༄༅། །གཙོས་མཐོ་རིམ་སློབ་འབྲིང་གིས༼ ཐེངས་གཉིས་པའི ༽ཟླ་གནང་དུ་

ཁྱིམ་བདག་ལ་སྤྲིངས་པའི་འཕྲིན

གུས་པར་འོས་པའི་ཁྱིམ་བདག་རྣམ་པ་སྐུ་ཁམས་བཟང་།

གོང་རིམ་ཡིག་ཆའི་དགོངས་དོན་ལྟར། ཐེངས་འདིའི༼ ཟླ་གནང ༽ངལ་གསོའི་སྐབས་ཀྱི་སློབ་སྦྱོང་དང་བྱ་བའི་བཀོད་སྒྲིག་གི་བརྡ་སྦྱོར་གཤམ་གསལ་ལྟར།

གཅིག ཐེངས་འདིའི་ཟླ་ནི་ཟླ5ཚེས1ཉིན་ནས་ཟླ5ཚེས9ཉིན་བར་སྟེར་རྒྱུ་ཡིན། ཟླ5བའི་ཚེས1ཉིན་གྱི་སྔ་དྲོའི7:00-7:30བར་ལམ་ཕྱོགས་སོ་སོའི་སློབ་མ་སྐྱེལ་རྒྱུ་ཡིན་ལ།7:30-8:00བར་ཉེ་འཁོར་གྱི་སློབ་མའི་རྣམས་ཁྱིམ་བདག་རྣམས་ལེན་དུ་ཡོངས་དགོས། ཟླ5ཚེས9ཉིན་ཕྱིར་སློབ་གྲྭར་ལོག་དགོས་ལ་སྔ་དྲོའི་དུས་ཚོད8:00ནས་12:00བར་གཙོས་གྲོང་ཁྱེར་གྱི་སློབ་མར་མིང་ཐོ་འགོད་རྒྱུ་དང་། ཕྱི་དྲོའི་དུས་ཚོད་ནས13:00ནས16:30བར་རྫོང་ཁག་གཞན་པ་དང་ས་ཆ་གཞན་པའི་སློབ་མར་མིང་ཐོ་འགོད་རྒྱུ་ཡིན།

གཉིས། ཟླ་གནང་སྐབས་སུ་བདེ་ཐང་ལ་ཤུགས་སྣོན་རྒྱག་དགོས།

1.ཁྱིམ་བདག་དང་སློབ་མ་ཚང་མས་རིམས་ནད་སྔོན་འགོག་གི་འདུ་ཤེས་ཆེ་རུ་གཏོང་རྒྱུ་དེ་སྣང་མེད་དུ་འཇོག་མི་རུང་ལ་ལྷོད་གཡེང་གཏན་ནས་བྱ་མི་རུང་། སྔར་བཞིན་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱས་ཏེ། སློབ་གྲྭའི་བཀོད་སྒྲིག་ལྟར “ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བ”“ཕྱི་རུ་མི་འགྲོ་བ་དང་འདུ་འཛོམས་མི་བྱེད་པ”སོགས་ཀྱི་འགོག་སྲུང་གི་བྱ་ཐབས་སྣ་ཚོགས་སྤྱད་ནས་རིམས་ནད་འབྱུང་བར་སྔོན་འགོག་བྱེད་དགོས། དྭངས་གཙང་གི་སེམས་ཁམས་སྲུང་འཛིན་དང་། རང་འགུལ་ངང་རིམས་ནད་སྔོན་འགོག་གི་ཤེས་བྱ་རྒྱུས་ལོན་བྱེད་པ། རང་དཔེ་གཞན་སྟོན་གྱིས་བུ་ཕྲུག་ལ་འཕྲོད་བསྟེན་དང་བདེ་ཐང་གི་གོམས་གཤིས་བཟང་བོ་ཞིག་ཆགས་པར་སྐུལ་དགོས །

2.རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང་“ལོ་རྒྱུས་བཞི”ལ་སློབ་སྦྱོང་བྱ་དགོས།(ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས།།བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས།)

3.སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་དང་།རང་རྟོགས་ཀྱིས་མི་མང་འདུ་འཛོམས་བྱ་ཡུལ་གྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ་མི་གཞན་ལ་རོགས་རམ་བྱ་རྒྱུར་དགའ་བ་བྱ་དགོས། ཟླ་གནང་སྐབས་སུ་ཕྲུ་གུ་ཚོ་ས་གནས་སྲིད་གཞུང་དང་སྡེ་བས་རྩ་འཛུགས་བྱས་པའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱེད་སྒོར་ཧུར་ཐག་གིས་ཞུགས་ནས།ཁ་ལུད་གང་སར་འཕེན་མི་རུང་བ་དང་གད་སྙིགས་གང་སར་གཡུག་མི་རུང་བར“མཚོ་བོད་སྒེའུ་ཁུང་།གངས་ལྗོངས་གཙོས་གྲོང”གི་སྣང་བརྙན་དང་དེ་བཞིན“གནོད་མེད་ལྔའི་ཀན་ལྷོ། མཛེས་སྡུག་གི་སློབ་ར”སྐྲུན་པར་བརྩོན་དགོས།

