ཕུལ་བྱུང་རིག་གནས་རྒྱུད་འཛིན་དར་སྤེལ་དང་།།

དུས་རབས་གསར་བའི་ལམ་དུ་ཤུགས་ཀྱིས་བསྐྱོད།

༄༅།། ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ཏང་ཚུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་དང་། བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་སློབ་མའི་ཡིག་གཟུགས་འགྲན་བསྡུར་དང་འགྲེམས་སྟོན་གྱི་བྱ་འགུལ་སྤེལ།

བོད་ཀྱི་ཡིག་གཟུགས་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་བྲིས་རྒྱུན་སྣ་མང་ཕུན་སུམ་ཚོགས་པ་དང་། ཡི་གེའི་གཟུགས་མཛེས་ཤིང་སྒྱུ་རྩལ་གྱི་མཛེས་ཉམས་ལྡན་པ་སོགས་ཁྱད་ཆོས་མང་དུ་ཡོད་པས། ད་ལྟ་བོད་མདོ་དབུས་ཁམས་གསུམ་གྱི་བྲིས་པ་མང་པོས་མ་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་ཀྱི་ལས་ལ་གཞོལ་མུས་སུ་འདུག རིན་ཐང་དང་ལྡན་པའི་བོད་ཡིག་ཡིག་གཟུགས་རིག་གནས་གང་དེ་མུ་མཐུད་དུ་རྒྱུན་འཛིན་གནང་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུད་འཛིན་གྱི་ནང་དོན་ཁག་ཅིག་ཡིན་པས། ང་ཚོའི་བོད་མི་སོ་སོའི་ཕྲག་ཏུ་བབས་པའི་ལྡོག་མེད་ཀྱི་འགན་འཁྲི་རེད། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་ཚུགས་ནས་ལོ་འཁོར་བརྒྱ་ལོན་པའི་གལ་ཆེའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་པ་མ་ཟད། ལོ་ལྔ་ཚན་བཅུ་བཞི་བའི་འཆར་འགོད་ཀྱི་གནད་འགག་གི་ལོ་ཞིག་ཡིན་པས། བོད་ཀྱི་ཡིག་གཟུགས་དུས་ཆེན་ཀྱི་སྐབས་དང་བསྟུན་ནས་ཀྲུང་གོ་གུང་ཁྲན་ཏང་ཚུགས་ནས་ལོ་འཁོར་བརྒྱ་ལོན་པ་ལ་རྟེན་འབྲེལ་ཞུ་སླད། སློབ་སྟོན་ཁང་དང་ཡིག་གཟུགས་ཚོ་ཆུང་གིས་བྱ་བའི་འཆར་གཞི་ལྟར་དུ། ཏང་ཚུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་དང་། བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་སློབ་མའི་ཡིག་གཟུགས་འགྲན་བསྡུར་དང་འགྲེམས་སྟོན་གྱི་བྱ་འགུལ་སྤེལ་་བ་རེད།

ཐོག་མར་སློབ་གྲྭའི་ཡིག་གཟུགས་མཛུབ་སྟོན་དགེ་རྒན་མགོན་པོ་སྐྱབས་ཀྱིས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་ལྔ་བ་བསུ་བའི་བྱ་འགུལ་འདི་དང་འབྲེལ་བའི་གཏམ་བཤད་གནངས་པ་དང་། དེར་མཐུད་དེ་བྱ་འགུལ་གྱི་གོ་རིམ་ལྟར་དུ། ཡིག་གཟུགས་ཚོ་ཆུང་གི་སློབ་མའི་འཐུས་ཚབ་པས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་ལྔ་བ་བསུ་བའི་ཤིས་ཚིག་ཕུལ་ཞིང་། ཐེངས་འདིའི་སློབ་མའི་ཡིག་གཟུགས་བརྩམས་ཆོས་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་སློབ་མར་གཟེངས་རྟགས་གནངས་པ་མ་ཟད། སློབ་གྲྭའི་དགེ་སློབ་ཡོངས་དང་ཁྱིམ་བདག་རྣམ་པས་ཀྱིས་སློབ་མའི་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་ལ་རོལ་མྱོང་བྱས་ཏེ་བྱ་འགུལ་བདེ་བླག་གི་ངང་ནས་མཇུག་བསྡུས་སོ།།

为庆祝中国共产党成立100周年,弘扬社会主义核心价值观,提升学生人文素养,增强“五个认同”,结合“藏文书法日”于2021年4月30日尕海镇中心小学举行了以“社会主义核心价值观”为主题的藏文书法比赛及展览活动。旨在培养学生正确的书写习惯,引导学生将文字写正确、端正、整洁、美观,让学生从小练就一手好字,受益终生。

此次活动在书法指导老师的精心策划下,社团学生交上来的一幅幅作品展现了学生较高的文化素养和审美能力。参与此次活动的还有学生家长及评委老师,在场所有人都为学生所做作品给予了充分的肯定。

活动结束后,书法社团邀请校领导及评委老师对此次参赛作品打分,评选出一等奖1名、二等奖2名、三等奖3名分别给予奖励。

通过此次活动的开展,进一步提高学生对藏文书法的兴趣,规范学生的藏文书写,丰富学生的校园文化生活,营造学校的藏文学习氛围,为学生提供一个展示自我的舞台,并通过此次活动让学生互相交流,取长补短,也为他们在未来发展打下良好的基础。