། ཉིན་ཞིག་ལ་ངས་ཨ་ཕ་ལ་ཁྱེད་ལ་ལྷན་སྐྱེས་ཁྱད་ནུས་ཡོད་དམ་ཞེས་དྲིས་པ་ན། ཨ་ཕས་མ་ཡིན་ཏེ། མི་ལ་བརྩོན་འགྲུས་ལྡན་གྱུར་ན། ། མི་འགྲུབ་བྱ་བ་ཅི་ཡང་མེད།། ཅེས་ཟེར་བ་བཞིན་དུ་བྱ་བའམ་རྩིས་ཕྲེང་དཀའ་མོ་ཞིག་ལ་འཕྲད་དུས། མ་ཤེས་ན་དེ་ལྟར་བསྐྱུར་ནས་འཇོག་མི་ཆོག་པར་ཡིན་གཅིག་མིན་གཉིས་ཀྱིས་བྱ་བ་དེའམ་རྩིས་ཕྲེང་དེ་ཤེས་སུ་འཇུག་དགོས་ཟེར།

ངས་ད་ནས་བཟུང་ཨ་ཕ་ལ་སློབ་སྦྱོང་བྱ་དགོས་སྙམ། ཨ་ཕ་ནི་ངའི་མི་ཚེ་འདིའི་བཀའ་དྲིན་ཅན་གྱི་ཡབ་ཆེན་ཡིན་པས། ང་ཨ་ཕ་ལ་དགའ།

སངས་རྒྱས་སྐྱིད།

༄༅།།བདག་གི་ཨ་མ།

གནམ་འོག་གི་བྱིས་པ་ཚང་མ་ལ་སྙིང་ཉེ་བའི་ཨ་མ་ཞིག་ཡོད། ང་རང་ལའང་དེ་འདྲའི་ཨ་མ་ཞིག་ཡོད།

ཁོ་མོ་ནི་ངའི་ཨ་མ་ཡིན། མིང་ལ་མཁའ་འགྲོ་འཚོ་ཟེར། ད་ལྟ་ལོ་བཞི་བཅུ་ཡས་མས་ལ་སོན་ཡོད། ཁོ་མོའི་གདོང་གི་འགྲམ་པ་གཉིས་ནི་ཀུ་ཤུ་ལྟར་དམར་བ་དང་། ངས་རྒྱུན་དུ་མོ་ལ་ཕོག་ཐུག་མང་པོ་བཏང་ཡོད་པས་ཁོ་མོའི་གདོང་ལ་རྒས་གཉེར་གྱི་རི་མོ་བབས་ཡོད།

ཨ་མ་ཆུང་དུས་སློབ་གྲྭར་མ་སོང་། ཨ་མ་ཆུང་དུས་སུ་ཡུལ་གྱི་ལས་ཀ་དང་ཁྱིམ་ལས་ཚང་མ་ལས་མཁན་མི་གཅིག་པུ་མ་གཏོགས་མེད་པས། ཨ་མ་དང་ཨ་ནེ་གཉིས་སློབ་གྲྭ་ལ་འགྲོ་རུ་མ་བཅུག་པར་ཡུལ་ནས་ཨ་ཕྱི་ལ་རི་ལས་དང་ཁྱིམ་ལས་ལས་རོགས་བྱེད་དུ་བཅུག དགོང་མོ་དུས་ཚོད་གཅིག་གཉིས་ཀྱི་སྟེང་ལ་མལ་ལས་ལངས་ནས་འོ་མ་བཞོ་བ་དང་། ཞོགས་པའི་དུས་ཚོད་བདུན་བརྒྱད་ཀྱི་སྟེང་དུ་ཟོག་རྫིའམ་ལུག་རྫི་རུ་འགྲོ་བཞིན་ཡོད། ཕྱིར་ཡུལ་དུ་ཡོང་དུས་ཨོང་བ་ལས་དགོས་པ་སོགས་ཨ་མ་ཆུང་དུས་སུ་དཀའ་སྡུག་མང་བོ་མྱངས་ནས་ནར་སོན་པ་རེད།