4.སློབ་མ་དྲ་བར་རྨོངས་པ་སྔོན་འགོག་དང་། ཁྱིམ་སྦྱོང་གི་འཆར་གཞི་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། ལག་འཁྱེར་ཁ་པར་དང་དྲ་བ་སྤྱོད་པའི་དུས་ཡུན་ལ་ཚོད་འཛིན་བྱ་རྒྱུ། སློབ་མའི་དྲ་ཞུགས་ནང་དོན་ལ་ལྟ་སྐུལ་བྱས་ཏེ་རྩེད་རིགས་ལ་རྨོངས་པར་སྔོན་འགོག་སྒོས་འོས་འཚམས་ཀྱི་ལུས་རྩལ་སྦྱོང་བར་འབད་བརྩོན་དང་། བྱིས་པའི་མིག་གི་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས།

གསུམ། སློབ་གཉེར་གྱི་ཁོར་ཡུག་བསྐྲུན་པ།

སློབ་གྲྭའི་རེ་བ་ལྟར་ཁྱིམ་བདག་གིས་བུ་ཕྲུག་གི་སློབ་སྦྱོང་དང་འཚོ་བར་འཚེ་མེད་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་རྒྱུ་དང་། སློབ་གཉེར་བྱེད་པར་མཛུབ་སྟོན་དང་སྐུལ་སློང་བྱས་ཏེ་བུ་ཕྲུག་དང་འབྲེལ་འདྲིས་མང་ཙམ་བྱ་བ།གཞན་ལུས་སེམས་བདེ་ཐང་ཡོང་བའི་བྱེད་སྒོ་མང་ཙམ་ཞུགས་དགོས།

སློབ་བུ་ནི་མི་རིགས་ཀྱི་མ་འོངས་པ་དང་ཕ་ཡུལ་གྱི་རེ་བ་ཡིན་ལ།སློབ་བུའི་བདེ་ཐང་ནི་ཁྱིམ་ཚང་གི་བདེ་སྐྱིད་དང་སློབ་གྲྭའི་འོས་འགན་ལགས། དེ་བས་ང་ཚོས་རེ་བའི་གཤོག་ཟུང་དང་མཐུན་པའི་ལག་གཟུང་སྦྲེལ་སྟེ་འཆམ་མཐུན་སློབ་ར་བསྐྲུན་པར་བརྩོན།

མཐར་ཕ་ངོ་བུ་ངོ་འཕྲོད་ཅིང། བུ་ངོ་ཉི་མ་ཤར་བའི་ཟླ་གནང་རོལ་བར་ཤོག

གཙོས་མཐོ་རིམ་སློབ་འབྲིང་།

2021ལོའི་ཟླ4པའི་ཙེས29ཉིན།

合作市高级中学月假期间致家长的一封信

尊敬的家长:

您好!根据上级通知精神,我校本学期第二次月假时间为5月1日- 5月9日(教师护送时间:早上7:00-7:30;家长来接时间:7:30-8:30)。返校当日实行错峰制(合作市籍学生9日上午到校,外县籍学生9日下午16:00前到校)。下面将月假期间相关事项通知如下:

一、加强假期安全教育

1.疫情防控不掉以轻心。积极响应党和政府的号召,按照学校要求,教育孩子做好“戴ロ罩,勤洗手、不外出、不聚集”等自我防护措施。保持良好的家庭卫生习惯,尽量实行家庭分餐制度,不互用餐具,保持社交安全距离。

2.发扬爱国主义精神,学习“四史”。(党史、新中国史、改革开放史、社会主义发展史)

3.遵守社会公德,自觉维护公共场所的正常秩序,乐于助人。月假期间让孩子积极参加街道办及乡镇地方所组织的环境卫生整治活动,不随地吐痰,不乱扔垃圾,为树立“青藏之窗· 雪域羚城”形象及“创建五无甘南·建设五无校园”贡献一份力量,做一名合格的公民。

4.督促完成月假作业。家长督促孩子按时完成各科老师布置的月假作业,阅读内容健康的课外书籍,拓宽知识面,提高自我修养,并认真填写《家校联系卡》。

5.增强孩子的卫生防范意识。注重饮食规律,适当补充营养,希望家长结合季节特点,做好春季传染疾病的预防,如腮腺炎、流感、麻疹、水痘等;教育孩子讲究个人卫生,不随便吃零食、野果等;不吃过期和霉烂变质食品,防止食物中毒。

6.加强交通安全、防溺水安全、饮食安全、人身伤害防范等方面的教育。

7.防止孩子沉迷网络。帮助孩子合理安排好居家学习计划,明确好使用手机、网络的时段、时长和内容等。监督孩子不痴迷于网络游戏。

二、营造学习环境

希望家长为孩子营造一个有利于学习、生活的和谐环境,鼓励孩子多读书,读好书;指导学生合理安排时间,按时完成学校布置的月假作业;多与孩子沟通,多参加一些有益于身心健康的活动。

最后,祝各位家长:身体健康,万事如意,扎西德勒!

合作市高级中学

2021年4月29日