优质课展示活动
ཇི་སྐད་དུ། <<མཛའ་བཤེས་ཀྱི་ཚོམས>>ལས། “ཚུལ་ཁྲིམས་ཉེ་བར་ཞི་བ་དང་།། ཤེས་རབ་ཆེས་མཆོག་ལྡན་པ་ཡི།། གཙོ་བོ་གང་ཡིན་དེ་བསྟེན་ན།། གཙོ་བོ་བས་ཀྱང་ཆེས་གཙོར་འགྱུར།། ” ཞེས་གསུངས་པ་བཞིན། དགེ་བའི་བཤེས་གཉེན་རྣམ་པ་གཙོ་བོ་བས་ཀྱང་ཆེས་གཙོ་བོར་འགྱུར་བའི་ཕྱིར་རམ། “བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡི།། གསལ་མཛད་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ།། ”ཞེས་གསུངས་པ་ལྟར། རང་རེའི་དགེ་རྒན་རྣམ་པའི་ཐབས་མཁས་ཀྱི་རྩལ་འབྱིན་པ་དང་ཁྲིད་པའི་ནུས་པ་གོང་དུ་སྤེལ་བའི་ཆེད་དུ། སློབ་གྲྭའི་“ཁྱད་བསྟུན་སློབ་ཁྲིད་དཔེ་ཚུལ”སྔར་བས་ཁྱབ་བརྡལ་དུ་གཏོང་བའི་རྩ་དོན་བཞིན། སློབ་སྟོན་ཁང་གི་རེ་སྐུལ་དང་བཀོད་སྒྲིག་འོག ངེད་སྐད་ཡིག་སློབ་དཔྱོད་ཁང་གིས་དུས་ཡུན་གཟའ་འཁོར་གཅིག་(4.12—4.16)གི་རིང་སྤུས་ལེགས་སློབ་ཁྲིད་དཔེ་སྟོན་བྱེད་པའི་སློབ་དཔྱོད་བྱ་འགུལ་གཟབ་རྒྱས་ངང་སྤེལ།

གྲ་སྒྲིག་འཛོམས་པོ་ནི་ལེགས་འགྲུབ་ཀྱི་རྨང་གཞི་ཡིན།

ཁྲིད་བྱའི་ནང་དོན་ནང་བྱན་ཆུད་པ་དང་། ཁྲིད་ཡུལ་སློབ་མར་རྒྱུས་ལོན་ཟབ་པ། ཁྲིད་མཁན་རང་ལ་ཁྲིད་ཐབས་འཛོམས་པ་བཅས་གསུམ་ནི་སྤུས་ལེགས་སློབ་ཁྲིད་གཅིག་གི་རྩ་བའི་ཆ་རྐྱེན་ཡིན་པ་བཞིན་དུ། ཐོག་མར་དགེ་རྒན་རྣམ་པ་རང་ངོས་ནས་ཁྲིད་པའི་ནང་དོན་ལ་འཚོལ་རྟོག་དཔྱད་ཞིབ་རྣལ་མ་བགྱིས་ནས་གཙོ་དཀའ་གནད་རེ་རེ་གསེད་དཀྲོལ་མཐར་ཕྱིན་བྱས། དེ་ནས་ཁྲིད་ཡུལ་སློབ་མའི་བློ་རབ་འབྲིང་ཐ་གསུམ་ལ་དམིགས་གཏད་ནས། གང་ལ་གང་འཚམ་དང་དེ་ལ་དེ་བསྟུན་གྱི་ཁྲིད་ཐབས་སྣ་ཚོགས་ལ་བློས་བསླངས་དང་བརྡར་གཅོད་ཐེངས་མང་བྱས་ནས་ཆེས་སྣོད་བསྟུན་དང་ཆེས་ནུས་ཕྱོད་ཆེ་བ་དེ་དག་བདམས་བསལ་གཏན་ལ་འཁེལ། མཇུག་མཐར་ཆེས་མཚར་བའི་སྨྱན་གཟུགས་སྒྲིག་བཀོད་བྱས་ཤིང་། དངོས་དཔེ་སྟོན་པ། ཤོག་བྱང་འགྲེམ་པ། ཡིན་འཇོག་བྱ་དགའ་སྒྲིག་པ་སོགས་ཀྱི་ཁྲིད་ཆས་གྲ་སྒྲིག་འཛོམས་པོ་བྱས་ནས་ཆེས་འགྲུབ་པའི་སློབ་ཁྲིད་གཅིག་གི་མཐུན་རྐྱེན་བསྐྲུན་ཅི་ཐུབ་བྱས།

