སྤྱིར་སློབ་མ་རེ་རེའི་ཡིད་ཀྱི་ཚོར་བ་ཡིག་ཐོག་ཏུ་ཕབ་པར་གོ་སྐབས་དང་དུས་ཚོད་འཁོར་ཡུག་རྩ་འཛུགས་སོགས་ཀྱི་མཐུན་རྐྱེན་ནི་མེད་དུ་མི་རུང་བས། ད་ཐེངས་ངེད་སློབ་གྲྭའི་སློབ་གཙོ་ཡ་མ་ཐར་གྱིས་དབུ་ཁྲིད་ཅིང་བོད་ཡིག་དགེ་རྒན་རྣམས་ཀྱིས་གཙོ་བོར་བྱེད་དེ། བོད་ཡིག་རྩོམ་ཡིག་འབྲི་བར་འདུ་ཤེས་བཟང་པོ་སྐྱེད་སྲིང་དང་རྩོམ་ཡིག་འབྲི་བར་མོས་པ་དང་དགའ་ཞེན་འཕེལ་བའི་སླད་དུ་བྱེད་སྒོ་འདི་སྤེལ་བར་བྱས།

སློབ་གྲྭ་ནས་འདི་ལྟར་བྱེད་སྒོ་སྤེལ་བ་འདི་ཡང་སློབ་མའི་བསམ་གཞིག་གི་ནུས་པ་སྐྱེད་སྲིང་དང་སློབ་མ་རང་གི་སེམས་ཀྱི་ཚོར་བའམ་སྐད་ཆ་རྣམས་ཇི་བཞིན་བརྗོད་ཐུབ་ལ་དེ་ལྟར་འབྲི་ཐུབ་པའི་ཆུ་ཚད་ཡར་སྐྱེད་ཡོང་བ་དང་། ཡང་ན་སློབ་སྦྱོང་གི་འཚོ་བའི་ཁྲོད་ནས་གོ་རྟོགས་གསར་བ་སྐྱེད་པའི་ཆེད་དང་སློབ་མའི་བློ་སྒོ་འབྱེད་པའི་སླད་དང་བཅས་སློབ་མའི་སློབ་སྦྱོང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མདོར་ན་སློབ་མའི་ཁྱོན་ཡོངས་ནས་ཤེས་བྱ་དང་ནུས་པ་མཐོར་འདེགས་ཡོང་རྒྱུ་དང་། དེ་ལས་གཞན་སློབ་མའི་སློབ་སྦྱོང་སོགས་ལ་སྤྲོ་བ་སློང་བ་དང་སྐུལ་འདེད་ཐུབ་ཆེད་དུ་དམིགས་ཏེ་བྱེད་སྒོ་འདི་སློབ་གྲྭ་དེའི་བོད་ཡིག་དགེ་རྒན་ཡོངས་ཀྱི་ལས་ཚགས་བརྒྱབ་ནས་སྤེལ་བ་ལགས་སོ།།

འགྲན་ཡུལ་དངོས་ཀྱི་པར་རིས།

སླར་རང་རེའི་མ་འོངས་ཀྱི་རེ་བའི་མེ་ཏོག་ཡོངས་ཀྱི་སློབ་པ་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་དང་བཅས་བཀྲ་ཤིས་པར་གྱུར་ཅིག

མཇུག་མཐར་བྱེད་སྒོའི་རིམ་པ་འགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་ནས་ལེགས་པར་གྲུབ་བོ།།

གནུབས་ཟུར་གྲོང་རྡལ་སློབ་ཆུང་ནས།

སྒྲིག་བཟོ་བ། ཚེ་དབང་རིག་འཛིན།

ལྟ་སྐུལ་བ། ཡ་མ་ཐར།

སློབ་མའི་རྩོམ་ཡིག་དག་གཟེངས་རྟགས་ཀྱི་རིམ་པ་བཞིན་གཤམ་དུ་བཀོད་ཡོད།

ལོ་རིམ་དྲུག་པ། སློབ་མ། པདྨ་སྐྱིད། ༼ བདག་གི་དྲིན་ཆེན་ཨ་མ། ༽ལ་ཨང་དང་པོའི་གཟེངས་རྟགས་ཐོབ།

མཛུབ་སྟོན་དགེ་རྒན། ཚེ་རིང་མཚོ།

བདག་གི་དྲིན་ཆེན་ཨ་མ།

ཨ་མ་ལགས། ཁྱེད་ལ་མཚོན་ན་ལུ་གུའི་འབའ་སྒྲ་ནི་མི་ཚེའི་སྙན་ངག་ཡིན་ལ། མ་ཎི་ཡིག་དྲུག་ནི་འཚོ་བའི་འགྱུར་ཁུགས་རེད།

