སྒྲུང་བཤད། 讲故事

美友80190306

བོད་གངས་ཅན་གྱི་ལྗོངས་འདི་ནི། ངག་རིག་གཏམ་གྱི་བང་མཛོད་དང་།

སྒྱུ་རྩལ་རིག་པའི་གླེགས་བམ་རེད།

གནས་འདི་ན། གཙུག་ལག་གསེར་རིའི་ཕྲེང་བ་འོད་དུ་འགྱེད་ལ།

གནས་འདི་ན། ཤེས་བྱ་རྒྱ་མཚོའི་བདུད་རྩི་རླབས་ཏུ་འཕྱོ།

ན་ཆུང་གྲོགས་པོ་རྣམ་པ།

དེ་རིང་ཕྱི་རྫ་རི་སྨུག་གྱི་ལེར་འགྱིང་བ་ཨ་མྱེ་དུང་ཕྲུག་གི་འདབ་རོལ་ནས།

དེ་རིང་ནང་སྐལ་ལྡན་ཁྲ་གྱི་ལེར་འཛོམས་པ་གཙོས་བོད་རིགས་སློབ་ཆུང་གི་

དགའ་ཚལ་ནས།

བོད་སྒང་བའི་ཕ་སྐད་ཀྱི་མདངས་མ་ཉམས་སེར་རོ་གསེར་འདྲ་འདྲ།

ཕ་གོང་མའི་གནའ་གཏམ་གྱི་རྒྱུན་མ་ཆད་མུ་ཏིག་གི་ ཕྲེང་འདྲ་འདྲ།

ལྟོས་དང་།

དེ་རིང་བལྟས་ན་ཉམས་དགའ་ཞིང་། ཉན་ན་སེམས་སྐྱིད་པའི་བཀྲ་ཤིས་ལྷ་ཉིན་དཀར་པོ་འདི་ལ། ཐོག་མར་ངེད་གསུམ་ལྔ་འཛིན་གྲྭའི་སློབ་མ་བསོད་ནམས་བདེ་འཛོམས་སྐྱིད་དང་ཚེ་རིང་མཁར།བསོད་ནམས་སྒྲོལ་མ་ཆེ་བ།བསྟན་འཛིན་སྒྲོལ་མ་ཆུང་བ་བཅས་ཀྱིས་བཤད་པའི་གནའ་གཏམ་ལ་རྣ་བ་བླགས་ནས་ཉན་ན་ཅི་འདྲ་རེད།

མི་མང་བོའི་མདུན་ནས་གཏམ་རྒྱུད་བཤད་དུ་བཅུག་ན་རང་རྟོན་བསམ་པ་བསྐྱེད་ཐུབ་པ་མ་ཟད། ངག་རྩལ་ཡང་རང་ཤུགས་ཀྱིས་ཆེ་རུ་འགྲོ་ཐུབ།སློབ་གྲོགས་ཚོ། གལ་ཏེ་ཁྱོད་རང་གིས་ཤེས་པའི་གཏམ་རྒྱུད་སྤྲོ་བ་ཅན་དེ་དག་སློབ་གྲོགས་གཞན་པ་དང་མཉམ་རོལ་གྱི་མོས་འདུན་ཡོད་ཚེ་རང་སློབ་གྲྭའི་བོད་སྐད་ཡིག་ལས་ཤག་གི་འཕྲིན་སྟེགས་སུ་ཕེབས་རོགས།

སྤྱིའི་ལྟ་སྐུལ། རྟ་མགྲིན་མགོན་པོ།

རྩོམ་སྒྲིག་འགན་ཁུར། སྒྲོལ་མ་སྐྱིད།

རྩོམ་སྒྲིག བན་དེ་སྐྱིད་བོད་ཡིག་ལས་ཤག

སློབ་མའི་མཛུབ་སྟོན། འབྲུག་མོ་མཁར།

རྒྱུ་ཆ་འདོན་སྤྲོད། གསུམ་ལྔ་འཛིན་གྲྭ།