ཨ་ཁུ་འབྲོག་པ་ཚང་གི་རི་སྤོར་ཉིན་མོ་ཞེས་པའི་ས་གནས་སྲོལ་རྒྱུན་རིག་གནས་ཀྱི་བྱ་འགུལ།

才让拉毛

ང་ཚོའི་རྒྱལ་ཁབ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ལ། མི་རིགས་རེ་རེར་རང་ཉིད་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཁྱད་པར་བ་རེའང་ཡོད་སྲིད། ང་ཚོའི་བོད་མི་རིགས་འདི་འང་དེ་ལས་མ་འདས་སྟེ། སྲོལ་རྒྱུན་རིག་གནས་ཀྱི་རྔམ་ཁ་ཧ་ཅང་མཐུག་པའི་མི་རིགས་ཤིག་ཡིན།སྲོལ་རྒྱུན་རིག་གནས་ནི་མི་རིགས་ཤིག་གི་སྲོག་རྩ་ཡིན་ལ་སྤྱི་ཚོགས་སྤྱོད་བཟང་ཅན་དང་ཤེས་རིག་དཔལ་ཡོན་ཅན་དུ་འགྱུར་བའི་རྨང་གཞིའང་ཡིན་སྲིད། དེ་ལྟར་བཤད་ན་འུ་ཚོའི་བསམ་བློའི་འདུ་ཤེས་དང་བློ་གྲོས་ཡོད་ཚད་འུ་ཅག་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་སྟེང་གྲུབ་པ་ཞིག་ཡིན་ངེས་ཀྱང་། དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་མང་པོ་ཞིག་བོར་གྱིན་འདུག ལྷག་པར་དུ་ད་ལྟའི་གཞོན་རབས་འགའ་ཤོས་དང་གསར་སྐྱེས་ཀྱི་བྱིས་པ་འདི་ཚོར་མཚོན་ན་སྲོལ་རྒྱུན་རིག་གནས་ལ་བག་ཆགས་ཙམ་ཡང་མེད་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་མིག་མཐོང་ལག་ཟིན་དུ་གྲུབ་ཡོད། དེ་བས་རང་མི་རིགས་ཀྱི་རྒྱུད་འཛིན་མཁན་ཞིག་དང་ལྷག་པར་དུ་དགེ་རྒན་ཞིག་ཡིན་བྱིན། གཞན་ལ་བློ་འདྲི་དང་ཀུན་ལ་གྲོས་བསྡུར་གྱི་ལམ་ནས། རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བྱིས་པ་ཚོའི་མིག་ལམ་དུ་བཤམས་ཅི་ཐུབ་དང་རྣ་ལམ་དུ་སྒྲོག་ཅི་ཐུབ་བྱེད་རྒྱུ་ནི་ང་ཚོའི་འོས་འགན་ཡིན་པར་འདོད།དེ་བས་ངེད་དམེ་ཤུལ་གྲོང་རྡལ་དཀྱིལ་སྙིང་བྱིས་སྐྱོང་ཁང་གི་འབྲིང་གཅིག་འཛིན་གྲྭས་སྤྱི་ལོ༢༠༢༡ལོའི་ཟླ༠༤བའི་ཚེས་༡༣ཉིན་གྱི་ཕྱི་དྲོར་༼    ཨ་ཁུ་འབྲོག་པ་ཚང་གི་རི་སྤོར་ཉིན་མོ ༽  ཅེས་པའི་ས་གནས་སྲོལ་རྒྱུན་རིག་གནས་ཀྱི་བྱ་འགུལ་ཞིག་སྤེལ་བ་གཤམ་གསལ་ལྟར།

ད་ལྟའི་འཚོ་བའི་ཁྲོད་ནའང་སྲོལ་རྒྱུན་དང་འབྲེལ་ཡོད་ཀྱི་རིག་གནས་ཡོད་མོད།  གཡག་ལ་ཁལ་འགེལ་བ་དང་ཐབ་རྡོས་ཇ་བསྐོལ་བ་སོགས་ལ་མཚོན་ན་དེང་སྐབས་ཧ་ཅང་མཐོང་དཀོན་པས་བྱིས་པ་ཚོས་ཕ་མའི་རོགས་རམ་འོག་དངོས་སུ་ལག་ལེན་དང་རོལ་མྱོང་བྱས་པ་བརྒྱུད་གནའ་བོའི་མེས་པོ་དག་གི་འཚོ་བ་རོལ་སྟངས་ལ་རྒྱུས་ལོན་བྱས་པར་མ་ཟད་ཡབ་མེས་ཀྱི་སྙིང་སྟོབས་དང་བློ་གྲོས་ལ་སློབ་སྦྱོང་དང་རྗེས་སུ་ཡི་རང་བྱས།

ཨ་མྱེས་བྱིས་པ་ཚོ་ཁྲིད་དེ་གཡག་དང་གཡག་སྒ།ཁལ་འགེལ་སྟངས་སོགས་ངོ་སྤྲོད་བྱས་པ་བརྒྱུད་ཨ་ཁུ་འབྲོག་པ་ཚང་དངོས་སུ་དབྱར་སར་སྤོར་བར་གྲ་སྒྲིག་བྱས།

