ངེད་སློབ་གྲྭའི་དགེ་རྒན་གྱི་སློབ་གྲྭའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་དགེ་རྒན་གྱི་གཟུགས་པོའི་བྱང་ཚད་མཐོ་རུ་བཏང་ནས་སློབ་གསོ་དང་ཉི་འོད་ལུས་རྩལ་བྱ་འགུལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་དགེ་རྒན་བར་གྱི་བརྩེ་བ་ཟབ་ཏུ་གཏོང་ཆེད་ང་ཚོའི་སློབ་གྲྭས་ཟླ་༤ཚེས་༢༥ཉིན་དགེ་རྒན་གྱི་སྤོ་ལོའི་འགྲན་བསྡུར་བྱེད་སྒོ་སྤེལ་བ་དང་ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་དགེ་རྒན་ཚོས་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་ཚོགས་པའི་སྙིང་སྟོབས་དང་སྤྱི་ཡོངས་ཀྱི་འདུ་ཤེས་འཛུགས་རྒྱུ་དང་། ཚོགས་པའི་ལས་ཀའི་ལྷག་བསམ་རྣམ་དག་དང་འབད་འཐབ་གསར་གཏོད་ཀྱི་ནུས་པ་སྐུལ་སློང་བྱ་དགོས། སེམས་ཁམས་བཟང་པོ་བཙུགས་ནས་འཚོ་བ་སྐྱིད་པོ་རོལ་བ་དང་བྱ་བ་ལོངས་སུ་སྤྱོད་པ།

འགྲན་སྡུར་ཛ་དྲག་ཆེ་བའི་ཁྲོད་དུ་མཛའ་མཐུན་མི་ཤོར་བ་དང་།གོ་རིམ་ཡོད་པ་ལས་ངོ་མཚར་མི་ཉུང་བ་ཡོད། སྟབས་བསྟུན་གྱི་ཁ་ཕྱིར་འཁོར་ནས་མ་གྲོས་གཅིག་མཐུན་གྱི་གཞོགས་འདེགས་ཐེངས་རེ་རེ་དང་གནད་ལ་འཁེལ་བའི་ལས་དབང་གིས་རིམ་བཞིན་འགྲན་བསྡུར་མཐོ་རླབས་སུ་མི་གཏོང་མཁན་གཅིག་ཀྱང་མེད་པས་ལྟད་མོ་བ་ཚོར་སྤྲོ་སེམས་རབ་ཏུ་འཕེལ་བ་བྱས་ཡོད།

འགྲན་བསྡུར་ནང་རུ་མི་ཚོས་ཧུར་བརྩོན་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ཏེ་མི་སྒེར་གྱི་ཁྱད་ཆོས་དང་ཚོགས་པའི་མཉམ་ལས་འདོན་སྤེལ་གང་ལེགས་བྱས་ཤིང་།

ཐེངས་འདིའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་མཛའ་བརྩེ་དང་འགྲན་བསྡུར་གྱི་ཉམས་འགྱུར་མངོན་པ་དང་།་ང་ཚོའི་སློབ་གྲྭའི་དགེ་རྒན་དང་ལས་བཟོ་བའི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་ཡོད།

མཛའ་མཐུན་འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགྲན་བསྡུར་དེ་ཤན་འབྱེད་པའི་སྙན་འཇེབས་ལྡན་པའི་པི་པི་གྲགས་པའི་ཁྲོད་ཡོལ་བ་ཕྱེ་བ་དང་མཐོ་སར་གཡུགས་པའི་ལན་སྤོ་ལོས་འགྲན་བསྡུར་གྱི་སྤྲོ་སེམས་མེ་རུ་སྒྲོན་པ་རེད།

ཐེངས་འདིའི་སྤོ་ལོའི་འགྲན་བསྡུར་དགེ་རྒན་དང་ལས་བཟོ་པ་ཡོངས་ལ་ལུས་རྩལ་དང་ཧུར་བརྩོན་ཡར་སྐྱེད་ཀྱི་ལང་ཚོའི་ཉམས་འགྱུར་བསྟན་པ་མ་ཟད།་དུས་མཚུངས་སུ་ང་ཚོའི་ལུས་རྩལ་པའི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་བྱེད་ནུས་ཀྱང་ཆེ་རུ་བཏང་བ་དང་།་ཚང་མའི་ཐུན་མོང་གི་གཟི་བརྗིད་བསམ་པ་གསོ་སྐྱོང་བྱས་པ།་ལུས་རྩལ་པ་མཐུན་སྒྲིལ་དང་།་འཆམ་མཐུན།་འབད་འཐབ་བྱེད་ཕོད་པ་བཅས་ཀྱི་བསམ་པའི་ཉམས་འགྱུར་ཡང་བསྟན་ཡོད།