༧བྱིས་སྐྱོང་སློབ་གསོའི་བྱ་གཞག་གོང་སྤེལ་དང་། ཁྱིམ་ཚང་དང་སློབ་རའི་ཐུན་མོང་བྱ་བའི་གོམ་སྟབས་ཡར་རྒྱས་ཡོང་ཆེད། ངེད་ཉིན་ཤུག་དཀྱིལ་སྙིང་བྱིས་སྐྱོང་ཁང་གིས་སྤྱི་ལོ༢༠༢༠ལོའི་ཁྱིམ་བདག་ཚོའི་དགུན་གནང་བྱ་བའི་ལས་འགན་ནམ་བརྩམས་ཆོས་ཞིབ་བསྡུར་བྱེད་པའི་བྱ་འགུལ་ཞིག་སྤེལ།

🌞བཀྲ་ཤིས་རྟགས་བརྒྱད་རི་མོའི་རྟེན་འབྲེལ་གྱིས།།

🌛བྱིས་སྐྱོང་སློབ་གསོ་དར་བའི་སྔོན་བསུས་ནས།།

⭐️མི་རིགས་རིག་གནས་རྒྱ་མཚོའི་འཇུག་ངོགས་ལས།།

🌻བཟོ་རིག་ལག་རྩལ་སྟོང་གི་གཟི་བྱིན་འབར།།

ཁྱིམ་བདག་ཚོས་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དང་ལྷག་བསམ་ཟོལ་མེད་ཀྱི་འགན་འཁྲིའི་འོག ང་ཚོས་རི་བོ་བཞེངས་ནས་ཆུ་བོ་བསྐྱིལ། རྩྭ་ཐང་བསྐྲུན་ནས་སྦྲ་གུར་བཟོས། ལྷས་ར་ལས་ནས་ནོར་ལུག་བཏགས། ཐ་ན་ཐང་གི་རྡོ་བས་ཀྱང་རང་བྱུང་མཛེས་སྡུག་བྲིས། བེད་མེད་ཤོག་བུས་ཡང་འཆོར་ལྭ་གོས་ལྭ་བཟོས།

〽️རི་གྲོང་གཉིས་ནས་ཡོང་བའི་ཁྱིམ་བདག་ཚོ།།

🔆ལྷ་བཟོ་ཀུན་དགའ་ལྷ་ནས་བྱོན་པ་འདྲ།།

🎞ལྷ་རིས་རིག་པའི་སྒྱུ་རྩལ་མི་མཁྱེན་ཡང་།།

🏜བཟོ་ལས་རིག་པའི་ལག་རྩལ་རྨད་དུ་བྱུང་།།

🐅ལག་ཤེས་རྩལ་བརྒྱ་འབར་བའི་ཚན་ཁ་ནས།།

🐆དེང་རབས་འཕྲུལ་གྱི་དཔལ་ལ་སྐྱེངས་པ་སྟེར།།

🦚བསྐྱར་དཔར་ཡང་དཔར་བརྒྱབ་པའི་ཟོག་རྫུན་ལས།།

🏆བརྩམས་ཆོས་གཙང་མ་འདི་དག་ངོ་མཚར་ཆེ།།

🥇དེ་རིང་བྱིས་པའི་གདོང་ན་རྒྱལ་ཁ་ཞིག།།

🥈ལག་རྩལ་བརྩམས་ཆོས་རེ་ལ་ཁྱད་ཆོས་རེ།།

🥉དེ་རིང་ཕ་མའི་གདོང་ན་སྤྲོ་སྣང་གང་།།

🎭རང་རང་བརྩམས་ཆོས་རང་གི་གཅེས་ཕྲུག་འདྲ།།