ཨ་ཁུ་འབྲོག་པ་ཚང་གི་གཡག་ལ་ཁལ་འགེལ་མགོ་བརྩམས།

ཨ་ཁུ་འབྲོག་པ་ཚང་གིས་ཅ་ལག་ཚང་མ་བསྡུ་གསོག་བྱས་རྗེས་དབྱར་སར་འགྲོ་མགོ་བརྩམས།

ཨ་ཁུ་འབྲོག་པ་ཚང་གི་བྱིས་པ་ཚོས་ཨ་མྱེས་བཤད་པའི་གཡག་དང་གཡག་སྒ ཁལ་འགེལ་སྟངས་སོགས་གསལ་བོར་ཉན་རྗེས་ཡིད་ལ་དམ་པོར་བཟུང་ཡོད་ལ་གཡག་དང་གཡག་སྒ་ཞེས་པ་ཁོ་ཚོར་མཚོན་ན་ཆ་མེད་འདྲ་ལ་ཡང་ཆ་ཡོད་དུ་སྣང་བས་མིང་ཚིག་འདི་དག་ལའང་སྔར་ལས་ལྷག་པའི་ངེས་ཤེས་ཟབ་མོ་ཞིག་ཐོབ།

ཨ་ཁུ་འབྲོག་པ་ཚང་གིས་ལམ་རིང་མོ་གཏམ་གྱིས་བཅད་དེ་དབྱར་སར་སོང་།

ཨ་ཁུ་འབྲོག་པ་ཚང་དབྱར་སར་ཐོན་རྗེས་མཚེར་གསར་དུ་འབབ་པའི་ལས་ལ་བྲེལ།

འཛུམ་གྱི་པད་མོ་ལྷུག་པར་བཞད་པའི་ཆུ་ལེན་བུ་མོ།

ཨ་ཁུ་འབྲོག་པ་ཚང་གི་བུ་མོ་ཚོས་མཚེར་ས་གསར་བར་ཐབ་རྡོ་བཙུགས་ཏེ་མཚེར་ཇ་བསྐོལ་བ།

ཨ་ཁུ་འབྲོག་པ་ཚང་གི་སྟག་ཤར་ཚོས་མཚེར་གསར་ནས་མྱུར་མོར་རས་གུར་ཕུབ་པའི་ཟུར་ཙམ།

སྨན་ཤར་ཚོའི་འོ་ཇ་ཞིམ་པོ།

ང་ཚོའི་བོད་ཀྱི་ཁ་དཔེ་ལ་༼ ཟས་མཆོད་ཁ་མེད་ལ་ཟ་སྲོལ་མེད་༽ ཅེས་པའི་དཔེ་ལྟར་ཨ་ཁུ་འབྲོག་པ་ཚང་གིས་ཡང་མཆོད་ཁ་འཕངས་ནས་མཚེར་ཇ་འཐུང་མགོ་བརྩམས།

ཨ་ཁུ་འབྲོག་པ་ཚང་གི་ཕ་ཨ་ཁུ་ཁྲ་ཡག་རྫ་འདྲ་འདྲ། ནང་ཕུ་ནུ་འབྲོང་མོའི་རྭ་འདྲ་འདྲ། ཁུ་ཚ་བོ་དམར་ཡག་སྟག་འདྲ་འདྲ། མ་སྲུ་མོ་རྨ་བྱའི་སྒྲོ་འདྲ་འདྲ། ཆུང་བྱིས་པ་བློ་རིག་ཐོག་འདྲ་འདྲ་ཚང་མ་ཁ་ཞག་ཀྱིལ་ལེར་ཁུ་ཞག་ལྡེམ་མེར། གཡས་གྱ་གཡས་ནས་ཉི་མ་ཤར་འདྲ་ཞིག གཡོན་གྱ་གཡོན་ནས་ཟླ་བ་ཚེས་འདྲ་ཞིག་བསྒྲིགས་ཏེ་མཚེར་ཇ་འོ་མའི་མཚོ་འདྲ་བོ་འཐུང་ཞོར་གླུ་དང་གར་གྱི་སྐྱིད་པའི་དཔལ་ལ་རོལ།

བྱ་འགུལ་འདི་བརྒྱུད་ནས་བྱིས་པ་ཚོས་མིག་མཐོང་ལག་ཟིན་གྱི་དངོས་པོ་མང་པོ་ཞིག་ཆ་མེད་ནས་ཆ་ཡོད་དང་ཆ་ཡོད་ནས་ཅུང་རྒྱུས་ཡོད་དུ་གྱུར་ལ་བྱ་འགུལ་གྱི་མགོ་མཇུག་བར་གསུམ་དུ་བྱིས་པ་ཚོས་དངོས་སུ་ལག་ལེན་བྱས་པ་བརྒྱུད་མེས་པོའི་འཚོ་བ་རོལ་སྟངས་ལ་སྔར་ལས་ངེས་ཤེས་ཟབ་མོ་ཞིག་ཐོབ་ཡོད་པར་སེམས།ང་ཚོས་ས་གནས་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་བྱེད་པ་ནས་མགོ་བརྩམས་ཏེ། སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་བྱེད་པའི་མི་ཞིག་བྱེད་རྒྱུར་འབད་དགོས།

མཐར་ཐེངས་འདིའི་བྱ་འགུལ་གྱི་མགོ་མཇུག་བར་གསུམ་ལ་རྒྱབ་སྐྱོར་གནང་མཁན་གྱི་ཁྱིམ་བདག་དང་དགེ་རྒན་རྣམས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན།