མཚོ་སྔོན་ཞིང་ཆེན་ཕྱུགས་རྩྭ་སོན་བཟང་སྐྱེད་སྤེལ་ར་བ་མི་རིགས་བཅའ་སྡོད་སློབ་གྲྭ།

美友7442666

འཇིག་རྟེན་གྱི་མཐོ་ས་ན། མེ་ཏོག་བཞིན་འཛུམ་པའི་ཁྱོད་ཚོ། ཡུལ་ལྗོངས་ཤིག་གི་མཛེས་སྡུག་ཡིན།

ས་སྒང་གི་སྒལ་གཞུང་ན་མེ་རུ་བཞིན་འཕྱུར་བའི་ཁྱོད་ཚོ། མི་རིགས་ཤིག་གི་དྲོད་ཁོལ་ཡིན།

མི་ཡུལ་གྱི་འཁྱག་ས་ན། ཉི་འོད་བཞིན་འཚེར་བའི་ཁྱོད་ཚོ། དུས་ཚིགས་ཤིག་གི་ཞི་འཇམ་ཡིན།

བཅུ་ཕྲག་ཤེས་བྱའི་སྐྱེད་ཚལ་ཡངས་པའི་གཞིར།།

སྣ་ཚོགས་རིག་པའི་མེ་ཏོག་རབ་ཏུ་མཛེས།།

བརྩོན་པའི་གཤོག་ཟུང་བརྐྱངས་བའི་རྐང་དྲུག་

ཚོགས།།

དགོས་འདོད་ནོར་བུའི་ཟེའུ་འབྲུར་ཅི་དགར་རོལ།།

རབ་དཀར་ཀེ་ལ་ཤ་ཡི་ཁྱད་འཕགས་ནོར།།

རིག་གཞུང་འོ་མའི་རྒྱ་མཚོ་ལྟེམས་མེར་འཁྱིལ།།

བློ་གྲོས་རླབས་ཕྲེང་གཡོ་བའི་བར་གསེང་ནས།།

རིན་བྲལ་རིག་པའི་མར་ལོ་འཁྲུང་པར་ཤོག།

ང་ནི་དབྱངས་གསལ་སོ་བཞིའི་གླུ་དབྱངས་ལེན་མཁན་དེ་ཡིན་པས།

ང་ནི་བོས་ན་མིང་དང་བགོས་ན་སྐལ་ཅན་པོ་དེ་ཡིན་པས།

ང་ནི་བཙན་པོའི་དམག་གི་རུ་དཔུང་ལས་ཆད་པའི་གདོང་རྒྱུད་ངོ་མ་དེ་ཡིན་པས།

འཚོ་བ་དང་བར་ཐག་ཉེ་ས་ཞིག་ཏུ།

ང་ཡིས་འབད་བརྩོན་ཅི་ལ་མི་བྱེད།

ང་ནི་ཀ་ཁ་ག་ངའི་འགུལ་རྒྱན་སླེ་མཁན་དེ་ཡིན་པས།

ང་ནི་གངས་དཀར་ཨ་མའི་འདབས་རོལ་ནས་འོང་བའི་རྩྭ་ཐང་གི་བུ་རྒོད་དེ་ཡིན་པས།

ང་ནི་མི་རབས་ཤིག་གི་ལས་དབང་ཕྲག་གོང་དུ་ལེན་མཁས་པའི་ན་གཞོན་རིག་བཟང་བོ་དེ་ཡིན་པས།

འགྲན་རྩོད་ཀྱི་བང་རིམ་གསེབ་ནས།

བརྩོན་སེམས་ཀྱི་འདུན་པ་ནམ་ཡང་ལྷོད་མི་རུང་།

མདུན་རི་རྒྱལ་བོ་གོ་ཆེན་མཁའ་རུ་བསྙེག།།

རྒྱབ་རི་བློན་པོ་བླ་བཀྲ་བརྟན་པོར་འགྱིང་།།

འབའ་ཆུའི་བཞུར་རྒྱུན་སྙན་པའི་འགྲམ་ངོགས་ན།།

སྙན་པ་སྲིད་ན་འཕུར་བའི་གླིང་ཀ་རུ།།

མ་བོས་མགྲོན་དུ་འདུས་པའི་གཞིའི་ཁྱིམ་ཞིག།

གཅིག་ན་རླབས་ཆེན་མེས་པོའི་མཛད་རྗེས་དང་།།

གཉིས་ན་མི་རིགས་ཤིག་གི་བླ་སྲོག་སོགས།།

གངས་དཀར་ཨ་མའི་ལས་དོན་འགྲུབ་པའི་ཆེད།།

དཀའ་སྡུག་ཐོད་ཀྱིས་བསུ་བས་དཔའ་བོའི་ཚོགས།།

མདུན་བསྐྱོད་གོམ་ཁ་བསྒྱུར་བའི་བསམ་བློ་བརྟན།།

ཆོས་ཐང་བཅའ་སྡོད་རིག་པའི་སྐྱེད་ཚལ་ན།།

ཤེས་བྱའི་བདུད་རྩི་ལེན་པའི་རྐང་དྲུག་ཚོགས།།

ཆེ་བཀུར་ཆུང་བྱམས་བྱེད་པའི་སྲོལ་བཟང་ཆགས།།

མཐོ་དམན་བཙན་གཉོམ་བར་གྱི་ཁེ་དབང་མེད།།

རང་རང་དགའ་སྐྱིད་འོད་ཀྱི་ལམ་ལ་ཞུགས།།