༄༅།། ཞོལ་ལུང་ཤང་ལྟེ་གནས་སློབ་ཆུང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བ།

徐龙乡中心小学

徐龙乡中心小学喜迎藏文书法日

༄༅།།རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ། ངེད་ཞོལ་ལུང་ཤང་ལྟེ་གནས་སློབ་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་དགོངས་དོན་ལག་བསྟར་བྱེད་ཆེད་དང་།བོད་རང་གི་ཐུན་མིན་བྲིས་ཀྱི་ཁྱད་ཆོས་དེའི་ནུས་རྩལ་དག་གི་རྨང་གཞི་སློབ་མའི་རྒྱུད་ལ་ལེགས་འཇོག་པའི་ཆེད་དང་།སྲོལ་རྒྱུན་རིག་གནས་དང་དེང་རབས་ཟུང་དུ་འབྲེལ་བའི་ཐུན་མིན་གྱི་རིག་གནས་སློབ་གསོའི་ཁོར་ཡུག་ཅིག་སྐྲུན་པའི་ཆེད་དུ།དང་མའི་བསམ་འདུན་མ་བརྗེད་པར།འགན་འཁྲི་སེམས་ལ་བརྟན་པོར་བཅངས་ཞེས་པའི་སྙིང་སྟོབས་ལག་ཏུ་བསྟར་ཏེ།བོད་ཀྱི་བྲིས་དང་འབྲེལ་བའི་བྱེད་སྒོ་སྟེ།སློབ་གྲྭའི་ལུས་རྩལ་ཐང་དུ་སྐབས་གསུམ་པའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ།འདི་ཡང་དབྱངས་གསལ་སོ་བཞིའི་གཟི་བྱིན་གྱི་སྣོན་པ་ཞིག་གི་ཚུལ་དུ་ངེད་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་མཆོད་པ་ཕུལ་བ་ལགས།

མདོ་འཛིན་པ་དགེན་བཀྲ་ཤིས་སྒྲོལ་མ་ལགས་ཀྱི་ཕུན་སུམ་ཚོགས་པའི་མདོ་འཛིན་གྱི་ངག་རིག་སྒྱུ་རྩལ་དང་དགེ་སློབ་ཡོངས་ཀྱི་ཐལ་མོ་རྡེབ་སྒྲའི་ཚ་ཚ་འུར་འུར་གྱི་རྣམ་པའི་ཁྲོད་ནས་ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་གྱི་བྱ་འགུལ་དངོས་སུ་མགོ་ཚུགས་པ།

སློབ་མ་དག་གིས་གཟབ་ནན་གྱི་ངང་ནས་ཡིག་གཟུགས་འགྲན་བསྡུར་གྱི་བརྩམས་ཆོས་འབྲི་བཞིན་པའི་རྣམ་པ།

ཡིག་གཟུགས་དུས་ཆེན་གྱི་བྱུང་བ་དང་འཕེལ་རིམ།མཚོན་རྟགས་ཀྱི་བརྗོད་བྱ་སོགས་བྲིས་དང་འབྲེལ་བའི་ཤེས་བྱ་གལ་ཆེན་དག་ཁ་གསལ་གོ་བདེ་དང་ཚིག་ཉུང་དོན་འདུས་ཀྱི་སྒོ་ནས་དགེ་སློབ་རྣམ་པར་ངོ་སྤྲོད་གནང་བཞིན་པ།

དཔྱད་འདེམས་པ་དང་སྐར་སྡོམས་པ་རྣམས་ཀྱིས་སློབ་མའི་བརྩམས་ཆོས་ལས་ཕུལ་བྱུང་དང་སྤུས་ལེགས་བདམས་ཏེ་ཨང་རིམ་བཞིན་དུ་གཟེངས་རྟགས་སྤྲོད་པའི་སྟ་གོན་བྱེད་བཞིན་པ།

ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་ཁྲོད་དུ་བརྩམས་ཆོས་ཕུལ་དུ་བྱུང་བའི་སློབ་མ་དག་ལ་གཟེངས་རྟགས་སྤྲོད་བཞིན་པའི་རྣམ་པ།

བྱ་འགུལ་འདིའི་ཐོག་མཐའ་བར་གསུམ་དུ་མཛུབ་སྟོན་དང་ཐུགས་ཁུར་གནང་མཁན་གྱི་སློབ་གྲྭའི་སློབ་གཙོ་དགེན་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ཐེངས་འདིའི་བྱེད་སྒོ་ལ་ཕྱོགས་བསྡོམས་གནང་བཞིན་པའི་རྣམ་པ།

༄༅།།ཐོན་མིའི་ཕྱག་སོར་སྒྱུ་རྩལ་ཡིད་བཞིན་ནོར།།

ཉམས་འགྱུར་སྟོང་ལྡན་བོད་ཀྱི་ཡིག་གཟུགས་འདི།།

ནམ་ཡང་མ་ཉམས་གོང་འཕེལ་ཡོང་བའི་ཆེད།།

ང་ཚོས་ལྷན་དུ་སྦྱོང་སྤྱོད་སྤེལ་ལ་འབུངས།།

徐龙乡

中心小学

喜迎

藏文

书法