ཨ་མ་ལགས། རྫ་མགོའི་རི་དྭགས་ཀྱིས་ཁྱེད་ཀྱི་བྱམས་སྙིང་རྗེ་ལྡན་པའི་མི་གཤིས་རྟོགས་ཐུབ་ལ། ལུང་ཁུགས་ན་བཞུར་བའི་དྭངས་གཙང་གི་ཆུ་ཕྲན་གྱིས་ཁྱེད་ཀྱི་ཡོན་ཏན་བརྗོད་མྱོང་། ནམ་མཁའ་རུ་ཡོད་པའི་འདབ་ཆགས་ཀྱིས་ཁྱེད་ཀྱི་གཞུང་རྒྱུད་དྲང་བའི་ཚུགས་ཀ་ཐོས་ཡོད། བུ་མོ་ངའི་ཁྱེད་སྤྲོ་བའི་གླུ་སྐད་ལྷང་ལྷང་དེ་ནམ་རྒྱུན་རྣ་ལམ་དུ་གྲག་བཞིན་ཡོད། ཁྱེད་ཀྱི་རྒྱུན་པར་མ་ཎི་ཡིག་དྲུག་དབྱངས་ལ་གྱེར་བཞིན་རྟ་ནོར་འཚོ་སྡུད་བྱེད་བཞིན་ཡོད།

ཨ་མ་ལགས། ཁྱེད་ནི་ངའི་ཚེ་སྲོག་གི་བདག་མོ། བྱམས་བརྩེ་ཡི་བདག་མོ་ཡིན།

ད་དུང་དྲོད་ཁོལ་གྱི་གཞི་མ་ཡིན། ཁྱེད་མེད་ན་ང་ལ་མི་ལུས་རིན་ཆེན་འདི་ཇི་ལྟར་འབྱུང་།

ཨ་མ་ལགས། ཁྱེད་ནི་ལུས་ཁམས་བདེ་བར་འདེགས་པས་སྨན་ལྗོངས་ཡིན། ཁྱེད་ནི་ནམ་མཁར་འཕུར་བྱེད་ཀྱི་གཤོག་ཟུང་ཡིན། ཁྱེད་ནི་ཆར་འགོག་བྱེད་ཀྱི་ཆར་གོས་ཡིན། ཁྱེད་ནི་ང་ཚོ་བྱིས་པ་རྣམས་ཀྱི་ཡོད་ཚད་ནས་ཡོད་ཚད་ཡིན།

ཨ་མ་ལགས། ཁྱེད་ཀྱིས་རང་གི་བུ་ཕྲུག་གི་ཆེད་དུ་སྲོག་ཀྱང་འབུལ་བ་རེད། ཁྱེད་ཀྱིས་རང་གི་བུ་ཕྲུག་གི་ཆེད་དུ་ཡོད་ཚད་འབུལ་ཐུབ། ཁྱེད་ཀྱིས་དཀའ་ངལ་ལ་མ་འཛེམས་པར་ང་ལ་མི་ལུས་རིན་ཆེན་འདི་བྱིན། ད་དུང་ཆུང་དུས་ནས་ད་བར་དུ་གཉོར་སྐྱོང་གང་ལེགས་བྱས། དྲིན་ཆེན་གྱི་ཨ་མ་ལགས་བཀའ་དྲིན་ཤིན་ཏུ་ཆེ། བུ་མོ་ངས་ཁྱེད་ཀྱི་རེ་བ་སྟོང་ཟད་མི་གཏོང་ཁོ་ཐག་ཡིན།

སློབ་གྲོགས་ཚོ་གཞོན་པའི་དུས་ན་སློབ་སྦྱོང་ཡག་བོ་བྱེད། ང་ཚོའི་རང་གི་མ་འོངས་པའི་མདུན་ལམ་དང་ཕ་མའི་ང་ཚོ་ལ་བཅིངས་པའི་རེ་བ་ཡི་ཆེད་དུ་འབད་བ་བྱེད། ད་དུང་དྲིན་ཆེན་ཨ་མས་བཅིངས་པའི་རེ་བ་ངེས་པར་འགྲུབ་དགོས། འཇིག་རྟེན་འདིར་ཆེའི་རླབས་ཆེན་གྱི་ནོར་བུ་ནི་ཨ་མ་ཡིན། འཛམ་གླིང་འདིར་ཆེའི་གཟི་བརྗིད་ལྡན་པ་ནི་ཨ་མའི་བྱམས་བརྩེ་ཡིན།

ཨ་མ། ཁྱེད་ཀྱི་བཀའ་དྲིན་ནི་རྒྱ་མཚོའི་གཏིང་ལས་ཟབ་ལ། གངས་རི་ལས་ཀྱང་དཔངས་མཐོ། ཁྱེད་ཀྱི་བཀའ་དྲིན་ནི་ཉི་མ་དང་ཟླ་བ་སོགས་ཀྱིས་ཀྱང་མཚོན་མི་ཐུབ།