དོན་དངོས་ལག་ལེན་ནི་ལེགས་འགྲུབ་ཀྱི་སྲོག་ཤིང་ཡིན།

རང་ངོས་ནས་གྲ་སྒྲིག་འཛོམས་པོ་བགྱིས་པའི་རྨང་གཞིའི་ཐོག དགེ་རྒན་རེ་རེ་ཡིས་རིམ་བཞིན་དུ་སྤུས་ལེགས་སློབ་ཁྲིད་དཔེ་སྟོན་བྱེད་འགོ་བརྩམས། ཇི་སྐད་དུ། “བྱང་ཆེ་བའི་ཡིད་ཆེས་ཡོད་ན།། འགྲུབ་ཆེ་བའི་ཡིད་ཚིམ་ལོས་རྙེད།། ”ཅེས་པ་བཞིན། ལུང་གིས་ཕྱུག་པ། དེ་ཉིད་རབ་ཏུ་རྟོགས་པ། ཡོན་ཏན་ལྷག་པ། སྨྲ་མཁས་པའི་དགེ་བའི་བཤེས་གཉེན་གྱི་ཁྱད་ཆོས་དག་རབ་ཏུ་ངོམ་ཞིང་། “མཁས་པ་དེས་ནི་བྱེ་བ་ཁྲག་ཁྲིག་དཔེས།། འཁོར་རྣམས་མགུ་ཞིང་དེ་བཞིན་དགའ་བར་བྱེད།། ”ཅེས་པ་བཞིན་གྱི་དཔེ་སྟོན་པ། འཁྲབ་སྟོན་བྱེད་པ། ལག་ལེན་སྡུར་བ་སོགས་ཀྱི་ཐབས་མཆོག་བཀོལ་ནས་སློབ་མ་རེ་རེ་མགུ་ཞིང་དེ་བཞིན་དགའ་བར་བྱས་པས་མི་ཚད། བློ་རབ་འབྲིང་ཐ་གསུམ་གྱི་སློབ་མ་རེ་རེ་སྔར་ཡོད་ཀྱི་རྨང་གཞིའི་སྟེང་ནས་གོང་འཕེལ་ཡོད་པར་བྱས་ཏེ་སློབ་མའི་རང་འགུལ་རང་བཞིན་དང་། རང་རྐྱ་འཕེར་བའི་ནུས་པ། མངོན་འདོད་ཀྱི་སེམས། དོན་དངོས་ལག་ལེན་གྱི་ནུས་པ་སོགས་ཚད་མཐོན་པོས་གོང་དུ་སྤེལ་ཐུབ་པ་བྱུང་།

ཕྱིར་རྟོག་དཔྱོད་ཤེས་ནི་ལེགས་འགྲུབ་ཀྱི་གཤོག་ཡ་ཡིན།

རྒྱལ་ཁབ་རིམ་པའི་སློབ་གསོའི་ལྟ་སྐུལ་བ་ཁྲིན་ཧྲེན་རོང་ལགས་ཀྱིས“དགེ་རྒན་གྱི་ཆེས་བླ་ན་མཐོ་བའི་གཤིས་སྤྱོད་ནི་ཕྱིར་རྟོག་གི་གོམས་གཤིས་དང་ལྡན་པ་དེ་ཡིན།”ཞེས་པ་གསུངས་བ་བཞིན། དགེ་རྒན་ནི་ཐུན་རེ་རེར་ཕྱིར་རྟོག་གིས་ཉིན་རེ་རེར་འཛོམས་པོར་གཏོང་བའི་དཔྱད་ཞིབ་པ་དེ་ཡིན་དགོས་པས། དཔེ་སྟོན་སློབ་ཁྲིད་རེ་རེ་ལ་ཉན་པ་བོ་རེ་རེ་ནས་ཕྱིར་རྟོག་གདེང་འཇོག་ཚད་མཐུན་ལུགས་མཐུན་བྱས། རང་ལྟ་མཆོག་འཛིན་ཙམ་པོས་ཁྲིད་རྩལ་གྱི་ཁོ་ལག་རྒྱས་མི་ཐུབ་ལ། འཆད་པ་རྐྱང་རྐྱང་ཙམ་གྱིས་སློབ་པའི་རེ་འདོད་ཀྱང་བསྐོང་མི་ཐུབ་པས། ཕྱིར་རྟོག་གདེང་འཇོག་གིས་འཛོམས་པོར་གཏོང་བ་དང་། ཕན་ཚུན་སྐུལ་འདེད་ཀྱིས་ཚད་ལྡན་དུ་བྱེད་པ་ནི་ད་གཟོད་སློབ་དཔྱོད་ཀྱི་ཁོར་ཡུག་ཆེས་ཡངས་པོ་དེ་ཡིན་པ་བསྙོན་དུ་མེད། མིའི་འབྲེལ་བ་ཆེས་བཟང་པོ་ནི་སེམས་པའི་བར་ན་གྱང་མེད་པ་དེ་ཡིན་པ་བཞིན། ཕྱིར་རྟོག་གདེང་འཇོག་ཆེས་བཟང་བོ་དེའང་སྦ་གསང་ཅི་ཡང་མེད་པར་སེམས་ཚོར་ཐད་བརྗོད་བྱེད་པ་དེ་ཡིན་པས། ཕྱིར་རྟོག་གདེང་འཇོག་འགྲུབ་པའི་རྗེས་སུ། དགེ་རྒན་རང་ངོས་ནས“དུས་ད་ལྟ་འདི་ལ་ད་གཟོད་འགྲུབ་ཚད་མཐོ་བའི་སློབ་ཁྲིད་ཀྱི་གྲ་སྒྲིག་གྲུབ་པ་ཡིན་”པའི་ངོས་ཟིན་དག་མ་ཡང་ཡང་བརྗོད།

