རྩོམ་འབྲི་བའི་ཡུལ་དངོས།

རྩོམ་འབྲི་བའི་ཡུལ་དངོས།

རྩོམ་འབྲི་བའི་ཡུལ་དངོས།

རྩོམ་འབྲི་བའི་ཡུལ་དངོས།

རྩོམ་འབྲི་བའི་ཡུལ་དངོས།

རྩོམ་འབྲི་བའི་ཡུལ་དངོས།
ཐེངས་འདིའི་བྱ་འགུལ་བརྒྱུད། སློབ་གྲོགས་ཚོས་གུང་གསེང་གི་དུས་ཚོད་ནང་དཔེ་ཀློག་དང་ཤེས་བྱ་འཚོལ་སྡུད་བྱས་ནས་མཐོང་རྒྱ་བསྐྱེད་པ་ཙམ་མ་ཡིན་པར་རྩོམ་འབྲིའི་ནུས་པ་མཐོར་འདེགས་དང་འཚོ་བ་དངོས་མཚོན་པར་བྱེད་ནུས་པའི་རྩོམ་འབྲིའི་རྩལ་ནུས་གོང་མཐོར་བཏང་ཡོད། ཐེངས་འདིའི་བྱེད་སྒོ་ནི་“དྲང་བདེན། དྲང་གཞག སྤྱི་བསྒྲགས་”བཅས་ཀྱི་དཔྱད་བསྡུར་བྱེད་ཐབས་ལ་བརྟེན་ཡོད། སྐར་གྲངས་དཔྱད་བསྡུར་བྱེད་པའི་བརྒྱུད་རིམ་ཁྲོད་ང་ཚོས་བརྗོད་བྱ་འབུར་ཐོན་ཡིན་པའི་རྩོམ་ཡིག་མང་པོ་ཞིག་མཐོང་བྱུང་། དེ་ལས་དུས་རྒྱུན་འཛིན་བདག་གཙོ་བྱས་ནས་སློབ་གསེང་གི་དཔེ་ཀློག་གོམས་གཤིས་གསོ་སྐྱོང་བླ་ལྷག་གནང་བ་རྟོགས་བྱུང་། འོན་ཀྱང་མི་གྲངས་ལ་ཚད་ཡོད་པས་ཕུལ་བྱུང་གི་བརྩམས་ཆོས་མང་པོ་ཞིག་ལ་བྱ་དགའ་སྤྲོད་ཐུབ་མ་སོང་། ཡིན་ཡང་ང་ཚོས་འཛིན་གྲྭ་ཁག་གི་ཕུལ་བྱུང་གི་སྦྱངས་རྩོམ་ལ་བསྔགས་བརྗོད་བྱེད་ཀྱི་ཡོད་པས་སློབ་མ་ཕན་ཚུན་བར་གྱི་སློབ་སྦྱོང་འགྲན་རྩོད་ལ་གཞན་ལས་ལྷག་པའི་ཕན་ནུས་ཐོན་ཡོད།