རླབས་ཆེན་གྱི་ཨ་མ་ལགས། བཀའ་དྲིན་ཆེ། དངོས་གནས་བཀའ་དྲིན་ཆེ། བུ་མོ་ངས་དྭངས་གཙང་གི་མཁའ་དབུགས་དང་ཆབས་གཅིག་ཏུ་ཁྱེད་ལ་བཀའ་དྲིན་ཆེ་ཞུ་ཞུ།

ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོ། སློབ་མ། བདེ་ལྡན་མཚོ། ༼ བདག་གི་ཨ་མའི་བྱམས་བརྩེ།༽ལ་ཨང་གཉིས་པའི་གཟེངས་རྟགས་ཐོབ།

མཛུབ་སྟོན་དགེ་རྒན། ནམ་མཁའ་སྒྲོན།

བདག་གི་ཨ་མའི་བྱམས་བརྩེ།

ཨ་མ་ལགས། ཁྱེད་ཀྱི་བྱམས་བརྩེ་ནི་འཇིག་རྟེན་སྟེང་གི་ཆེས་རླབས་ཆེན་དང་ཆེས་དཀོན་པ་དེ་ཡིན། གལ་དེ་གནམ་འོག་འདི་ན་ཨ་མའི་བྱམས་བརྩེ་ཟེར་བ་དེ་མེད་ན། ང་ཚོའི་ཚེ་སྲོག་ལའང་དོན་སྙིང་ཅི་ཡང་མེད། ཨ་མའི་བྱམས་བརྩེ་ནི་ང་ཚོ་མི་སུ་ལའང་མེད་དུ་མི་རུང་བ་ཞིག་ཡིན། ང་ཚོས་ངེས་བར་དུ་ཨ་མའི་བྱམས་བརྩེ་ལ་བརྩི་བཀུར་དང་དམ་འཛིན་བྱེད་དགོས་པར་མ་ཟད། དྲིན་ལན་ཡང་འཇལ་དགོས་པ་རེད།

དྲིན་ཆེ་བའི་མ་ལོས་ང་ཚོ་ལ་ཚེ་སྲོག་བྱིན་པར་མ་ཟད། ད་དུང་འདི་འདྲའི་མཛེས་སྡུག་ལྡན་པའི་འཇིག་རྟེན་སྟེང་དུ་ཁྲིད་འོང་བ་རེད། ཨ་མས་དགུང་ཨ་སྔོན་གྱི་དྲོ་ཞིང་འཇམ་པའི་ཉི་འོད་ལྟར་ང་ཚོ་ལ་དྲོད་ཁོལ་སྩོལ་བ་དང་། ཨ་མའི་བྱམས་བརྩེ་ནི་ཡལ་ག་མང་ཞིང་སྦོམ་པའི་སྡོང་བོ་ཞིག་དང་འདྲ་བར་ང་ཚོ་ལ་ཆར་ཆུ་འགེབ་པ་ཡིན། ཨ་མའི་བྱམས་བརྩེ་ནི་ང་ལ་མཚོན་ན་་སྟོབས་ཤུགས་ཧ་ཅང་ཆེ་བ་ཞིག་ཡིན་ལ། རྒྱུན་པར་ང་ལ་འབད་བརྩོན་གྱིས་འོད་སྣང་ལྡན་པའི་མདུན་ཕྱོགས་དུ་བསྐྱོད་དགོད་ཟེར། ཨ་མས་ང་ཚོ་ལ་བཅིངས་བའི་བྱམས་བརྩེ་ནི་ནམ་ཡང་ཟད་མཐའ་མེད་པ་ཞིག་ཡིན་ལ། ང་ཚོ་ཐག་ཧ་ཅང་རིང་བའི་ས་ཆ་གང་ལ་སོང་ནའང་དྲིན་ཆེན་མ་ལོས་བྱམས་བརྩེ་ནི་ང་ཚོ་དང་དུས་གཏན་དུ་བྲལ་མཐའ་མེད།

ཨ་མ་ལགས། ཁྱེད་ནི་ནམ་ཡང་དེ་འདྲའི་བྱམས་བརྩེ་ཆེ་ཞིང་དེ་འདྲའི་བློ་སྟོབས་ཆེ། ཁྱེད་ནི་དུས་ནམ་ཡང་བུ་མོ་ང་ཡི་སེམས་ནང་ནས་ཆེས་འོད་སྣང་ཆེ་བ་དེ་ཡིན།ཁྱེད་ནི་དུས་ནམ་ཡང་བུ་མོ་ང་ཡི་མི་ཚེའི་ཁྲོད་ནས་ཆེས་གལ་ཆེ་བའི་གཟི་བརྗིད་དེ་ཡིན།