ཕྱོགས་སྡོམ་རེ་སྐུལ་ནི་ལེགས་འགྲུབ་ཀྱི་རྒྱུན་མཐུད་ཡིན།

ཟླ༤བའི་ཚེས༡༥ཉིན་གྱི་སློབ་གསེང་བྱ་འགུལ་སྐབས་སུ། སྐད་ཡིག་སྤུས་ལེགས་སློབ་ཁྲིད་དཔེ་སྟོན་བྱེད་པའི་སློབ་དཔྱོད་བྱ་འགུལ་གྱི་ཕྱོགས་སྡོམ་ཚོགས་འདུ་བསྡུས། སློབ་གྲྭའི་སློབ་གཙོ་གཙོ་བྱས་པའི་འགོ་ཁྲིད་རྣམ་པ་དང་། སློབ་དཔྱོད་ཁང་གི་འགོ་འཛིན་རེ་རེ། སྐད་ཡིག་དགེ་རྒན་ཡོངས་ཚོགས་འདུར་ཞུགས་ནས་ཐེངས་འདིའི་བྱ་འགུལ་ལ་སྤྱིའི་ཆ་ནས་ཕྱིར་རྟོག་དང་ཕྱོགས་སྡོམ་ཟབ་རྒྱས་གནང་། ཁྲིད་ཐབས་མཚར་བོ་གང་དང་གང་ཡོད་པ། སློབ་པའི་གོམས་གཤིས་གང་དང་གང་བཟང་པ། གོ་བསྐོན་བློ་བསྐྱེད་ཅི་དང་ཅི་ཐོབ་པ། མ་འོངས་ལག་ལེན་ཅི་དང་ཅི་ཡིན་པ་སོགས་ནས་འཕྲོས་ཏེ་མཉམ་སྤྱོད་ཡིད་མགུ་པ་དང་སེམས་ཚིམ་པ་བྱུང་། ཚོགས་འདུ་བརྒྱུད། དགེ་རྒན་ནི་ཐུན་རེ་རེར་ཕྱིར་རྟོག་གིས་ཉིན་རེ་རེར་འཛོམས་པོར་གཏོང་བའི་དཔྱད་ཞིབ་པ་དེ་ཡིན་དགོས་པ་དང་། དགེ་རྒན་ནི་སློབ་མ་རབ་འབྲིང་ཐ་གསུམ་ལ་ཁ་ཕྱོགས་པའི་སྣོད་བསྟུན་གྱི་ཐབས་མཁས་པ་དེ་ཡིན་དགོས་པ། དགེ་རྒན་ནི་དོན་དངོས་ལ་གདོང་གཏོད་ཕོད་ཅིང་ལག་ལེན་དངོས་ཀྱིས་ར་སྤྲོད་པར་མཁས་པའི་ཉམས་ལེན་པ་དེ་ཡིན་དགོས་པ། དགེ་རྒན་ནི་རང་གི་ཆེད་ལས་ལ་ཞིབ་འཇུག་དང་ཁྲིད་ཡུལ་སློབ་མར་ཞིབ་འཇུག་བྱེད་པའི་དཔྱོད་ཤེས་པ་དེ་ཡིན་དགོས་པ། དགེ་རྒན་ནི་མིག་གིས་རྒྱང་རིང་ལ་བལྟས་ཏེ་བྱ་བ་ཆུང་ས་ནས་བསྒྲུབ་མཁན་གྱི་མི་ཁོམ་པའི་བདག་པོ་དེ་ཡིན་དགོས་པའི་ངེས་ཟིན་དང་བློ་སྐྱེད་དག་མ་ངོ་མ་འཐོབ་བོ།

ཇི་སྐད་དུ། “འདི་འདྲའི་དལ་བ་རྙེད་གྱུར་ནས།། བདག་གིས་དགེ་གོམས་མ་བྱས་ན།། འདི་ལས་བསླུས་པ་གཞན་མེད་དེ།། འདི་ལས་རྨོངས་པའང་གཞན་མེད་དོ།། ” ཅེས་པའི་ལེགས་བཤད་སེམས་སུ་ཉར་ཏེ། “སྤོབས་ཆེན་ཉམས་ལེན། རང་བདག་འཚོལ་རྟོག མཉམ་འབྲེལ་གོང་སྤེལ”གྱི་ཁྲིད་སྲོལ་བཟང་པོ་རྒྱུན་འཛིན་དང་གོང་མཐོར་བཏང་སྟེ་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་གོང་དུ་སྤེལ་བར་མུ་ནས་མུ་རུ་འབད་འབུངས་ལྷོད་མེད་བྱེད་རྒྱུ་ཡིན།

༼ཡོངས་ཁུངས།ཀླུ་ཆུ་རྫོང་ཟམ་ཚ་གྲོང་རྡལ་ལྟེ་གནས་སློབ་ཆུང་།༽