ཨ་མ་ཆུང་དུས་སློབ་གྲྭར་མ་སོང་བའི་རྐྱེན་གྱིས། དུས་རྒྱུན་ང་ལ་སློབ་སྦྱོང་བཟང་བོ་བྱེད་དགོས་པ་དང་སློབ་སྦྱོང་བཟང་བོ་མ་བྱས་ན་ནར་སོན་རྗེས་མོ་དང་འདྲ་བར་ཁོར་ཡུག་གཙང་སྦྲ་བྱེད་པའི་ལས་ཀའང་ལས་རྒྱུ་མེད་ན་ཁྱོད་ཀྱིས་ཅི་བྱེད་རྒྱུ་ཡིན་ཞེས་ཟེར།

ད་ལྟ་ཡིན་ནའང་། ཨ་མས་རྒྱུན་དུ་ལས་ཀ་ལས་ཚར་ཏེ་ཁྱིམ་དུ་ཐོན་ན་ད་དུང་ཁྱིམ་ལས་ལས་པ་དང་། ཟ་མ་བསྐོལ་བ་སོགས་ལས་ཀ་མང་བོ་ཞིག་ལས་རྒྱུ་ཡོད་པས་སྔར་བཞིནདཀའ་སྡུག་མང་བོ་མྱོང་བཞིན་ཡོད།

ཨ་མ་ལགས་ཁྱོད་ཀྱིས་མི་ཚེ་འདིར་ངའི་ཆེད་དུ་དཀའ་སྡུག་མང་བོ་ཞིག་མྱངས་སོང་། ང་ནར་སོན་རྗེས་ཁྱོད་ལ་དྲིན་ལན་འཇལ་ཁོ་ཐག་ཡིན།

སངས་རྒྱས་འཚོ།

༄༅།།བདག་གི་ཨ་ཕ།

བདག་གི་ཨ་ཕ་ནི་ད་ལོ་ལོ་སོ་གསུམ་ཡིན། ཁོའི་གཟུགས་འབྲིང་ཙམ་ཡིན། ལུས་ལང་ཚོ་དར་ཞིང་རྒྱས་པའི་གཞོན་ནུ་ཞིག་ཡིན། སྤོབས་པ་དྲག་པོས་ཁེངས་ཡོད། ཁོའི་སློབ་སྦྱོང་གི་སྡུག་རུས་དང་བྱ་བའི་སྙིངསྟོབས་ནི་མི་སུ་དང་སུ་ལས་ཀྱང་མཐོ་ཞེས་ངས་མགྲིན་པ་གཟེངས་སུ་བཏེགས་ནས་བཤད་ཕོད། ངའི་ཨ་ཕ་ནི་གླུ་བ་ཞིག་ཡིན། གླུ་ཚིག་འབྲི་རྒྱུར་ཡང་ཧ་ཅང་དགའ། ངའི་ཨ་ཕ་གླུ་བ་བཟང་བོ་ཞིག་བྱེད་པའི་ཆེད་དུ་ནམ་ཡིན་ཡང་བརྩོན་འགྲུས་ཀྱིས་གླུ་ཚིག་མང་བོ་བྲིས་ཤིང་གླུ་བླངས་པ་རེད། ད་རུང་ཨ་ཕས་ང་ལ་བོད་ཡིག་མི་ཤེས་པ་རྣམས་བཤད་ཀྱི་ཡོད། དེ་ནས་ངས་བློ་རྩེ་ཉི་ཤུ་རྩ་ལྔ་བསྒྲིམས་ནས་ཉན་པ་ན་བོད་ཡིག་ཡག་པོ་ཞིག་ཤེས་སོང་། འདི་ལྟར་ཉིན་རེ་ནས་ཉིན་རེ་འདས་ཤིང་ལོ་རེ་ནས་ལོ་རེ་འདས་པས། ཨ་ཕས་གླུ་ཡག་པོ་ཞིག་སྦྱངས་པ་དང་གླུ་དེའི་མིང་ལ་ལྡོང་སྨུག་པོ་ཚང་ཟེར།