ཨ་མ། མི་ལུས་རིན་ཆེན་གནང་མཁན་གྱི་ཨ་མ། ཚེ་སྲོག་བྱིན་མཁན་གྱི་ཨ་མ། རང་གི་ཡོད་ཚད་བློས་བཏང་སྟེ་བྱིས་པ་སྐྱེད་སྲིང་བྱས་པས། ཁྱེད་ཀྱི་བཀའ་དྲིན་དང་བྱམས་བརྩེ་ནི་དྲོ་ཞིང་འཇམ་པའི་ཉི་མ་དང་ལྟ་ན་སྡུག་པའི་ཟླ་བ་སོགས་ཀྱིས་ཀྱང་ཚབ་བྱེད་མི་ཐུབ། ཨ་མ་ལགས། བུ་མོ་ང་ཡིས་སྟོབས་ཤུགས་ཡོད་ཚད་གཞི་གཅིག་ཏུ་སྦྲེལ་ནས་འབད་བརྩོན་གྱིས་སློབ་སྦྱོང་བྱེད་དེ་དྲིན་ལན་འཇལ་ངེས་ཡིན།

ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པ། སློབ་མ་འོད་གསལ་མཚོ།༼བདག་གི་ཨ་མའི་བྱམས་བརྩེ། ༽ལ་ཨང་གཉིས་པའི་གཟེངས་རྟགས་ཐོབ།

མཛུབ་སྟོན་དགེ་རྒན། གཟི་སྒྲོན།

བདག་གི་ཨ་མའི་བྱམས་བརྩེ།

ཨ་མ་ལགས། ཁྱེད་ཀྱི་བྱམས་བརྩེ་ནི་འཇིག་རྟེན་སྟེང་གི་ཆེས་རླབས་ཆེན་དང་ཆེས་དཀོན་མོ་དེ་ཡིན། གལ་ཏེ་གནམ་འོག་འདི་ན་ཨ་མའི་བྱམས་བརྩེ་ཟེར་བ་དེ་མེད་ན། ང་ཚོའི་ཚེ་སྲོག་ལའང་སྙིང་བོ་ཅི་ཡང་མེད། ཨ་མའི་བྱམས་བརྩེ་ནི་ང་ཚོ་མི་སུ་ལའང་མེད་དུ་མི་རུང་བ་ཞིག་ཡིན། ང་ཚོའི་ངེས་པར་དུ་ཨ་མའི་བྱམས་བརྩེ་ལ་བརྩི་བཀུར་དང་དམ་འཛིན་བྱེད་དགོས་པར་མ་ཟད། དྲིན་ལན་ཡང་འཇལ་དགོས་པ་རེད།

དྲིན་ཆེ་བའི་མ་ལོས་ང་ཚོར་ཚེ་སྲོག་སྦྱིན་པར་མ་ཟད། ད་དུང་འདི་འདྲའི་མཛེས་སྡུག་ལྡན་པའི་འཇིག་རྟེན་སྟེང་དུ་ཁྲིད་ཡོང་བ་རེད། ཨ་མ་ནི་ཨ་སྔོན་གྱི་དྲོ་ཞིང་འཇམ་པའི་ཉི་འོད་ལྟར་ང་ཚོ་ལ་དྲོད་ཁོལ་བསྩལ་བ་དང་། ཨ་མའི་བྱམས་བརྩེ་ནི་ཡལ་ག་མང་ཞིང་སྦོམ་པའི་སྡོང་བོ་ཞིག་དང་འདྲ་བར་ང་ཚོར་ཆར་རླུང་འགོག་པ་ཡིན། ཨ་མའི་བྱམས་བརྩེ་ནི་ང་ལ་མཚོན་ན་ཧ་ཅང་སྟོབས་ཤུགས་ཆེ་བ་ཞིག་ཡིན་ལ། རྒྱུན་དུ་ང་ལ་འབད་བརྩོན་གྱིས་འོད་སྣང་ལྡན་པའི་མདུན་ཕྱོགས་སུ་སྐྱོད་ཅིག་ཟེར །

བདག་གི་ཨ་མ་ལགས། ང་ལ་མི་ལུས་རིན་ཆེན་སྦྱིན་པའི་ཨ་མ། ང་ལ་ཚེ་སྲོག་གནང་བའི་ཨ་མ། མདོར་ན་ངའི་ཡོད་ཚད་ནས་ཡོད་ཚད་ཁྱེད་ཀྱིས་བསྩལ་ཨ་མ། ངས་དངོས་གནས་ཁྱེད་ལ་བཀའ་དྲིན་ཆེ་ཞུ། བུ་མོ་ངས་ཀ་ཁའི་དབྱངས་རྟ་གླུ་རུ་ལེན་པའི་སློབ་གླིང་གི་མཁའ་དབྱངས་ནས་དྭངས་གཙང་གི་སེམས་གཏིང་ནས་ཁྱེད་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།

