སློབ་རའི་གསར་འགྱུར།

美友14605427

སྐད་དང་ཡི་གེ་ནི་མི་རིགས་གང་དེའི་གཟུགས་ཡོད་དང་གཟུགས་མེད་རིག་གནས་ཡོད་དོ་ཅོག་གི་ཐེག་གཟུགས་ཉག་གཅིག་ཡིན་པ་མཁས་པའི་ཞལ་སྒྲོས་དང་རིག་པའི་ཁུངས་ལོང་ཀུན་ཏུ་བསྙོན་དུ་མེད་ལ།བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་མཐའ་དག་གི་བརྒྱུད་པ་མི་ཆད་པར་རྒྱུན་འཛིན་དང་དར་སྤེལ་དགོས་ན་དོན་དངོས་སྐད་དང་ཡི་གེའི་སློབ་སྦྱོང་ལ་ཐུག་ཡོད།ལར་མི་རིགས་གང་དེའི་སང་ཉིན་གྱི་འཕེལ་འགྱུར་དེ་ཡང་ན་ཆུང་བྱིས་དག་ལ་རེག་ལས་པས།སློབ་ཁྲིད་དང་སློབ་གསོའི་བྱ་བར་གཞོལ་བའི་དགེ་རྒན་ཞིག་ཡིན་ཕྱིན།སློབ་མའི་ཡིག་གཟུགས་ལ་མཐོང་ཆེན་བྱ་རྒྱུ་དང་།ཆུང་དུས་ནས་སློབ་མར་ཡིག་གཟུགས་འབྲི་བར་དགའ་བའི་མོས་པ་སྐྱེད་སྲིང་བྱ་རྒྱུ་ནི་སློབ་ཆུང་སྐད་ཡིག་དགེ་རྒན་ཞིག་ལ་ངེས་པར་འཆག་དགོས་པའི་འདུ་ཤེས་ཡིན་པར་སེམས་ལ།བློ་མཐུན་ཞི་ཅིང་ཕིང་གིས་གསུངས་པའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་དགོངས་གཞག་འགལ་མེད་ཡིན་ནོ།།

ཟླ་༤པའི་ཚེས་༣༠ཉིན་ཏེ།སྐབས་གཉིས་པའི་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཉིན་མོ་བཟང་པོ་དང་བསྟུན་ནས།ངེད་ཉག་ཆུ་རྫོང་མགོ་ལོག་ས་ཁུལ་བཅའ་སྡོད་སློབ་གྲྭའི་བོད་སྐད་ཡིག་སློབ་ཞིབ་ཚན་ཁག་གིས་གོང་རིམ་དབུ་ཁྲིད་ཀྱི་རྒྱབ་སྐྱོར་དང་མཐུན་རྐྱེན་བསྒྲུབས་པའི་བཀའ་དྲིན་འོག།ཉག་ཆུ་རྫོང་མགོ་ལོག་ས་ཁུལ་བཅའ་སྡོད་སློབ་གྲྭའི་སྐབས་དང་པོའི་ཡིག་གཟུགས་འགྲན་བསྡུར་ལེགས་འགྲུབ་ངང་སྤེལ་བ་ཡིན།

བྱ་འགུལ་ལ་ལས་རིམ་གསུམ་སྟེ།

ལས་རིམ་དང་པོར་རྒན་དབང་ཕྱུག་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་བྱུང་རིམ་དང་།ཡིག་གཟུགས་དུས་ཆེན་གྱི་དུས་རྟགས་ཀྱི་རི་མོ་སོ་སོའི་མཚོན་དོན་ལ་ངོ་སྤྲོད་གནངས་ལ།སློབ་མ་རྣམས་ཀྱིས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ངེས་ཤེས་ཆགས་དགོས་ཚུལ།ཆུང་དུས་ནས་ཡིག་གཟུགས་ལ་དོ་སྣང་དང་འབད་འབུངས་ཀྱིས་སློབ་སྦྱོང་བྱ་དགོས་ཚུལ་སོགས་ཀྱི་སློབ་སྟོན་ཟབ་མོ་གནང་།

ལས་རིམ་གཉིས་པར་སློབ་མ་རྣམས་ཀྱིས་ཡུལ་དངོས་ཡིག་གཟུགས་འགྲན་སྡུར་བྱས།སློབ་གྲྭའི་འཛིན་གྲྭ་བཅུ་གཉིས་ལ་མཐོ་རིམ་འཛིན་གྲྭ་དང་དམའ་རིམ་འཛིན་གྲྭ་ཁག་གཉིས་སུ་ཕྱེས་ནས་འགྲན་སྡུར་སྤེལ་ལ།དེ་ཡང་ཡི་གེ་ཨ་ནི་གསལ་བྱེད་སུམ་ཅུའི་བདག་ཉིད་ཅན་ཡིན་པས།རྒྱུགས་ར་ཡི་གེ་ཨ་ཡི་རི་མོའི་རྣམ་པར་བཀོད་སྒྲིག་བྱས་ཤིང་།ཁྱོན་ཡོངས་སློབ་མ་ཉེར་གཉིས་ཡུལ་དངོས་རྒྱུགས་འགྲན་ལ་ཞུགས་པ་ཡིན།

དེ་ནས་སློབ་གཙོ་ཚེ་རིང་ལོ་བརྒྱ་དང་བོད་ཡིག་དགེ་རྒན་དྲུག་གིས་སློབ་མའི་ཡིག་གཟུགས་འགྲན་སྡུར་ལ་དཔྱད་འདེམས་བྱས་ལ།མཐོ་རིམ་འཛིན་གྲྭ་དང་དམའ་རིམ་འཛིན་གྲྭ་སོ་སོར་ཨང་རིམ་དང་པོ་དང་གཉིས་པ།ཨང་རིམ་གསུམ་པ།ཕུལ་བྱུང་བྱ་དགའི་གཟེངས་རྟགས་བཏགས་པ་ཡིན།

མཇུག་ཏུ་ཡིག་གཟུགས་འགྲན་སྡུར་གྱི་ཚོགས་རའི་གཞོག་གཉིས་སུ་འཛིན་གྲྭ་སོ་སོའི་ཡིག་གཟུགས་ལ་དགའ་བའི་སློབ་མ་དག་གི་ཡིག་གཟུགས་བརྩམས་ཆོས་དང་།བོད་ཡིག་དགེ་རྒན་སོ་སོའི་འབྲུ་ཚ་དང་སུག་རིང་།དབུ་ཅན་སོགས་ཀྱི་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་བྱས་ཡོད་པ་དག་ལ་ལྟད་མོ་དང་ཕན་ཚུན་སློབ་སྦྱོང་བྱས་པ་ཡིན།

ཉག་ཆུ་རྫོང་མགོ་ལོག་ས་ཁུལ་བཅའ་སྡོད་སློབ་གྲྭས།

ཕྱི་ལོ་༢༠༢༡ལོའི་ཟླ༤པའི་ཚེས་༣༠ཉིན།