མཚོ་སྔོན་དགེ་ཐོན་སློབ་ཆེན་ཁོངས་གཏོགས་ཡུས་ཧྲུའུ་ཚོད་ལྟའི་སློབ་གྲྭ།

青海师范大学附属玉树实验学校

ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་ལོན་པར་དྲན་རྟེན་དུ་ཟླ་ཆུ་རླབས་ཀྱི་འགྱུར་ཁུག་ཅེས་པའི་སྙན་ངག་གྱེར་འདོན་འགྲན་ཚོགས་སྤེལ།

学党史 知感恩 跟党走 喜迎“中国共产党建党100周年-澜沧江之声”藏文诗歌朗诵比赛晚会

ཀྲུང་གོའི་གུང་ཁྲན་ཏང་ཚུགས་ནས་ལོ་ངོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་ཞིང་། དགེ་སློབ་རྣམས་སྔར་བས་ཏང་ལ་དགའ་བ་དང་སྦྲགས་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་འདུན་པ་སྔར་བས་མཐོར་འདེགས་སུ་བཏང་ནས་སློབ་རའི་རིག་གནས་གསོན་ཤུགས་ཇེ་རྒྱས་གཏོང་ཆེད་མཚོ་སྔོན་དགེ་ཐོན་སློབ་ཆེན་ཁོངས་གཏོགས་ཡུས་ཧྲུའུ་ཚོད་ལྟའི་སློབ་གྲྭའི་བོད་སྐད་ཡིག་ཁྲིད་དཔྱོད་ཁང་གིས་སྤྱི་ལོ༢༠༢༡ལོའི་ཟླ༣ཚེས༣༡ཉིན་ནུས་མང་སྙན་ཞུ་ཁང་དུ་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་ལོན་པར་དྲན་རྟེན་དུ་ཟླ་ཆུ་རླབས་ཀྱི་འགྱུར་ཁུགས་ཞེས་པའི་སྙན་ངག་གྱེར་འདོན་འགྲན་ཚོགས་སྤེལ།

为庆祝中国共产党成立100周年,学习党史知识,缅怀革命先烈,传承红色基因,讴歌党的丰功伟绩,进一步激发学校广大学生更加热爱党,拥护党,提高和激发学生对学习的兴趣和热爱,丰富校园文化活力,2021年3月31日晚,青海师范大学附属玉树实验学校藏文教研组于多功能报告厅举行了“庆祝中国共产党建党100周年-澜沧江之声”藏文诗歌朗诵比赛。

ཐོག་མར། འཛིན་གྲྭ་སོ་སོའི་འགྲན་ཞུགས་སྙན་སྒྲོན་པ་རྣམས་ཀྱིས་རྒྱབ་ལྗོངས་ཀྱི་བརྙན་ཐུང་དང་རོལ་དབྱངས་ལ་བསྟུན་ནས་ནང་དོན་ཕུན་སུམ་ཚོགས་པའི་སྙན་ངག་དག་བརྩེ་དུང་གིས་ཕྱུག་པའི་དབྱངས་རྟར་འཐེན་ནས་གྱེར་དུས་ལྟད་མོ་བ་རྣམས་ནི་འགྲན་ཞུགས་པའི་ལུས་ཀྱི་སྟངས་སྟབས་དང་ངག་གི་དབྱངས་རྟས་སྙན་ངག་གི་འཇིག་རྟེན་དུ་ཁྲིད་ཅིང་། སྙན་སྒྲོན་པ་རྣམས་ཀྱིས་གསལ་དག་སྙན་གསུམ་ཚང་བའི་ངག་གི་འགྱུར་ཁུག་དང་ལུས་ཀྱི་ཉམས་འགྱུར་གྱིས་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག

首先,各班参赛代表进行朗诵,他们每位参赛者都精心挑选了诗歌,并配以背景音乐和视频。他们的诵读有的轻柔缠绵,有的激情澎湃,有的高亢激昂,有的低沉浑厚,将在座的每位聆听着带进了诗歌的天堂,感受到了诗歌的美。大家在这小小的舞台上纷纷展示出了属于自己的精彩,风格迥异的朗诵表演赢得了阵阵掌声。

མཁའ་དབྱིངས་ཀྱི་རྒོད་པོ་དང་ཐང་ཆེན་གྱི་ཅང་ཤེས་ལྟ་བུའི་ལུས་ཀྱི་སྟངས་སྟབས་ཀྱི་ཉམས་འགྱུར་དང་། བྱིའུ་ཆུང་འཇོལ་མོའི་དྲུག་འགྱུར་དང་ཁུ་བྱུག་སྔོན་མོའི་གསུང་དབྱངས་ལྟ་བུའི་སྙན་མོ་ངག་གི་འགྱུར་ཁུག་གིས་འགྲན་ཚོགས་ལ་གསོན་ཤུགས་གསར་པ་སྣོན།