ཨ མ་ལགས། བཀའ་དྲིན་ཆེ།

ལོ་རིམ་བཞི་པའི་འཛིན་གྲྭ་གཉིས་པ། སློབ་མ། མགོན་པོ་མཚོ། ༼བདག་གི་དགེ་རྒན་༽ལ་ཨང་གསུམ་པའི་གཟེངས་རྟགས་ཐོབ།

མཛུབ་སྟོན་དགེ་རྒན་ནམ་མཁའ་སྒྲོན།

བདག་གི་དགེ་རྒན།

ལོ་ཟླའི་འཁོར་སྐྱོད་ཀྱི་གོམས་འགྲོས་ཁྲོད་བདག་གི་སེམས་ནས་ནམ་ཡང་བརྗེད་ཐབས་བྲལ་བ་ནི་བདག་གི་དྲིན་ཆེན་ཕ་མ་དང་གཉིས་སུ་མེད་པའི་བཤེས་གཉེན་དམ་པ་རིག་འཛིན་ཤེས་རབ་ལགས་ཡིན།

བདག་གི་དགེ་རྒན་ནི་གཤིས་རྒྱུད་བལ་ལས་འཇམ་ལ།ཆེ་བཀུར་ཆུང་བྱམས་ལྡན་པ་དང་། བྱ་བ་གང་ཞིག་ལ་ཕྲད་ཀྱང་བློ་བརྟན་ཞིང་འགྱུར་བ་མེད་ལ། དགེ་སློབ་ཕན་ཚུན་བར་ལ་བརྩེ་དུང་གི་བསམ་པ་འོ་ཆུ་གཅིག་འདྲེས་ལྟ་བུ་ཞིག་ཡིན། དགེ་རྒན་ནི་ང་ཚོའི་གྲངས་རིག་དགེ་རྒན་ཡིན་པ་མ་ཟད། ད་དུང་བྱམས་དང་བརྩེ་བ་ལྡན་པའི་དྲིན་ཆེན་གྱི་ཕ་མ་དང་གཉིས་སུ་མ་མཆིས།

སློབ་ཐུན་ཞིག་ལ།སློབ་མ་རྣམས་ཀྱིས་དགེ་རྒན་སློབ་ཁང་ནང་དུ་ཡོང་བར་བསྒུགས་ནས་བསྡད། ཁོ་ཚོ་ནི་ངོ་མ་ཡུན་རིང་ཨ་མར་བསྒུགས་པའི་བྱིས་པ་ཞིག་དང་འདྲ་བར་ཁོང་གི་མདུན་དུ་བརྒྱུགས།དགེ་རྒན་ཁྲིད་སྟེགས་སྟེང་དུ་ཡུད་ཙམ་ལངས་ཏེ། སློབ་གྲོགས་ཚོ།“ཁྱེད་ཚོ་ནི་ང་ཚོའི་མི་རིགས་ཀྱི་མ་འོངས་པའི་རེ་བ་ཡིན་ལ། ང་ཚོ་མི་རིགས་ཀྱི་རྗེས་ལུས་ཀྱི་རྣམ་པ་དེ་བསྒྱུར་དགོས་ན་ཁྱེད་ཚོར་བརྟེན་དགོས་པས། ཁྱེད་ཚོས་ཆུང་དུས་ནས་དཀའ་སྤྱད་འབད་བརྩོན་ཀྱིས་སློབ་སྦྱོང་བྱེད་དགོས”ཞེས་གསུངས། དགེ་རྒན་གྱི་སྐད་ཆ་དེ་ཐོས་རྗེས་སློབ་མ་རྣམས་སེམས་འགུལ་ཐེབས་ནས་མིག་ཆུ་འཐོར་བྱུང་།

དགེ་རྒན་རིག་འཛིན་ཤེས་རབ་ལགས། ཁྱེད་ལ་གཞན་ཕན་བསྒྲུབ་པའི་སྙིང་སྟོབས་ལྡན་པས།ཁྱེད་ནི་བདག་གི་སེམས་ཁུང་གི་མུན་སེལ་གྱི་སྒྲོན་མེ་དེ་ཡིན་ནོ།།

བདག་གི་དགེ་རྒན་རིག་འཛིན་ཤེས་རབ་ལགས། བདག་གི་ཁྱེད་ལ་སྙིང་ཁུངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ།

