图说占哇的美篇

图说占哇

最北之乡 最美占哇
ཟླ་༤བའི་ཚེས་༡༩་ཉིན།གཞུང་ལམ་བདེ་འཇགས་དང་བདག་སྐྱོང་ལས་དོན་ཏན་ཏིག་སྒྲུབ་ཆེད།མཛོད་དགེ་རྫོང་འགྲིམ་འགྲུལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཆོས་སྐྱོང་སྐྱབས་དང་བཅས་པར་ངེད་ཡུལ་ཚོའི་ཞག་སྡེར་ཆུ་གཉིས་ལུང་དུ་ཡོང་ནས།གཞུང་ལམ་བདེ་འཇགས་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ།ལམ་ངོས་ལ་གནོད་འཚེ་ཕོག་ཡོད་མིན་དང་ཆད་ལྷག་བྱུང་ཡོད་མེད།བདེ་འཇགས་ཡིན་མིན་སོགས་ལ་དངོས་སུ་ལྟ་ཞིབ་བྱས་པ་མ་ཟད།ཡུལ་ཚོའི་ལས་བྱེད་མི་སྣ་དག་ལ་ལམ་དུམ་དེའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྐོར་དག་ཐེར་ལེགས་བཅོས་ཀྱི་བསམ་འཆར་བསྡུ་ལེན་བྱས་བ་དང་།ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་།མཐུན་སྦྱོར་ལ་ཤུགས་སྣོན།གཞོགས་འདེགས་དམ་ཟབ་བཅས་བྱས་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་མགྱོགས་མྱུར་ངང་དག་ཐེར་བཅོས་སྒྲིག་བྱེད་དགོས་བའི་རེ་བ་བཏོན་ཡོད།

4月19日,为切实做好道路安全和养护工作,及时消除路段安全隐患,排除险情,清理路障,确保辖区内的路段安全、畅通。若尔盖县交通局副局长祁军甲到我乡夏德村七里龙寨对隐患点进行摸底排查工作,实地查看了路段的受损程度,并听取了我乡干部关于该路段的安全隐患情况介绍和整改建议,要求指出,一定要高度重视、加强协调、密切配合,对存在的安全隐患尽快整改落实到位。

དགོན་པའི་ཁྲིམས་སྲོལ་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་ཇེ་ཆེར་གཏོང་ཆེད།ཟླ་༤་བའི་ཚེས་༡༩ཉིན་གྱི་སྔ་དྲོར།ངེད་ཡུལ་ཚོས་མཛོད་དགེ་རྫོང་༼ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ།རྒྱལ་གཅེས་ཆོས་གཅེས་དང་ཕ་ཡུལ་ལ་དགའ་ཞེན་༽ཞེས་པའི་གྲྭ་བཙུན་གྱི་སློབ་གསོ་བྱེད་སྒོ་སྤེལ།ཐེངས་འདིའི་ཚོགས་འདུར།ཆབ་སྲིད་ཀྱི་འགན་འཁྲི་དང་ཁྲིམས་ལུགས་ཀྱི་འདུ་ཤེས་དང་ཆེ་རུ་གཏོང་དགོས་བ་དང། བསམ་བློ་གཅིག་གྱུར་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་གལ་ཆེའི་རང་བཞིན་དང་མྱུར་མཁོའི་རང་བཞིན་ལ་ངོས་འཛིན་ཡང་དག་བྱས་ཏེ། མུ་མཐུད་དུ་སློབ་སྦྱོང་གི་དམིགས་སའི་རང་བཞིན་དང་དངོས་སྤྱོད་རང་བཞིན་ཇེ་མཐོར་གཏོང་དགོས་བའི་རེ་བ་བཏོན་ཡོད།

