དྲན་ཆན་་གྲོང་རྡལ་ལྟེ་བའི་བུ་བཅོལ་ཁང་དུ་གངས་ལྷ་མེ་ཏོག་གི་རིམ་པའི“སློབ་མ་དབུལ་པོར་གཅེས་སྐྱོང་བྱེད་པའི”རོགས་སྐྱོར་བྱེད་སྒོ་སྤེལ་བ།(གཉིས)

珍秦镇中心幼儿园开展雪莲花系列之“关爱贫困生”帮扶活动(二)

སློབ་ཞུགས་གོང་གི་སློབ་གསོ་ཡག་པོ་གཉེར་བ་དང་།བྱིས་པ་གསོ་སྐྱོང་ཐུབ་པ།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་ཏང་དང་སྲིད་གཞུང་གིས་མི་སེར་ལ་བྱ་བ་དངོས་སྒྲུབ་པའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པས་བྱིས་པ་ཁྲི་གཅིག་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུ་དང་འབྲེལ་བ་ཡོད་པ་དང་།སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པ།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་འབྱུང་འགྱུར་དང་འབྲེལ་བ་ཡོད་པ་བཅས་རེད།

办好学前教育、实现幼有所育、是党的十八大作出的重要决策部署,是党和政府为老百姓办实事的重大民生工程,关系一万儿童健康成长,关系社会和谐稳定,关系党和国家事业未来。

དྲན་ཆན་་གྲོང་རྡལ་ལྟེ་བའི་བུ་བཅོལ་ཁང་གི་2021ལོའི་ཟླ་5ཚེས་6ཉིན་ཡོན་ཀྲང་གི་སྣེ་ཁྲིད་འོག་འཛིན་བདག་གིས་ངེད་གླིང་གི་སློབ་མ་དབུལ་པོར་འཚམས་འདྲི་ཞུས་པ་རེད། ད་ཐེངས་ཀྱི་འཚམས་འདྲིའི་བྱེད་སྒོའི་ནང་ངེད་གླིང་གིས་བྱིས་པའི་འཚོ་བའི་འགྲོ་སྐྱོད་དང་དེ་བཞིན་བྱིས་པའི་འཚོ་བའི་ཁོར་ཡུག་ལ་གཞི་རྩའི་ཆ་ནས་ཤེས་རྟོགས་ཐུབ་ཡོད།

珍秦镇中心幼儿园2021年5月6日,在园长的带领下班主任对我园贫困生进行慰问。在本次慰问活动中我园初步对幼儿的生活起居及幼儿的生活环境进行了基本的了解。

ཁྱིམ་ཚང་དབུལ་སྐྱོར་གྱི་བྱེད་སྒོ་སྤེལ་བ་བརྒྱུད་དགེ་རྒན་ཚོས་དཀའ་ངལ་ཡོད་པའི་ཕྲུ་གུའི་ཁྱིམ་ཚང་གི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ནས་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་ཁྱིམ་ཚང་གི་བྱིས་པ་ཚོར་རོགས་སྐྱོར་བྱ་ཐབས་ཐད་གདེང་ཚོད་ཡོད་པ་བྱས་ཏེ་སློབ་སྦྱོང་དང་།རང་འཁུར།སེམས་ཁམས།ཀུན་སྤྱོད་སོགས་ཀྱི་ཐད་ནས་རོགས་སྐྱོར་ཞིབ་ཕྲ་བྱས་ནས་དམིགས་སའི་རང་བཞིན་དེ་བས་ལྡན་པའི་སྒོ་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་དོན་ཡག་པོ་སྤེལ་ཐུབ་པ་བྱས་ཏེ་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཐུབ།

通过扶贫家访活动,老师们可以更具体地了解和掌握贫困幼儿的家庭情况,对结对帮扶的家庭幼儿在帮扶措施上做到心中有数,从学习、自理、心理、品德等方面具体帮扶,能更有针对性地开展好教育教学工作,不断促进孩子们健康茁壮成长。