ལོ་རིམ་དྲུག་པ། སློབ་མ། སིདྡྷི་སྒྲོན། ༼བདག་གི་མ་ཡུམ་སློབ་གྲྭ༽ལ་ཨང་གཉིས་པའི་གཟེངས་རྟགས་ཐོབ།

མཛུབ་སྟོན་དགེ་རྒན། ཚེ་རིང་མཚོ།

བདག་གི་མ་ཡུམ་སློབ་གྲྭ

ང་རང་སློབ་གྲྭ་འདི་ནས་ཁ་བྲལ་ལ་ཉེ་བའི་དུས་ལ་སླེབས་སྐབས་འདིར། ངའི་མི་ཚེའི་སྐེས་ཐེམ་ཐོག་མ། མ་ཡུམ་ལགས་སློབ་གྲྭ ཁྱེད་ཀྱི་པང་ཁུག་ནས་མི་ལོ་དྲུག་སྤྲོ་དགའི་ངང་ཤེས་བྱའི་གནས་ལ་འབད་པ་བྱས་ནས་རྫོགས་ལ་ཉེ་སོང་། ཁྱེད་ཀྱི་པང་ཁུག་ནས་ངས་དབྱངས་གསལ་སོ་བཞིའི་ཁ་ལོ་བསྒྱུར་ལ། ཁྱེད་ཀྱི་པང་ཁུག་ནས་ང་དང་ལས་དབང་གཅིག་པའི་སློབ་མ་མང་པོའི་རྨོངས་མུན་གྱི་གཏི་མུག་སེལ། ཁྱེད་ཀྱི་པང་ཁུག་ནས་ང་དང་མདུན་ལམ་གཅིག་པའི་སློབ་མ་མང་པོར་ཤེས་རིག་གི་འོད་སྣང་འཆར་དུ་བཅུག མ་ཡུམ་ལགས་སློབ་གྲྭ་། སྐུ་དྲིན་ཆེ།

ཁྲི་ལོར་སྨོན། ཁྱེད་ནི་ཤེས་རིག་གི་འོད་སྟོང་ཕྱོགས་བཞིར་འཕྲོ་བའི་རྨོངས་མུན་གྱི་མུན་སེལ་། ཁྱེད་ནི་གཞན་ཕན་ལྷག་བསམ་གྱིས་ཕྱུག་པས་སྐྱབས་མགོན་གཅིག་པུ། ངའི་དྲན་ངོགས་ན་དྲག་ཏུ་འཕྱོ་བའི་དུང་ཟླ་དཀར་པོ། ང་ཁྱེད་ཀྱི་པང་ནས་འཕུར་ཏེ། ཁྱེད་ཀྱི་བྱམས་བརྩེ་ཀུན་ལ་བསྒྲགས་པར་འདོད་ལ། ངས་ཁྱོད་ཀྱི་བཀའ་དྲིན་དང་བརྩེ་བ་ཁྱེར་ཏེ་ཧི་མ་ལའི་རི་ཞོལ་ནས་ཁྱེད་ལ་བཀའ་དྲིན་ཞུ་འདོད་པར་མ་ཟད། ད་དུང་ཁྱེད་ཀྱི་བཟློག་མེད་ཀྱི་བཀའ་དྲིན་དང་ལྷད་མེད་ཀྱི་མཛའ་བརྩེ་སོགས་ལ་སྙན་ཚིག་ཡང་འབྲི་འདོད།

བདག་གི་མ་ཡུམ་ཁྱེད་ནི་བྱ་ཁྱུ་རི་ཤུལ་གྱི་བྲག་ཚང་བརྟན་པོ། མ་ཡུམ་ལགས་སློབ་གྲྭ།དེ་རིང་གཅེས་པའི་མ་ཡུམ་ཁྱེད་ལ་གྱེས་ཕྱགས་ཕུལ་ནས་སློབ་གྲྭ་གཞན་དུ་འགྲོ་སྐབས་ཁྱེད་ཀྱི་བརྩེ་བ།གཞན་ཕནབཅས་ཀྱི་བསྐྱངས་བས་བཀའ་དྲིན་བརྗོད་མཐའ་བྲལ་བ་ཞིག་ཡིན།སློབ་བུ་ངའི་ནམ་ཡང་ཁྱེད་ཀྱི་ཀ་མ་ལ་ལྟར་གྱི་ལྷག་བསམ་དང་རྟ་བདུན་དབང་བོ་ལས་མཐོ་བའི་བཀའ་དྲིན་དེ་བརྗེད་མི་སྲིད། བདག་གི་མ་ཡུམ་སློབ་གྲྭ་ལགས། དུས་ནམ་ཡང་འགྱུར་མེད་ཁྲི་ལོར་ཤོག།

ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པ། སློབ་མ། བསྟན་འཛིན་སྒྲོལ་མ།༼བདག་གི་ཨ་མ༽ལ་ཨང་གསུམ་པའི་གཟེངས་རྟགས་ཐོབ།