དཀོན་མཆོག་རྣམ་རྒྱལ།

༄༅།།ངའི་ཨ་ཅེ།

ངའི་ཨ་ཅེ་ནི་མཐོ་འབྲིང་གི་སློབ་མ་ཞིག་ཡིན། མོ་ད་ལྟ་ལོ་བཅུ་དྲུག་ཡིན་པ་དང་སྐྲ་ནི་ནག་ཅིང་འོད་འཁྱུག་པ་ཞིག་ཡིན། གཟུགས་ནི་ཧ་ཅང་རིང་། མོའི་ཆེས་དགའ་ས་ནི་བྲོ་འཁྲབ་རྒྱུ་ཡིན། བྲོ་འཁྲབ་པ་ཧ་ཅང་བཟང་། རྒྱུན་དུ་སློབ་གྲྭའི་ནང་ནས་བྲོ་འཁྲབ་རྒྱུའི་གོ་སྐབས་རེ་བྱུང་ཚེ་བྲོ་འཁྲབ་པ་རེད།

རྒྱུན་དུ་ངས་མི་ཤེས་པའི་དྲི་བ་ཡོད་དུས། མོས་ནན་ཏན་གྱིས་ང་ལ་ཞིབ་མོར་བཤད་པ་རེད། ཟ་མ་ཞིམ་པོ་ཡོད་ན་མོས་ནམ་ཡང་ང་ལ་བཟའ་རུ་འཇུག ཡིན་ཡང་མོར་སྐྱོན་ཆ་དང་བཟང་ཆ་གཉིས་ཀ་ཡོད་པ་དང་། བཟང་ཆ་ནི་མོ་གཞན་ཕན་གྱི་དོན་སྒྲུབ་པར་དགའ། དཔེར་ན་སྤྱི་སྤྱོད་རླངས་འཁོར་ནང་དུ་རྒན་རྒོན་རྣམས་ཡོད་ན་དེར་འདུག་ས་སྟེར་བ་དང་། སློབ་གྲོགས་ལ་དཀའ་ཁག་ཡོད་ན་དེ་ལ་རོགས་རམ་བྱེད་རྒྱུར་དགའ་བ་རེད། སྐྱོན་ཆ་ནི་སྐབས་རེར་གཙང་སྒྲ་བྱེད་པར་མི་དགའ་བ་དེ་རེད།

ང་དང་ཨ་ཅེ་གཉིས་ཀྱིས་མཚམས་རེར་ཕན་ཚུན་ལ་སྐད་ཆ་གཅིག་ཀྱང་མི་བཤད་པར་སྤོ་ལངས་ནས་བསྡད་ནའང་ཅུང་མ་འགོར་བར་འཆམ་མཐུན་འབྱུང་བ་ཡིན། མོ་ནི་ནམ་ཡང་ངོ་ལ་འཛུམ་མདངས་ཀྱིས་ཁེངས་པ་ཞིག་ཡིན།

འདི་ནི་ངའི་ཨ་ཅེ་ཡིན་པ་དང་། མོ་ནི་ང་ལ་ཤ་ཧ་ཅང་ཚ་བ་དང་། ང་ཡང་མོ་ལ་སྙིང་ཉེ་བ་ཡིན། མོའི་སེམས་ནི་ཧ་ཅང་བཟང་སྟེ། ཐེངས་ཤིག་ང་དང་ཨ་ཅེ་རྒྱ་ལམ་དུ་འགྲོ་དུས་ཁ་པར་ཞིག་རྙེད་པ་དང་། མོས་ཁ་པར་གྱི་བདག་པོར་སྒུག་ནས་ཅུང་ཙམ་འགོར་རྗེས་བདག་པོ་དང་འཕྲད་པས་མོས་ཁ་པར་དེ་བདག་པོ་ལ་བྱིན། མོས་ང་ལ་དངོས་པོ་ཞིག་རྙེད་ན་བདག་པོ་ལ་ཕྱིར་སྟེར་དགོས་ཞེས་ཟེར། སྐབས་དེར་ངའི་སེམས་སུ་ཨ་ཅེ་ནི་ངོ་མ་མཛེས་པ་དོན་དང་ལྡན་པ་ཞིག་རེད་སྙམ་ནས་མིག་དབང་ཁོ་མོའི་སྟེང་ལ་ཤོར།

སྐལ་བཟང་ལྷ་མོ།

ལྔ་བཞི་འཛིན་གྲྭ།