༄༅༎ཁྱིམ་བདག་དང་སློབ་ཕྲུག་ཚོར་སྤྲིངས་པའི་འཕྲིན།

ཁྱིམ་ཚང་སློབ་གསོ་ནི་མི་ཚེ་མདུན་སྐྱོད་ཀྱི་གོམ་པ་དང་པོའོ།།

ཁྱིམ་བདག་གིས་ཟླ་གནང་སྐབས་སུ་དོ་སྣང་བྱ་ཡུལ།

༡ འོས་འགན་སློབ་གསོའི་བཅའ་ཁྲིམས་ལ་ངེས་ཤེས་དང་

བརྩི་བསྲུང་བྱེད་པ།

༢ སློབ་མའི་སེམས་ཁམས་བདེ་ཐང་དང་ལུས་ཁམས་བདེ་ཐང་ལ་ཡིད་འཇོག་ཟབ་པ།

༣ འགྲིམ་འགྲུལ་བདེ་འཇགས་དང་རང་བྱུང་གནོད་འཚེ་ལ་ཡིད་གཟབ་བྱེད་པ།

༤ མེ་དང་གློག་ཆུའི་འཇིགས་པ་བཅས་ལ་མཉམ་འཇོག་བྱེད་པ།

༥ སློབ་མའི་དབང་ལྔ་དང་ལུས་པོ་འཚར་ལོངས་བྱུང་བར་

གནོད་པའི་ཅ་དངོས་སམ་རྩེད་ཆས།ཞོར་ཟས་རིགས་མཁོ་སྤྲོད་མི་བྱེད་པ།

༦.ཏོག་དབྱིབས་ནད་དུག་སྟེ་འགོས་ནད་སོགས་ལ་གཟབ་པར་ས་གནས་གཞན་པ་དང་མི་མང་འདུ་ཚོགས་སོགས་སུ་འགྲོ་བར་དོགས་ཟོན་ནན་མོ་བྱ་བར་སྐུལ་ལྕག་གང་མང་བཏང་ནས་སློབ་ཕྲུག་ཚོའི་བདེ་ཐང་ལ་ཆ་རྐྱེན་གང་ལེགས་སྐྲུན་པར་སོམས།

༧ སློབ་གྲྭ་ནི་སློབ་མའི་མདུན་ལམ་གྱི་ལམ་སྣ་འདྲེན་པའི་དེད་དཔོན་དང་ཁྱིམ་ཚང་ནི་སློབ་མའི་མ་འོངས་ལམ་སྟོན་གྱི་སྒྲོན་མེ་ཡིན། སློབ་གྲྭ་ནས་སློབ་མའི་མི་གཞི་ལ་དམིགས་ཏེ་སྐྱོང་གིན་པའི་རྣམ་པ་ནི་གཞིར་བྱས་ཏེ་རང་ཁྱིམ་དུ་ལོག་པ་ན་ཁྱིམ་ལས་ཙག་ཙིག་དང་འགྲོ་འདུག་སྤྱོད་གསུམ་ལ་སྐུལ་འདེད་གཏོང་རོགས།

༨ ཟླ་གནང་སྐབས་ཀྱི་སྟབས་བདེའི་གནད་ཟིན་གྱི་ཁྱིམ་སྦྱོང་

ལས་བྱ་ལེགས་འགྲུབ་ཡོང་བར་དོ་ཁུར་མཛད་པ།

༩ འབྲོག་པའི་འཚོ་བའི་རྒྱུན་ཤེས་དང་ངལ་རྩོལ་ལས་རིགས་

བརྒྱུད་སྤྲོད་བྱེད་པ་སོགས་ཐུགས་འཇགས་འཚལ།

རྒྱུས་ལོན་ནི་སློབ་གསོའི་ལྡེ་མིག་དང་མི་གཞི་གསོ་སྐྱོང་ནིསློབ་

གསོའི་ཡང་རྩེའོ།།

ལྔ་གཅིག་ངལ་རྩོལ་དུས་ཆེན་དང་འབྲེལ་བའི་ཟླ་གནང་ནི་སྤྱི་ཟླ་5བའི་ཚེས་1ཉིན་ནས9སྟེ།ཁྱོན་ཉིན་དགུ་ཡིན་པས།ཚོགས་རན་ལ་དུས་ལྟར་འབྱོར་བར་གྱིས།