མཛུབ་སྟོན་དགེ་རྒན། གཟི་སྒྲོན།

བདག་གི་ཨ་མ།

འཇིག་རྟེན་འདིར་ཨ་མ་གཅིག་པུ་བཟང་ཞེས་པའི་སྙན་ཞིང་འཇེབས་པའི་ཚིག་དེ་ཐོས་ཚེ།བུ་མོ་ངའི་སེམས་པ་ཆུང་ཆུང་དེ་ཇེ་གསལ་དང་ཇེ་དྲོ་རེད། ངའི་དམར་ཆུང་སེམས་པའི་ཐོག་ཏུ་ནམ་ཡང་འགྱུར་བ་མེད་པ་ནི་དྲིན་ཆེན་ཨ་མའི་བརྩེ་སེམས་དང་འཛུམ་གྱིས་ཁེངས་བའི་ཞལ་ངོ་རེད།

ངའི་ཨ་མ་ནི་བྱམས་བརྩེ་ལྡན་པའི་བུད་མེད་ལོ་ལོན་ཞིག་ཡིན། འཇིག་རྟེན་འདིར་ང་རང་ཆེས་གཅེས་མཁན་ནི་བདག་གི་ཨ་མ་རེད། མོ་ནི་ངའི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་མཁན་གྱི་མི་དེའང་ཡིན། ཨ་མའི་རང་གི་བུ་ཕྲུག་ལ་བཅིངས་པའི་སྙིང་རྗེ་དང་བརྩེ་སེམས་ནི་ངོ་མཚར་གྱི་འཇིག་རྟེན་འདི་ན་འགྲན་ཟླ་མེད་པ་ཞིག་རེད།

བདག་གི་ཨ་མའི་ཞལ་ངོ་གོར་གོར་ཡིན་ཞིང་། འཇམ་ཞིང་དམར་ལ་འགྲམ་པ་ནི་ཤིང་ཏོག་དམར་པོ་དང་འདྲ། མིག་གཉིས་ཆེ་རྒྱུ་ཅིང་མེད་ལ་ཆུང་རྒྱུ་ཡང་མེད། སྨིན་མ་ནི་འཇའ་ལྟར་གུག་ཡོད་ཅིང་། གཟིགས་དེ་འདྲ་མི་རིང་། དབུ་སྐྲ་ནག་ཅིང་སྣུམ་ལ་འཇམ་ཞིང་རིང་བ་ཞིག་ཡིན། དེ་དག་གིས་མོ་ནི་སྙིང་རྗེ་བོ་ཞིག་ཡིན་པ་ཤེས་ཐུབ། མོའི་ནམ་ཡང་ངོ་ལ་འཛུམ་གྱིས་ཁེངས་པས་གཞན་གྱིས་མཐོང་ན་སེམས་སྐྱིད་ཀྱི་མེ་ཏོག་དང་འདྲ།

ང་རང་འཇིག་རྟེན་འདིར་ཡོང་ནས་ལོ་བཅུ་དྲུག་འགོར་སོང་། དེ་ནི་བདག་གི་དྲིན་ཆེན་གྱི་ཨ་མའི་བཀའ་དྲིན་རེད། ང་ཡོད་པ་ནས་བཟུང་ཨ་མ་རང་གི་ལས་ཀ་་དང་འགན་ཁུར་ཇེ་ལྕི་རུ་སོང་བ་ཡིན།ཨ་མ་ལགས། ང་འཇིག་རྟེན་འདིར་ཡོང་བ་ནི་སྤྱིར་བཤད་ན་དཀའ་ཁག་ཞིག་ཡིན་པ་མ་གཏོགས་ཁྱེད་ལ་ཕན་ཅི་ཡང་མ་ཐོག་པ་རེད།

ཨ་མ་ལགས།བདག་གི་ནམ་ཡང་བརྗེད་མི་ཐུབ་པའི་བཀའ་དྲིན་ཆེ་བའི་ཨ་མ་ལགས། ངའི་ཁྱེད་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་འབད་བརྩོན་ལྷོད་མེད་ཀྱིས་སློབ་སྦྱོང་བྱེད་ཁོ་ཐག་ཡིན།

ལོ་རིམ་བཞི་པའི་འཛིན་གྲྭ་གཉིས་པ། སློབ་མ། བདེ་སྒྲོན།༼ བདག་གི་ཨ་མ།༽ལ་ཕུལ་བྱུང་གཟེངས་རྟགས་ཐོབ།

