༄༅།། ཨ་མའི་དུས་ཆེན་ལ་ང་ཚོས་པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་ཡབ་གཞིས་བསོད་ནམས་སྒྲོལ་མ་མཆོག་གི་མ་མད་བར་གྱི་བརྩེ་འདང་ལ་རོལ་མྱོང་ཞིག་བྱ།

【 母亲节让我们来感受十世班禅大师母亲尧西·索朗卓玛的母女情结】

དེ་ཡང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མ་ཡུམ་ཡབ་གཞིས་བསོད་ནམས་སྒྲོལ་མ་མཆོག་ནི་བྱམས་སྙིང་རྗེ་ལྡན་ཞིང་བློ་རིག་པ་འཛོམས་པའི་རླབས་ཆེན་གྱི་ཨ་མ་ཞིག་ཡིན། མ་ཡུམ་མཆོག་ཆུང་དུས་ནས་ཀུན་ཕན་བྱམས་སེམས་ལྡན་ཞིང་གཞན་དོན་འཁུར་དུ་ལེན་པ།ཁྱིམ་མཚེས་གཡས་གཡོན་ལ་རོགས་རམ་བྱེད་པར་དགའ་བའི་ཀུན་སྤྱོད་དེ་ཀུན་གྱིས་བསྟོད་པའི་གནས་དང་།བསྔགས་པའི་ཡུལ། དགའ་བའི་རྒྱུར་འགྱུར་ཡོད་ལ། དུས་ད་ལྟའང་འཁྲུངས་གཞིས་གཤོང་ཡུལ་སྡེ་བ་གཙོས་ཡུལ་ཕྱོགས་ཀུན་ཏུ་ཁོང་གི་བླ་ན་འཕགས་པའི་ཀུན་སྤྱོད་དང་།རྣམ་པར་དཀར་བའི་ལྷག་བསམ། ལྷོད་པ་མེད་པའི་བརྩོན་སེམས།འགྱུར་བ་མེད་པའི་རང་གཤིས་ཀྱི་མཛད་པའི་རྣམ་ཐར་གང་མང་བརྗོད་རྒྱུ་ཡོད།