4月19日上午,我乡一楼会议室召开若尔盖县“庆华诞.爱国爱教爱家乡”僧侣教育暨党史学习教育。占哇乡党委书记刘光明主持本次会议,来我乡宣讲人员有县民宗局局长尕让桑格、县统战部副部长颜巴学、县佛协副会长嘉盖仓.吉美罗让贡曲嘉措、县佛协副会长扎吾仓.更登降措。来参加会议的有森都寺和龙让修行点30余僧侣和我乡班子成员。会议要求指出,要切实增强政治责任感和法制意识;要统一思想,充分认识学习党史的重要性和紧迫性;提高学习的可行性和时效性,要学以致用,不断增强学习的针对性和实用性。

ཟླ་༤་བའི་ཚེས་༢༡ཉིན།ངེད་ཡུལ་ཚོས་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ་བསྡུས།གྲོས་ཚོགས་ཀྱིས་ཐོག་མར༼འདེམས་བསྐོ་བྱེད་ཐབས༽ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།གྲོས་ཚོགས་ལ་མི་༣༣ལ་སླེབས་དགོས་པ་དང་།དངོས་སུ་མི་༣༣་ཐོན་ཡོད།གྲོས་ཚོགས་ཀྱིས་གོ་རིམ་ལྟར་་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ལ་བརྟེན་ནས་འདེམས་བསྐོ་བྱས་པ་རེད།འདེམས་བསྐོ་བྱས་པ་བརྒྱུད།བློ་མཐུན་རྟ་མགྲིན་ཚེ་རིང་ནི་་འབྲིང་བ་ཡུལ་ཚོའི་སྲིད་གཞུང་གི་ཞང་ཀྲང་གཞོན་པར་བདམས་པ་དང་དེ་རྗེས་བློ་མཐུན་རྟ་མགྲིན་ཚེ་རིང་་གྱིས་གཏམ་བཤད་ལས་བརྗོད་དོན།རྗེས་ཕྱོགས་གྱི་ལས་ཀའི་ཁྲོད་ཐོག་མའི་བསམ་འདུན་དང་ལས་འགན་ཡག་པོ་བསྲུངས་ནས་མུ་མཐུད་དུ་དམངས་ཚོགས་ཀྱི་བདེ་སྐྱིད་ཀྱི་དྲོད་སྣང་དང་།ཐོབ་པའི་དགའ་་སྣང་།བདེ་འཇགས་ཀྱི་སྐྱིད་སྣང་བཅས་ཆེ་རུ་བཏང་སྟེ།ཡུལ་ཚོ་ཡོངས་ཀྱི་མི་དམངས་ཀྱི་གཅེས་སྐྱོང་དང་རེ་བཅོལ་ཆུད་ཟོས་སུ་མི་གཏོང་བ་བློ་གཅིག་སེམས་གཅིག་གིས་སྒོ་ནས་དམངས་ལ་དྲིན་ལན་འཇལ་རྒྱུའི་ཁས་ལེན་དམ་བཅའ་བྱས། ཚོགས་འདུ་གྲོལ་རྗེས་འཐུས་མི་སོ་སོས་གཅིག་རྗེས་གཉིས་མཐུད་ཀྱིས་བློ་མཐུནརྟ་མགྲིན་ཚེ་རིང་ལ་ཁ་བཏགས་དང་སྨོན་འདུན་ཞུས་པ་རེད།དེ་མིན།ཡུལ་ཚོའི་ཏང་ཨུད་ཧྲུའུ་ཅི་ལིའུ་ཀོང་མིང་གིས་ཉེ་དུས་ཀྱི་ལས་དོན་བཀོད་སྒྲིག་གནང་།ནགས་སྲུང་མེ་འགོག་དང་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་བའི་རེ་བ་བཏོན་ཡོད།

4月21日,我乡组织召开占哇乡第十四届人民代表大会第六次会议,会议首先审议通过了《选举办法》,会议应到33人,实到33人,会议按照法定程序,以无记名投票的方式进行了选举。经选举,阿巴同志当选为占哇乡政府副乡长,随后阿巴同志进行了表态发言,并承诺将在今后工作中守好初心和使命,不断增强人民的幸福感、获得感、安全感,更好地回报全乡人民的关爱和厚望。会后各代表纷纷给阿巴同志献哈达、送祝福。同时,乡党委书记刘光明安排部署近期工作,要加强护林防火和加强学习党史教育工作。