མཛུབ་སྟོན་དགེ་རྒན་ནམ་མཁའ་སྒྲོན།

བདག་གི་ཨ་མ།

བདག་མི་ཡུལ་དུ་སྐྱེས་པ་ནས་བཟུང་། ཨ་མའི་བརྩེ་སེམས་ཟབ་མོ་དེ་བདག་གི་མིག་ལམ་ནས་ནམ་ཡང་བྲལ་མ་མྱོང་ལ། ཨ་མའི་དཀའ་སྡུག་གི་རྔུལ་ཆུ་ཐིགས་པ་རེ་རེ་ནི་ངའི་བྱིས་དུས་ཀྱི་ལོ་ཟླའི་ཁྲོད་དུ་གཏོང་ཡོད།

འཇིག་རྟེན་འདིར་ཆེས་གཟི་བརྗིད་ལྡན་པ་ནི་ཨ་མའི་བྱམས་བརྩེ་རེད། ངས་ནམ་རྒྱུན་གནས་ངེས་མེད་དུ་བོད་ལྭ་གྱོན་པའི་བུད་མེད་ཅིག་མཐོང་ཚེ། བདག་གི་མིག་ལམ་དུ་འཆར་བ་ནི་ཕ་ཡུལ་གྱི་རི་ལུང་ཐང་གསུམ་ན་སྒོ་ཟོག་གི་རྗེས་སུ་རྒྱུག་འདར་བྱེད་བཞིན་ཡོད་པའི་ཨ་མའི་གཟུགས་བརྙན་ཡིད་ལ་འཆར་ཡོང་། ཨ་མར་ཁྱིམ་ཚང་གི་མེད་མུག་དང་དཀའ་སྡུག་ཡོད་ཚད་ཕྲག་ཏུ་བབས་ཡོད་ནའང་། བརྩེ་སེམས་ཀྱི་མིག་ཞགས་རིང་མོ་ནམ་ཡང་བུ་མོ་ངའི་ཕྱོགས་སུ་འཕངས་ཡོད།

ཨ་མའི་བྱམས་སེམས་ནི་བུ་མོ་ངའི་སེམས་རྟེན་དྲོད་མོ་ཡིན་ཞིང་། འཇིག་རྟེན་འདིར་ཆེས་རླབས་ཆེ་བ་ནི་ཨ་མའི་བྱམས་བརྩེ་དྲོན་མོ་ཡིན་ལ། ཆེས་བརྗེད་དཀའ་བའང་ཨ་མ་དང་མཉམ་དུ་གནས་པའི་ལོ་ཟླའི་གྲུབ་གཟུགས་རིང་མོ་དེ་ཡིན། དྲིན་ཆེན་ཕ་མ་ནི་གུས་པར་འོས་ཤིང་བརྗེད་དུ་མེད་པའི་ལམ་སྟོན་གྱི་སྒྲོན་མེ་ཡིན། ཚེ་སྲོག་གི་ལུས་རྟེན་སྦྱིན་མཁན་དང་མ་འོངས་ལམ་སྣེ་རྡོག་པས་སྣོན་རོགས་ཡིན་པས། ཡབ་ཡུམ་ཟུང་གི་བཀའ་དྲིན་ནི་རི་རབ་ལས་དཔངས་མཐོ་ཞིང་གཙང་པོ་ལས་རྒྱུན་རིང་། འཇིག་རྟེན་སྟེང་ཆེས་གཟི་བརྗིད་ལྡན་པ་ནི་ཨ་མའི་བྱམས་བརྩེ་ཡིན་ལ་ཆེས་འཇལ་པར་དཀའ་བའང་ཨ་མའི་དྲི་ལན་དེ་རེད། དེ་བས་ན་ཆུང་བྱིས་པ་ཚང་མའི་ཕ་མའི་རེ་བ་སྟོང་ཟད་དུ་གཏོང་བར་རིག་པའི་གནས་ལམ་འབད་པ་བྱས་ནས་ཕ་མའི་དགོངས་པ་ཇི་བཞིན་དུ་བསྒྲུབ་རྒྱུ་དེ། ང་ཚོས་ཕ་མ་ཀུན་ལ་དྲིན་ལན་འཇལ་བའི་ཐབས་ཡག་ཤོས་ཡིན་ལ། ཕ་མའི་བྱམས་བརྩེ་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་ཡིན་ནོ།།

བྱམས་བརྩེ་དང་སྙིང་རྗེ་བླ་མེད་པའི་ཨ་མ། ཁྱེད་ཀྱི་བྱམས་བརྩེའི་ཞལ་རས་དེ་བུ་མོ་ངའི་ཡིད་ལ་རྡོ་བསྐོས་རི་མོ་བཞིན་ཤར་འདུག ཁྱེད་ཀྱིས་ཞལ་རས་ནམ་རྒྱུན་དགའ་སྤྲོ་དང་འཛུམ་མདངས་ཀྱིས་ཁེངས་འདུག །