རི་མོ་འབྲི་ན་གྲུང་ཤ་དོད་པའི་ཁོར་ཡུག་སྐྲུན་ཐུབ་པ་མ་ཟད།བྱིས་པའི་བློ་ཁོག་ཆེན་པོས་ཚོད་ལྟ་བྱས་ནས་རང་ལ་ཡིད་ཆེས་ཀྱི་བསམ་པ་ད་དུང་བྱིས་པའི་ལྟ་ཞིབ་ཀྱི་ནུས་པ་དང་བསམ་པའི་བཀོད་ཤུགས་ཆེ་རུ་བཏང་ནས་གསར་གཏོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།བྱིས་པའི་ལག་འགུལ་ནུས་པ་དང་ལག་པ།ཀླད་པའི་མཐུན་སྦྱོར་རང་བཞིན་ལ་སྦྱོང་བརྡར་བྱས།རི་མོ་ནི་མིག་དང་ལག་པ།ཀླད་པ་བཅས་ཀྱིས་གཞོགས་འདེགས་དམ་ཟབ་བྱེད་པའི་བྱེད་སྒོ་ཞིག་ཡིན་པ་དང་།དེ་ནི་ཤེས་ཚོར་ཐུབ་པའི་ཞིབ་ཕྲའི་གཟུགས་བརྙན་ཞིག་ཡིན་ཞིང་།མིག་གིས་ལྟ་ཞིབ་ནན་ཏན་བྱས་ནས་དབྱེ་ཞིབ་བྱས་པ་བརྒྱུད་ཁྱད་ཆོས་གཙོ་བོ་འཚོལ་ཞིབ་བྱེད་པ་དང་།ཐིག་རིས་དང་ཚོན་མདངས་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་མཚོན་པར་བྱེད་ཀྱི་ཡོད།

绘画可以营造活泼氛围,鼓励幼儿大胆尝试,提高自信心;还能提高幼儿的观察力和想象力,充分发挥创作力;锻炼幼儿的动手能力和手、脑协调性。绘画是眼、手、脑紧密配合的活动,是将感知到的具体形象,通过眼睛认真观察,经过分析找出主要特征,在运用线条、色彩等手段描绘出来。

བྱིས་པ་རེ་རེས་རང་ཉིད་ཀྱི་རི་མོ་འབྲི་སྟངས་ལ་བརྟེན་ནས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་མཚོན་པར་བྱས་ཡོད།

每一名幼儿用自己绘画的方式表达出了对祖国的热爱之情。

བྱིས་པའི་རི་མོ་ནི་གཞོན་པའི་རི་མོ་དང་གཏན་ནས་མི་འདྲ།

孩子的画是和成人的画完全不一样的。

བྱིས་པའི་རི་མོ་འབྲི་བར་བཟང་ངན་གདེང་འཇོག་བྱེད་མི་ཐུབ། བྱིས་པའི་རི་མོ་འབྲི་བའི་བརྩམས་ཆོས་ནི་གསོ་སྐྱོང་བྱས་པ་ཞིག་ཡིན།

对于孩子的绘画是不能用好坏来评价的,孩子的绘画作品是培养出来的。

བྱིས་པ་ཞིག་གིས་རང་གི་རི་མོ་ལས་རང་གི་སེམས་ཀྱི་མྱོང་ཚོར་དང་བསམ་ཚུལ་མཚོན་པའི་རི་མོ་ཞིག་འབྲི།

孩子的一副画为了表达自己内心的感受或想法

མདོར་ན།བྱང་ཚད་སློབ་གསོ་དང་གསར་གཏོད་སློབ་གསོ་དར་སྤེལ་ཤུགས་ཆེན་གཏོང་བའི་དེང་གི་དུས་འདིར་བྱིས་པའི་རི་མོ་འབྲི་བའི་བྱེད་སྒོ་ལས་མེད་དུ་མི་རུང་བ་དང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་བཞིན་ཡོད།བྱིས་པའི་མཛེས་རྩལ་སློབ་གསོ་མཁན་གྱིས་སློབ་གསོ་སློབ་ཁྲིད་བྱ་འགུལ་ཁྲོད་བསམ་བློའི་ངོས་འཛིན་ཇེ་མཐོར་གཏོང་བ་དང་།རྣམ་འགྱུར་ཡང་དག་འཛིན་པ།བྱིས་པའི་རི་མོ་འབྲི་བའི་བྱ་འགུལ་གྱི་ཐུན་མོང་མ་ཡིན་པའི་བྱེད་ནུས་སྔོག་འདོན་བྱས་ཏེ།བྱིས་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་།རྗེས་ཕྱོགས་ཀྱི་བྱིས་པ་ཚོའི་འཚོ་བ་དང་སློབ་སྦྱོང་ཁྲོད་ནས་ཕན་པ་ཚད་མེད་འབྱུང་དུ་འཇུག་དགོས།

总之,在大力提倡素质教育、创新教育的今天,幼儿绘画活动越来越显示出不可缺少或不可替代的作用。幼儿美术教育者应当在教育教学活动中提高思想认识,端正态度,努力挖掘幼儿绘画活动的独特功能,使幼儿得以全面发展,让幼儿在以后的生活、学习中受益无穷。