ཟླ་༤་བའི་ཚེས་༢༡ཉིན་གྱི་ཕྱི་དྲོར། ཞང་ཀྲང་བསོད་ནམས་དར་རྒྱས་ཀྱིས་སྡེ་བ་གསུམ་གྱི་ཀྲི་པུའི་ཧྲུའུ་ཅི་སྣེ་ཁྲིད་དེ་་ཆུ་ལམ་གྱི་འབྲུབ་འགོག་བདེ་འཇགས་ལ་ཞིབ་བཤེར་བྱས་ནས་ཞོད་ཟོན་ཐན་འགོག་དང་།ཉེན་ཁ་མྱུར་སྐྱོབ་དང་གནོད་པ་སེལ་ཐབས།སྔ་ཙམ་ཇུས་འགོད་དང་སྔ་ཙམ་བཀོད་སྒྲིག་བྱེད་རྒྱུ་དང་།སྔ་ཙམ་བྱ་སྤྱོད་སྤེལ་བ་བཅས་ལ་གཞི་ཚུགས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་བཞག་ནས་འགན་འཁྲི་སྔར་བས་ཏན་ཏིག་འཁུར་བ་དང་།ཞོད་ཟོན་ཐན་འགོག་གི་གྲ་སྒྲིག་ལས་དོན་ཁག་དམ་འཛིན་ཞིབ་ཚགས་བྱེད་དགོས་བའི་རེ་བ་བཏང་ཡོད།

4月21日下午,乡党委副书记、乡长索郎达吉带领三个村的支部书记,对辖区内河道防汛安全进行大检查,强调要立足“防大汛、抗大旱、抢大险、救大灾、早谋划、早安排、早行动”,始终把人民群众生命安全放在第一位,进一步压实责任,抓早抓细抓实防汛抗旱各项准备工作。

ཟླ་༤ཚེས༢༣ཉིན་གྱི་སྔ་དྲོ།རང་རེའི་ཡུལ་ཚོའི་འགོ་ཁྲིད་ཚན་ཁག་ཧུར་ཐག་སྒོས་“མཛོད་དགེ་རྫོང་གི་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བའི་ཆེད་དོན་སྙིང་གཏམ་ཤོད་རེས་ཚོགས་འདུ་དང་གསོ་སྦྱོང་ཚོགས་འདུའི”བརྙན་ལམ་ཚོགས་འདུར་ཞུགས་པ།

4月23日上午,我乡领导班子积极参加“若尔盖县严肃换届纪律专题谈心谈话会暨培训会”视频会。

ཟླ༤ཚེས༢༣ཉིན་གྱི་ཕྱི་དྲོར།་རྔ་པ་ཁུལ་་སྲིད་འཛིན་ཞིབ་མཆན་ཅུས་ཀྱི་ཅུས་ཀྲང་ཧོ་གྲུ་་ཕུའུ་རང་རེའི་པུས་སྒང་སྡེ་བ་“གཉིས་འབྲེལ་གཅིག་སྐྱོད”ཀྱི་འཚམས་འདྲིའི་ལས་དོན་སྤེལ་བ་ཐོན།རོགས་སྐྱོར་སྡེ་བ་དང་དུད་ཚང་དབུལ་པོར་འཚམས་འདྲི་བྱས་ནས་ཁོང་ཚོར་ལ་ཏང་དང་སྒྲིག་འཛུགས་གྱི་ཐུགས་ཁུར་དང་འཚམས་འདྲི་བསྐྱལ་ཡོང་བ་དང་།འབྲས་དང་སྣུམ་སོགས་དམངས་ཚོགས་ལ་ཕན་པའི་འཚོ་བའི་དངོས་ཟོག་བསྐྱལ་ཡོང་བ་རེད།