བོད་རྩོམ་དཔྱད་བརྗོད་ཀྱི་རྣམ་པ།

བོད་རྩོམ་དཔྱད་བརྗོད་ཀྱི་རྣམ་པ།

བོད་རྩོམ་དཔྱད་བརྗོད་ཀྱི་རྣམ་པ།
ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་བདེ་ལེགས་ངང་མཇུག་སྒྲིལ། བྱ་འགུལ་ཁྲོད་སློབ་གྲྭའི་མགོ་ཁྲིད་ཀྱི་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་འཛིན་གྲྭ་སོ་སོའི་འཛིན་བདག་དང་སྐད་ཡིག་དགེ་རྒན། སློབ་ཁྲིད་དགེ་རྒན་བཅས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་ཡོད། རྩོམ་ཡིག་རེ་རེའི་ཚིག་སྦྱོར་སྙན་ཞིང་འཇེབས་པ་དང་བརྗོད་དོན་གསལ་བ། བསམ་བློའི་གོ་རྟོགས་མཐོ་བ། བརྩེ་དུང་ལྡན་པ་བཅས་ཀྱི་བརྩམས་ཆོས་ཚང་མའི་མིག་སྔར་བཤམས་པས་ཀློག་པ་པོ་རྣམས་དགའ་ནས་བློ་མགུ་བྱུང་ཡོད། བྱ་འགུལ་ཁྲོད་རྩོམ་ཡིག་འབྲི་བར་སྤྲོ་བའི་རྩོམ་པ་པོ་ཆུང་ཆུང་ཁག་ཅིག་ཐོན་པ་དེས། སློབ་ཆུང་སློབ་མའི་ཧུར་བརྩོན་ཡར་སྐུལ་ལ་ནུས་པ་ཆེན་པོ་ཐོན་ཡོད། རྗེས་ཕྱོགས་བྱ་འགུལ་སྤེལ་བའི་བརྒྱུད་རིམ་ནང་ང་ཚོས་སློབ་མ་དེ་དག་མིག་དཔེར་བཟུང་སྟེ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་རང་རེའི་སློབ་གྲྭའི་སློབ་སྦྱོང་དང་སློབ་གསོའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་ཐུབ་པར་བརྩོན་ལེན་བྱེད་རྒྱུ་ཡིན།
བོད་རྩོམ་དཔྱད་འདེམས་ཀྱི་ཡུལ་དངོས།

བོད་རྩོམ་དཔྱད་འདེམས་ཀྱི་ཡུལ་དངོས།

བོད་རྩོམ་དཔྱད་འདེམས་ཀྱི་ཡུལ་དངོས།

བོད་རྩོམ་དཔྱད་འདེམས་ཀྱི་ཡུལ་དངོས།

བོད་རྩོམ་དཔྱད་འདེམས་ཀྱི་ཡུལ་དངོས།
མདོར་ན། ཐེངས་འདིའི་བྱ་འགུལ་བརྒྱུད་སློབ་མའི་དཔེ་ཀློག་དང་རྩོམ་འབྲིའི་སྤྲོ་སྣང་གསོ་སྐྱོང་བྱེད་པར་སྐུལ་འདེད་ནུས་ལྡན་དུ་བཏང་བས། སློབ་མས་དུས་དེབ་དང་ཚགས་པར་སོགས་ལ་ལྟ་བར་མོས་པའི་སྤྲོ་སྣང་སྦྱིན་ཡོད། ཐེངས་འདིའི་བྱ་འགུལ་མཇུག་སྒྲིལ་ཀྱང་སླད་ཕྱིན་ང་ཚོའི་དགེ་རྒན་གྱིས་སྔར་བཞིན་སློབ་མའི་རྩོམ་འབྲི་བའི་སྤྲོ་སྣང་གསོ་སྐྱོང་དང་། སློབ་མ་ཁྲིད་སྟོན་བྱས་ནས་དཔེ་ཆ་གང་མང་ཀློག་པ། རྩོམ་འབྲི་བའི་གོམས་གཤིས་བཟང་པོ་ཆགས་པ། སློབ་མའི་རྩོམ་འབྲི་བའི་ནུས་པ་ཆེ་རུ་གཏོང་བ། དཔེ་ཀློག་དང་རྩོམ་འབྲི་བར་བརྟེན་ནས་དགེ་སློབ་ཐུན་མོང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
རྩོམ་པ་པོ་ཆུང་ཆུང་ལ་བྱ་དགའ་གནང་བའི་ཟུར།

རྩོམ་པ་པོ་ཆུང་ཆུང་ལ་བྱ་དགའ་གནང་བའི་ཟུར།

རྩོམ་པ་པོ་ཆུང་ཆུང་ལ་བྱ་དགའ་གནང་བའི་ཟུར།

རྩོམ་པ་པོ་ཆུང་ཆུང་ལ་བྱ་དགའ་གནང་བའི་ཟུར།

བོད་རྩོམ་འགྲན་བསྡུར་གྱི་ཨང་དང་པོ།

བོད་རྩོམ་འགྲན་བསྡུར་གྱི་ཨང་གཉིས་པ།

བོད་རྩོམ་འགྲན་བསྡུར་གྱི་ཨང་གསུམ་པ།

བོད་རྩོམ་འགྲན་བསྡུར་གྱི་ཕུལ་བྱུང་།

རྩོམ་པ་པོ་ཆུང་ཆུང་ཚོའི་མཉམ་པར།