དེ་ཡང་བིས་མདོ་གཤོང་ཡུལ་བྲེ་ཚང་ནས་སྐུའི་སྐྱེས་བ་བཞེས་ཤིང་ངེས་པ་དོན་གྱི་སྒྲོལ་མ་དཀར་མོའི་རྣམ་སྤྲུལ་ཡབ་གཞིས་བསོད་ནམས་སྒྲོལ་མ་མཆོག་དགུང་ལོ༡༨ ལ་སོན་རྗེས། འཁོན་རིགས་ས་སྐྱའི་གདུང་རྒྱུད་བིས་མདོ་སྟོང་དཔོན་གུར་མགོན་ཚེ་བརྟན་དང་གཉེན་སྡེབ་པ་ལས་སྔ་རྗེས་སུ་བུ་གཉིས་དང་བུ་མོ་གཅིག་སྐྱེས་ཤིང་།བུ་ཆེ་བ་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་དང་བུ་ཆུང་བ་ཡབ་གཞིས་མགོན་པོ་སྐྱབས་ཡིན་ལ།ཁོང་གཉིས་ཀྱི་བར་དུ་བུ་མོ་ཞིག་ཀྱང་སྐྱེས་ཡོད། ༡༩༤༤ ལོར་བུ་ཆེ་བ་མགོན་པོ་ཚེ་བརྟན་པཎ་ཆེན་སྐུ་ཕྲེང་དགུ་པའི་འོས་སྤྲུལ་ལ་ཐག་གཅོད་གནང་སྟེ་སྐུ་འབུམ་དགོན་པར་གདན་འདྲེན་ཞུས།བིས་མདོ་སྟོང་དཔོན་ཡབ་གཞིས་གུར་མགོན་ཚེ་བརྟན་མཆོག་གིས་ཕེབས་རོགས་གནང་སྟེ་སྐུ་འབུམ་དུ་བཞུགས་དགོས་པ་བྱུང་། མ་ཡུམ་བསོད་ནམས་སྒྲོལ་མ་མཆོག་སྔར་བཞིན་བིས་མདོ་མ་རུ་སྡེ་བའི་སྟོང་དཔོན་གྱི་ཁྱིམ་ནས་བུ་མོ་དང་བུ་ཆུང་བ་ཡབ་གཞིས་མགོན་པོ་སྐྱབས་དང་ལྷན་དུ་འཚོལ་བ་རོལ་བཞིན་བསྡད།སྐབས་དེར་སྟབས་མ་ལེགས་པ་ཞིག་ལ་ལོ་ན ༥ ཙམ་ལས་མེད་པའི་ཁོང་གི་བུ་མོར་ཤངས་ནད་ལྕི་མོ་ཞིག་ཕོགས་བས།ཡུལ་ཕྱོགས་དེའི་སྨན་བཅོས་དང་མོ་རྩིས་ལུང་བསྟན་གང་གིས་ཀྱང་མ་ཕན་པར་ཚེ་སྲོག་གི་དབུགས་རྒྱུན་ཆད་ལ་ཉེ་བ་ཞིག་བྱུང་། དུས་དེར་མ་ཡུམ་བསོད་ནམས་སྒྲོལ་མ་མཆོག་གིས་ལན་ཀྲོའུ་གྲོང་ཁྱེར་དུ་ཨུ་རུ་སུའི་སྨན་པ་ཞིག་༼ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་སྤེལ་མཁན་ཞིག་ཡིན་པ་འདྲ༽ཡོད་པ་གོ་ཐོས་བྱུང་སྟེ། རང་ཁྱིམ་གྱི་འཚོ་བའི་ཡོ་བྱད་ཀྱི་གཞི་མ་སྟེ་བོང་བུ"པཱན་ཤིང"ཟེར་བ་ཞིག་ཡོད་པ་ལ་ལམ་ཆས་བཀལ་ཞིང་།ལོ་ན ༥ ཙམ་ལས་མེད་པའི་བུ་མོ་རང་གི་རྒྱབ་ཏུ་འཁུར་ནས། སྤྱི་ལེ ༣༠༠ ལྷག་གི་ལམ་སྐྱ་མོ་འདོམ་ལ་འཇལ་ཞིང་ཆུ་གཙང་མོ་ཐད་ཀྱིས་བཅད་ནས་བུ་མོར་སྨན་བཅོས་བྱ་རུ་སོང་། ལམ་བར་དུའང་ཐང་ཆེན་པོ་གདན་དུ་བཏིངས་ཤིང་དགོང་སྐར་ཚོགས་སྔས་སུ་བཞག་ནས།མཚན་མུན་པའི་འཇིགས་པ་བསད་ཅིང་ཆུང་བུ་མོའི་འཁྱག་ལྟོགས་བཀག། རྩམ་སྐྱ་ཆུ་ལ་སྦྱར་ཞིང་ཙད་ཆེན་ཕྱག་གིས་བཀབ་པའི་ཨ་མའི་སྙིངས་སྟོབས་དེ།ས་བབ་སྨི་བཞི་སྟོང་ལས་བརྒལ་བའི་དར་རྒྱལ་རི་བོའི་སྤྱང་དར་མའི་འཇིགས་པ་དང་དགྲ་ཇག་པའི་འཐབ་ར་ལས་རྒྱལ་ཏེ་ལན་ཀྲོའུ་གྲོང་ཁྱེར་དུ་ཐོན་པས་བུ་མོའི་ནད་གཞི་དྲག་སྐྱེས་ཐུབ་པ་བྱུང་། ཕྱིར་རང་ཁྱིམ་དུ་ལོག་རྗེས་མ་ཡུམ་མཆོག་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ནས་རང་གི་བུ་ཆེ་བ་སྟེ་དགུང་ལོ༨ ཙམ་ལས་མེད་པའི་པཎ་ཆེན་སྐུ་ཕྲེང་དགུ་པའི་འོས་སྤྲུལ་མགོན་པོ་ཚེ་བརྟན་མཆོག་ལ་ཞབས་ཏོག་སྒྲུབ་དགོས་པ་བྱུང་བས།ད་སོ་མ་ནད་གཞི་ལས་དྲག་པའི་བུ་མོ་ཁྱིམ་ཚེའི་གཉེན་མི་ཞིག་ལ་མངགས་བཅོལ་མི་བྱེད་ཐབས་མེད་བྱུང་།མ་ཡུམ་མཆོག་སྐུ་འབུམ་དུ་འབྱོར་རྗེས་ཅི་ནུས་གང་ཐུབ་དང་བློ་སེམས་གཅིག་སྒྲིལ་སྒོས་འོས་སྤྲུལ་མགོན་པོ་ཚེ་བརྟན་མཆོག་ལ་འཚོ་བའི་མཐུན་རྐྱེན་སྐྲུན་ཞིང་།ཡང་སྤྲུལ་ངོས་འཛིན་གྱི་དུས་ཟིང་ལས་ཕྱིར་ཕ་ཡུལ་ལ་ལོག་པའི་གོ་སྐབས་མ་བྱུང་། དུས་དེར་བུ་མོའི་ནད་རྙིང་འཕར་ནས་མ་ཡུམ་མཆོག་ལ་ཞལ་ངོ་ཙམ་ཡང་མཇལ་མ་ཐུབ་པར་ཚེ་ལས་འདས།འདི་ཡང་མ་ཡུམ་མཆོག་གི་ཚེ་འདིའི་སེམས་ཀྱི་ན་ཟུག་ཅིག་ཡིན་ལ། ཁོང་གི་སྐུ་ཚེ་སྨད་དུ་དོན་འདི་གླེང་ཐེངས་རེར་རང་དབང་མེད་པར་འགྱོད་སེམས་ཀྱི་མཆི་མ་གྲངས་མེད་བཞུར་མྱོང་། གང་ལྟར་ལོ་རབས་བཞི་བཅུ་པའི་སྐབས་སུ་བོང་བུ་ཞིག་ལ་བསྟེན་ནས་ཉིན་ཞག་བཞི་བཅུ་ལྷག་གི་རིང་ལ་སྤྱི་ལེ ༦༠༠ ལམ་ཐག་རིང་མོ་ཞབས་ཀྱིས་བཅག་ཅིང་། ཁ་ཆར་བུ་ཡུག་དང་བཀྲེས་སྐོམ་འཁྱག་གསུམ་གྱི་དཀའ་སྡུག་གདོང་གིས་བསུས་ནས། རང་གི་བུ་མོའི་ཚེ་སྲོག་བསྐྱབས་པའི་སྙིང་སྟོབས་འདིས་རླབས་ཆེན་གྱི་མ་ཡུམ་ཡབ་གཞིས་བསོད་ནམས་སྒྲོལ་མ་མཆོག་གི་བྱམས་སྙིང་རྗེ་ཡི་རང་གཤིས་མངོན་པར་མཚོན་ཐུབ། ཡུལ་ཕྱོགས་ཀུན་གྱིས་ཁོང་ལ་ཨ་མ་ཚང་ཞེས་འབོད་པའང་དོན་དང་མཐུན་ཞིང་། མ་ཡུམ་ཞིག་ལ་འཛོམས་དགོས་པའི་བྱམས་སེམས་དང་སྙིང་རྗེ།ལྷག་བསམ་སོགས་ཀྱང་ཁོང་གི་གཤིས་སུ་ལྷུན་གྱིས་གྲུབ་ཡོད། དེ་བས་དེ་རིང་གི་མ་ཡུམ་དུས་ཆེན་གྱི་གོ་སྐབས་དང་བསྟུན་ནས་ཡབ་གཞིས་བསོད་ནམས་སྒྲོལ་མ་མཆོག་གི་མཛད་རྣམ་འདི་ཀུན་ལ་སྐྱེས་སུ་ཕུལ་སྟེ། འཛམ་གླིང་གོ་ལ་ཟླུམ་པའི་སྟེང་གི་མ་ཡུམ་རྣམས་ལ་ནད་མེད་ཚེ་རིང་ལོ་བརྒྱ་ཐུབ་པ་དང་ཅི་བསམ་བྱ་གཞག་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན།