4月23日下午,阿坝州行政审批局局长何志富到我乡毕岗村开展“两联一进”慰问工作,走访慰问了帮扶村和贫困户,为他们带去组织的关心和问候,并送去米、油等生活物资。

ཟླ༤པའི་ཚེས་༢༣ཉིན་གྱི་ཕྱི་དྲོར།མཛོད་དགེ་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་ལིའུ་ཞུའེ་ལེའང་རང་རེའི་ཡུལ་ཚོའི་ས་གཤིས་གནོད་འཚེའི་ལ་གྲལ་བཤེར་ལས་དོན་སྤེལ་བར་བསྐྱོད་པ་མ་ཟད།ད་དུང་ཇུས་འགོད་ཀུང་སིས་སྣེ་ཁྲིད་དེ་གནས་ཚུལ་དངོས་ལ་གཞིགས་ནས་ས་གཤིས་ཀྱི་གནོད་འཚེ་འགོག་པའི་ཆུ་རགས་དང་ཆུ་མཛོད་སྐྲུན་པའི་རྣམ་གྲངས་ལ་འཆར་འགོད་ཀྱང་བྱས་པ་རེད།

4月23下午,若尔盖县应急管理局局长刘学良到我乡夏德村罗军寨开展地质灾害隐患排查工作,并带领设计公司根据实际情况,制定地质灾害防洪堤堡坎项目规划。

ཉིན་དེར་མཛོད་དགེ་རྫོང་རྒྱལ་ཁབ་ས་ཁོངས་ཅུས་ཀྱིས་ཕྱོགས་གསུམ་པའི་ཚོད་སྐོར་ལས་དོན་སྤེལ་བ་དང་འབྲེལ་རང་རེའི་ཡུལ་ཚོའི་ས་གཤིས་གནོད་འཚེ་ཕོག་ཁུལ་དང་གཙོ་གནད་འགོག་བཅོས་བྱ་ཡུལ་ལ་ཆུ་མ་རྒྱས་གོང་གི་གྲལ་བཤེར་ལས་དོན་སྤེལ་བ་རེད།

同日,若尔盖县国土局开展第三方评估工作,并对我乡区域内地质灾害点重点防治点进行汛前排查工作。

མཛེས་སྡུག་གཞི་རིམ་དུ་བཞད་ཅིང་།སྤྱི་ཚོགས་འགན་བཅོལ་བྱང་བུ་བཀོལ་སྤྱོད་སྔར་བས་རྒྱ་ཆེར་གཏོང་བ་དང་སྤྱི་ཚོགས་འགན་བཅོལ་བྱང་བུའི་དམངས་ཕན་ནུས་པ་འདོན་སྤེལ་ཏན་ཏིག་བྱ་ཆེད།ངེད་ཡུལ་ཚོའི་འཆར་ལྡན་བུ་བཙའི་ལས་དོན་པས་དམངས་ཚོགས་ཀྱི་རྒན་གསོ་འགན་བཅོལ་ཐོབ་ཐང་མ་དངུལ་དེ་མི་སེར་རང་ཉིད་ཀྱི་སྤྱི་ཚོགས་འགན་བཅོལ་བྱང་བུ་ཐོག་གཏོང་བའི་ལས་དོན་ཧུར་ཐག་གི་སྒྲུབ་པ་མ་ཟད། ད་དུང་མང་ཚོགས་ཆ་ཤས་ཀྱི་རྒན་གསོའི་དངུལ་གཏོང་སྤྲོད་ཐད་ཀྱི་གནད་དོན་གཞན་དག་ལ་འགྲེལ་བཤད་ཟབ་མོ་བྱས་ནས།མོས་དཀའ་ངལ་ལ་མི་སྐྲག་པའི་སྙིང་སྟོབས་ཀྱིས་མི་སེར་ལ་ལས་དོན་དངོས་སྒྲུབ་ཡོད།

美丽,在基层绽放,为进一步扩大社保卡在社会保险中的应用,切实发挥社保卡便民惠民作用,我乡计生干事努力办理养老保险待遇转本人社保卡金融账户发放。并耐心解释有关群众对养老金发放方面的其他问题。以不怕苦不怕累的精神为百姓干真事干实事。