其次,通过时而柔情,时而奔放,激情燃烧在举手投足间的民族舞蹈和热情澎湃又悦耳动听的民族音乐等形式使比赛更丰富多彩

འགྲན་ཞུགས་པར་ཁ་གཡང་འབོད་པ།

为参赛选手加油打气

དཔྱད་འདེམས་པ།

评委阵容

མཇུག་མཐར། སློབ་གཙོ་གཞོན་པ་ཕིང་ཧེ་ཐའོ་ཡིས་ཏང་ཚུགས་ནས་ལོ་ངོ་བརྒྱ་ལོན་པ་དང་ཐེངས་འདིའི་སྙན་ངག་འགྲན་ཚོགས་རྒྱལ་ཁའི་ངང་མཇུག་བསྒྲིལ་བར་རྟེན་འབྲེལ་ཞུས་ཤིང་སློབ་གྲོགས་རྣམས་པས་མུ་མཐུད་དུ་སློབ་གྲྭའི་སྒྲིག་ལམ་སྲུང་བ་དང་། སློབ་སྦྱོང་ལ་སྔར་བས་འབད་པ་བྱེད་དགོས་པའི་བརྩོན་སྐུལ་གནང་།

最后,彭海涛副校长点评声明说愿同学们这种激情澎湃可以持久到落叶归根,夕阳西下。希望把这种热爱和激情带到学习生活中转化为对待每件事的认真与热情。愿你们的天空更广阔,愿你们翅膀更坚毅。

此次活动中团体赛一等奖一名;二等奖一名;三等奖一名。个人赛一等奖一名;二等奖二名;三等奖三名。

ཐུན་མོང་འགྲན་ཞུགས་པ་ཨང་དང་པོ་དང་གཉིས་པ། གསུམ་པ་ཐོབ་མཁན།

团体赛获得一等奖、二等奖、三等奖选手和颁奖老师合影留念

མི་སྒེར་འགྲན་ཞུགས་པ་ཨང་དཔོ་ཐོབ་མཁན།

个人赛获得一等奖选手和颁奖校长合影留念

མི་སྒེར་འགྲན་ཞུགས་པ་ཨང་གཉིས་པ་ཐོབ་མཁན།

个人赛获得二等奖选手和颁奖老师合影留念

མི་སྒེར་འགྲན་ཞུགས་པ་ཨང་གསུམ་པ་ཐོབ་མཁན།

个人赛获得三等奖选手和颁奖老师合影留念

ཐེངས་འདིའི་ཟླ་ཆུ་རླབས་ཀྱི་འགྱུར་ཁུག་ཅེས་པའི་སྙན་ངག་གྱེར་འདོན་འགྲན་ཚོགས་གཙོ་སྒྲུབ་བྱེད་མཁན་བོད་སྐད་ཡིག་ཁྲིད་དཔྱོད་ཁང་གི་དགེ་རྒན་རྣམ་པ་དང་སྐུ་མགྲོན་སློབ་གཙོ་གཞོན་པ་ཕིང་ཧེ་ཐའོ།

ཐེངས་འདིའི་འགྲན་ཚོགས་རྒྱལ་ཁའི་ངང་སྒྲུབ་པ་འདིས་རྒྱ་ཆེའི་སློབ་མས་རང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ལ་སློབ་སྦྱོང་བྱེད་པའི་མོས་གུས་དང་ཧུར་བརྩོན་རང་བཞིན་ཇེ་མཐོར་གཏོང་བར་ཕན་པ་མ་ཟད། ད་དུང་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་སློབ་རའི་སྙན་ངག་གྱེར་འདོན་གྱི་མཁའ་དབུགས་གསར་པ་ཞིག་གྲུབ་པ་ལའང་ཕན་ཐོགས་ཡོད་པ་དང་། སློབ་རའི་རིག་གནས་ཕུན་ཚོགས་ཇེ་རྒྱས་སུ་བཏང་ནས་སློབ་གྲོགས་རྣམས་སྔར་བས་མཐུན་སྒྲིལ་དང་རིག་གནས་གོང་འཕེལ། སྦྱངས་འབྲས་ཡར་ཐོན་ཡོང་བར་ཕན་པ་ཆེའོ། །