第十世班禅额尔德尼·确吉坚赞的母亲尧西·索朗卓玛是一个非常具有慈爱之心的母亲,她出生在青海省循化县文都乡相玉村,18岁出嫁到循化县文都乡玛日村的一个千户家庭,她有两个儿子一个女儿,1944年,她的丈夫古公次旦带着大儿子贡保才旦(十世班禅大师俗名)去了塔尔寺参加认定九世班禅的灵童,二儿子公布甲尚在襁褓之中,当时她5岁的女儿因为鼻部得了非常严重的疾病,她带着女儿看过当地的所有大夫包括藏医大夫,病情一直没有好转,当她听说甘肃省兰州市有个西方欧洲人开办的基督教教会医院,治疗费用低,女儿的病或许就能治好,于是她就有了带女儿去兰州市治病的想法,加上病情加重,治疗刻不容缓,她心急如焚,说走就走,便把家里的一头毛驴牵上,毛驴的名字叫“班乡”,把行囊、炊具和小帐房驮给毛驴,还带了一些糌粑馍馍背着女儿便出发了,路上要经过循化县道帷乡大力加山,该山海拔4000多米,又有强盗横行,野兽出没,这样的路有很多,但是在母亲眼里,这些都不算什么,治好女儿的病才是她最关心和迫切的,一路上,她不会说汉话,只能靠比划和形容来表达意思,她寄宿过沿途的人家,搭小帐房睡过荒郊野外,饿了就吃点糌粑馍馍,渴了就喝点雪水或者河水,功夫不负有心人,就这样风餐露宿,终于历时20多天,行程300多公里,她带着女儿到达了兰州市,找到这家基督教会的医院,经过短期的治疗,女儿的病情有了很大的好转,于是她又背着女儿牵着“班乡”回到了玛日村。因为她要参加班禅堪布会议厅寻访认定事宜,她便离开女儿前往塔尔寺,女儿也只能交给其他亲戚照顾,后来由于女儿病情再次复发,她的女儿最终不幸去世。

每当她回想这件事情,她就泪流满面,她后悔从兰州回来没有更好的照顾女儿,导致女儿不幸离世。就是这样一个普通的母亲,来回步行600多公里,历时40多天,语言不通,道路不熟,不惧生死,不畏严寒,带着一份母亲的责任,踏上了一条希望之路。她就是这样一位朴素无华、村民爱戴、邻里赞扬、藏族群众尊敬的好母亲-阿妈仓。