༢༠༢༠ལོའི་ལོ་སྨད་སྤྱི་སྡོམ་ཆེན་མོ།

美友36356597

2020年期末考试总结
འཚོ་བ་བདེ་སྐྱིད་དབྱར་མཚོ་རྒྱས།། མ་འོངས་མདུན་ལམ་འོད་ཀྱིས་བསུ།།

ཕུལ་བྱུང་སློབ་བུའི་སྦྱངས་འབྲས་ལ།། བསྟོད་པའི་མེ་ཏོག་ཆར་དུ་འཇོ།།

འདི་ནི་གཟེངས་བསྟོད་ཡིན་པས་དགའ་བར་གྱིས།། འདི་ནི་རེ་བ་ཡིན་པས་ཤེས་པར་གྱིས།།

ཁྱིམ་བདག་བཟང་པོའི་རམ་འདེགས་ལ།། དགེ་སློབ་ཟུང་གི་ཁས་ལེན་ཐོབ།།

སློབ་རའི་བྱ་བ་སྒོ་མང་ཡང་།། བདེ་སྲུང་གསོལ་འདྲེན་གོང་ན་མཐོ།།

རང་འགུལ་རང་གཅེས་འབུར་དུ་ཐོན།། དགུན་གནང་ལས་བྱ་ཡིད་དུ་འོང་།།

སློབ་གླིང་གཅིག་གི་རྩེ་གྲས་དག། ཁ་བཏགས་འཐེན་ནས་དབུ་འཕང་བསྟོད།།

གོ་རིག་རྣོ་བའི་སློབ་བུ་ལ།། གོ་དོན་ཟབ་པའི་སྐུལ་ཚིག་བཏང་།།

བྱ་བ་ལམ་འགྲོ་ཡོང་བ་ལ།། བསམ་པ་བཟང་པོའི་སྐྱོར་མ་དགོས།།

བསླབས་འབྲས་བཟང་བའི་སློབ་དཔོན་ལ།། མཆོད་པ་དར་གྱི་རི་མོ་འཐེན།།

ངོ་བསྟོད་སྟོང་གི་གཅམ་ཚིག་ལས།། ངོ་མདངས་གནག་པའི་ལེ་བདའ་མཆོག།

འདི་ནི་ང་ཚོའི་སེམས་གཏམ་ཡིན།། འདི་ནི་ང་ཚོའི་འོས་འགན་ཡིན།།

སློབ་གསོ་འཕེལ་རྒྱས་ཀྱི་འགག་རྩ་ངོ་མ་དེ་མཐར་གཏུགས་ན་རང་ཉིད་ཀྱི་འཚོ་ཐབས་ཙམ་དང་མི་གཞན་ལས་རྣམ་པ་ཀུན་ཏུ་འགྲན་རྒྱལ་བྱུང་བར་འདོད་པའི་ཧམ་སེམས་ཀྱི་གདམས་གསེས་དེ་མ་ཡིན་པར། དུས་རྟག་ཏུ་རང་ཉིད་ཀྱི་གཏམ་རྒྱུད་ཡག་པོ་ཞིག་གིས་མི་གཞན་ལ་སེམས་འགུལ་ཐེབས་སུ་འཇུག་པའམ་ཡང་ན་ཕྱི་གསལ་ནང་གསལ་གྱི་ཀུན་སློང་གཙང་མ་ཞིག་བགོ་བར་བྱེད་པའི་ཡིད་གཤིས་དེ་ཡིན། འཇིག་རྟེན་ས་ལྒང་འདིར་མི་བུ་རླབས་ཆེན་ཞིག་གི་མཛད་འཕྲིན་ལ་ཉན་སྐབས། ཏག་ཏག་ཁོང་ཅག་གི་མི་ཚེ་ནི་ཀྱག་ཀྱོག་དང་གདུག་རྩུབ། བརྙས་སྨོད་ཀྱིས་གཡོ་སྐྱོམ་བཏང་ཡང་རི་རབ་ལས་བརྟན་པའི་སྒམ་གཤིས་དེར་ནམ་ཡང་འགྱུར་བ་མེད་པས། ད་གཟོད་མི་ཡུལ་ལ་ངོ་མཚར་བའི་གཏམ་རྒྱུད་མང་པོའི་གླེགས་བམ་ཞིག་བཞག་པ་ལས། དེང་གི་སྐུ་སྲས་ནང་བཞིན་རྔམ་བརྗིད་ཀྱི་ཁང་བརྩེགས་ལ་བསྡད་ཅིང་མྱུར་འཁྱུག་གི་འཇེབ་འཁོར་བརྗེ་བའི་ཚིམ་མེད་ཀྱི་མི་ཚེའི་ཟློས་གར་ཞིག་མ་ཡིན་ནོ།

དེ་རིང་ང་ཚོས་ནང་མི་ཁྱིམ་གང་འཚོགས་ནས་ཁ་སང་ལ་གདེང་འཇོག་དང་སང་ཉིན་ལ་རྒྱང་ལྟ་རེ་བྱེད་ཁུལ་བྱས་པ་ཡིན་མོད། རྒྱ་ཆེའི་མང་ཚོགས་ཡིད་ཚིམ་པའི་སློབ་གསོ་ཞིག་བསྒྲུབ་རྒྱུ་ནི་ངོ་མ་བཤད་ན་ཧ་ལས་པའི་ལས་འགན་ལྕི་མོ་ཞིག་རེད། རང་གི་ལས་གྲོགས་ཚོ་དང་དཔུང་གདང་སྦྲེལ་ནས་དྭངས་གཙང་གི་སེམས་པ་རུམ་པའི་བྱིས་པ་འདི་ཆོ་བརླག་ཉེས་སུ་མི་གཏོང་བར་ཅིས་ཀྱང་ཧུར་བརྩོན་བྱེད་དགོས་འདུག འདི་ནི་ཏང་དང་རྒྱལ་ཁབ་ཀྱིས་སྤྲད་པའི་ཐོག་མའི་བསམ་འདུན་ཡིན་ལ། དུས་རབས་གང་དུ་སླེབས་ཀྱང་འགྱུར་བ་འབྱུང་མི་སྲིད་པའི་ལོ་རྒྱུས་ཀྱི་འོས་འགན་ཡང་ཡིན་ནོ།

༢༠༢༡ལོའི་ཟླ༣པའི་ཚེས༡༢ཉིན།

期末考试

总结