ཆོས་འཁོར་སྐད་གཉིས་བྱིས་སྐྱོང་ཁང་གིས་སྐད་ཆའི་ཁྱབ་ཁོངས་ཀྱི་བྱེད་སྒོ་སྤེལ་བ།

美友64448520

ལོ་གསུམ་ནས་དྲུག་ཅན་གྱི་བྱིས་པར་མཚོན་ན། ལད་ཟློས་རང་བཞིན་གྱི་སྐད་ཆ་སྨྲ་བར་སྤྲོ་ལ།འདྲི་བ་དང་བཤད་པའི་ཁྱད་ཆོས་མངོན་གསལ་ཡོད་པས། རང་ཉིད་ཀྱི་ཉེ་འཁོར་ནས་བྱུང་བའི་གནས་ཚུལ་དག་བརྗོད་འདོད་པའི་འདུན་པ་དྲག་པོ་ཡོད།འོན་ཀྱང་སྐད་ཆའི་འབྲེལ་ཆགས་རང་བཞིན་ཅུང་ཞན་པས་ཁོ་ཚོའི་སྨྲ་བརྗོད་ཆ་ཚང་བར་ང་ཚོས་རོགས་རམ་དང་སྣེ་སྟོན།མི་མང་པོའི་མདུན་ནས་སྐད་ཆ་བཤད་ཐུབ་པའི་སྤོབས་པ་སོགས་སྦྱོང་བརྡར་བྱེད་དགོས་ལ།སྐད་ཆ་བཤད་པའི་གོ་སྐབས་མང་དུ་བསྐྲུན་དགོས།དེ་མིན་བྱིས་པ་ཚོའི་རྒྱའི་སྤྱི་སྐད་སྒྲ་དག་པའི་སྒོ་ནས་བརྗོད་ཐུབ་པར་སྐུལ་འདེད་བྱེད་པ་མ་ཟད། ལྟ་ཞིབ་དང་དྲན་ཤེས། བསམ་གཞིག་སོགས་ཀྱི་ནུས་པ་མཐོ་རུ་འདེགས་པའི་ཆེད་དུ་༼ གཡས་དང་གཡོན༽ ཞེས་པའི་སྐད་ཆའི་ཁྱབ་ཁོངས་ཀྱི་སློབ་ཁྲིད་བྱེད་སྒོ་འདི་སྤེལ་བ་ཡིན།

ང་ཚོའི་འཛིན་གྲྭ་ནི་ལོ་རིམ་ཚང་མ་བསྲེས་ཡོད་པས་ལོ་ཚོད་དང་སེམས་ཁམས་རང་བཞིན་མི་འདྲ་ལ། བྱིས་པའི་ཤེས་རྟོགས་ཀྱི་ཁྱད་ཆོས་ཀྱང་མི་འདྲ་བས་འཛིན་གྲྭ་སོ་སོའི་བྱེད་སྒོའི་དམིགས་ཚད་ཀྱང་མི་འདྲ་སྟེ།

འཛིན་གྲྭ་ཆུང་བ།—༡. སྐད་ཆ་སྨྲ་བར་སྤྲོ་བའི་འདུན་པ་སྐྱེད་སྲིང་བྱེད་པ། ༢.མི་མང་པོའི་མདུན་ནས་སྐད་ཆ་བཤད་ཐུབ་པར་སྐུལ་བ།

འཛིན་གྲྭ་འབྲིང་བ།—༡.གཡས་ཕྱོགས་དང་གཡོན་ཕྱོགས་ཀྱི་དབྱེ་བ་འབྱེད་ཤེས་རུ་འཇུག་པ། ༢.རང་ཉིད་ཀྱི་བརྗོད་འདོད་སྐད་ཆར་གོ་རིམ་ཡོད་ལ་འབྲེལ་ཆགས་པའི་ནུས་པ་སྐྱེད་སྲིང་བྱེད་པ།

འཛིན་གྲྭ་ཆེ་བ།—༡.རང་མི་རིགས་དང་རྒྱའི་སྤྱི་སྐད་ཀྱི་མིང་ཚིག་སྟེ་གཡས་ཕྱོགས་དང་གཡོན་ཕྱོགས་སྒྲ་དག་པོའི་སྒོ་ནས་བརྗོད་ནུས་པ། ༢.རང་ཉིད་ཀྱི་གཡས་ཕྱོགས་དང་གཡོན་ཕྱོགས་ན་ཡོད་པའི་གྲོགས་པོ་ཆུང་ཆུང་ཚོ་ངོ་སྤྲོད་ཐུང་ཐུང་བྱེད་པར་སྐུལ་བ།

🤗 གྲོགས་པོ་ཆུང་ཆུང་ཚོའི་ལག་པ་གཡས་པར་བཟུང་ཡོད་པའི་དངོས་པོ་དེ་ཅི་ཞིག་རེད། ལག་པ་གཡོན་པར་བཟུང་་ཡོད་པའི་དངོས་པོ་དེ་ཅི་ཞིག་རེད། (རང་ཉིད་ཀྱི་ཤེས་ཚོད་ལྟར་བརྗོད་པར་ཡང་ཡང་སྐུལ་བ། )

བྱེད་སྒོ་རྒྱ་བསྐྱེད།

༡. སློབ་ར་ནས།-- རྙོག་འཛིང་ཆེ་བའི་རྐང་རྗེས་དང་ལག་རྗེས་ཀྱི་རྩེད་འཇོར་རོལ་བ།

༢. རང་ཁྱིམ་ནས།--རང་གི་བཟའ་མི་ཚོར་དེ་རིང་གི་སློབ་རའི་གནས་ཚུལ་རགས་ཙམ་བརྗོད་པར་སྐུལ་བ།

གསལ་འདེབས་ཆུང་ཆུང་། ⚠️

༡. རྩེད་འཇོར་རོལ་བའི་འགྲིག་ལམ་བརྩི་སྲུང་བྱེད་པ།

༢. བདེ་འཇགས་དོ་སྣང་ཐད་ནས་ཕན་ཚུན་གྱི་བར་ཐག་ངེས་ཅན་ཡིན་དགོས།