གད་སྙིགས་ཟས་རིགས་ཀྱི་གནོད་སྐྱོན།

垃圾食品的危害

༡ སྣུམ་བཙོས་ཟས་རིགས།

སྣུམ་བཙོས་ཀྱི་ཟས་རིགས་འདི་དག་ནི་མང་ཆེ་བ་གད་སྙིགས་ལས་བཏོན་པའི་སྣུམ་དང་། རྙིང་རུལ་དུ་སོང་བའི་རིན་བདེའི་གྲོ་ཕྱེ། ཚད་ལས་བརྒལ་བའི་གསོབ་རྫས་སོགས་རྫས་སྦྱོར་མི་འདྲ་བ་དག་ལྟོ་སྦྱར་བྱས་ཏེ་བཟོས་པ་ཞིག་ཡིན། གལ་ཏེ་མིས་རྒྱུན་ཟས་སུ་བསྟེན་ཚེ་སྙིང་གི་ཁྲག་རྩ་འགག་པ། སྐྲན་ནད་ཀྱི་རིགས་བསྐྱེད་པ། ལུས་ཀྱི་འཚོ་བཅུད་ཞན་པ་ལུས་ཟུངས་གསོ་བའི་འཚོ་རྩི་མེད་པར་གཏོང་བ་བཅས་ཀྱི་ཞོར་སྐྱོན་འབྱུང་བར་གདོད་མི་ཟ་བ་ཡིན།

༢ ཚྭ་མང་ཟས་རིགས།

ཟས་རིགས་འདི་དག་གིས་ནང་དུ་རྫས་ངན་ཚྭ་སྐྱུར་དང་རུལ་འགོག་བྲོ་རྫས་སོགས་ཡོད་པར་མ་ཟད་ལན་ཚྭའི་རིགས་ལྷག་ཏུ་མང་བས། འདི་དག་མིས་རྒྱུན་ཟས་སུ་བསྟེན་ཚེ་ཁྲག་ཤེད་མཐོ་བ། མཁལ་སྐེད་ན་བ། སྣའི་སྐྲན་ནད་འབྱུང་བ། ལྟོ་བའི་རྒྱུ་ནད་འབྱུང་བ། ཁ་ནང་དང་ལྕེ་སོགས་ལ་རྒྱུན་པར་རྨ་འབུད་པ། ཁ་དྲི་མི་ཞིམ་པ་འབྱུང་བ་བཅས་ཀྱི་ཞོར་སྐྱོན་གང་མང་འབྱུང་གིན་ཡོད།

༣ རྫས་སྦྱོར་ཤ་རིགས།

རྫས་སྦྱོར་བྱས་པའི་ཤ་རིགས་འདི་དག་ནི་མིའི་འཕྲོད་བསྟེན་ལ་ཤིན་ཏུ་གནོད་འཚེ་གཏོང་མཁན་གྱི་རིགས་ཤིག་ཡིན། དཔེར་ན་ཕག་རྒྱུ་དང་ཕྱི་ཐུམ་བརྒྱབ་པའི་ཤ་རིགས་མང་ཆེ་བ་ནི་རྟ་ནོར་ར་ལུག་ཁྱི་ཕག་བྱ་སོགས་ཀྱི་སྲོག་ཆགས་ཤི་བའི་རོ་སྣ་ཚོགས་ཏེ་ཤ་ངན་གྱི་རིགས་དང་རྫས་སྣ་གང་མང་མཉམ་བསྡེབས་བྱས་ནས་བཟོས་པ་ཞིག་ཡིན་པས་མི་རིགས་ལ་སྐྲན་ནད་བསྐྱེད་པ་ཧ་ཅང་མང་། ད་དུང་མཆིན་པའི་ནུས་པ་ཉམས་པར་བྱེད་པ་སོགས་ཀྱི་ནད་སྣ་ཚོགས་བསྐྱེད་པའི་ཞོར་སྐྱོན་ཤིན་ཏུ་ཆེ་བ་ཞིག་ཡིན།

༤ ཀ་ར་ཀོ་རེའི་རིགས།

སྦྲང་གོར་གྱི་རིགས་ཏེ་ཟས་འདི་དག་གི་ནང་དུ་ཡ་རྫས་ཚྭ་སྐྱུར་དང་།རུལ་འགོག བྲོ་རྫས། ཚོན་རྩི་སྣ་ཚོགས་སོགས་རྫས་ངན་དག་གིས་བསྲེ་བསླད་དང་སྙིགས་ཕྱེ་སྣུམ་ཚལ་ནང་དུ་གཡོ་སྦྱོར་བྱས་ཏེ་བཟོས་ཡོད་པས་མཆིན་ནད་བསྐྱེད་པ། ལུས་ཀྱི་འཚོ་རྩི་མེད་པར་གཏོང་པ། རིམ་འགོག་གི་ནུས་པ་ཉམས་པ། ལུས་ལ་ཚོ་འབུད་པ། ཚ་བའི་ནད་རྒྱས་པ་སོགས་ཀྱི་ཞོར་སྐྱོན་ཡོད།

༥ རྫས་སྦྱོར་བཏུང་རིགས།

བཏུང་བའི་རིགས་མང་ཆེ་བར་ཡང་གཙོ་བོ་རུལ་འགོག་རྫས་དང་། མངར་སྐྱུར་གྱི་བྲོ་རྫས། ཚོན་རྩིའི་རྫས་སྣ་ཚོགས་ཀྱིས་ཁ་དོག་བསྒྱུར་བ། མང་ཆེ་བ་སིལ་ཏོག་གི་ཁུ་བ་མ་ཡིན་པར་ཆུ་དང་མངར་རྫས་ཚོན་རྩི་སོགས་སྦྱར་ནས་བཟོས་པ། དབུགས་བཏུམ་དང་ཁ་ཚ་པའི་རྫས་སྦྱོར་སོགས་ཀྱང་བསྲེས་ཡོད་པས། བཏུང་བ་འདི་རིགས་རྒྱུན་པར་བསྟེན་ན་མིའི་ལྷུ་ཚིགས་དང་རུས་པ་གསོབ་པ། རྐང་ལག་ལ་ཆག་སྐྱོན་འབྱུང་སླ་བ། སོ་ལྷུང་སླ་བ་དང་ཁ་དོག་སྔོ་ནག་སོགས་མདོག་འགྱུར་བ།སྐྲ་ལྷུང་བ། གཅིན་པ་མངར་འགྱུར་གྱི་ནད་སློང་སྐྱེན་པ། ལྟོ་བ་དབུགས་ཀྱིས་གང་ནས་ཟས་གཞན་ཟ་བར་ཡི་ག་མེད་པ་སོགས་ཀྱི་ཞོར་སྐྱོན་འབྱུང་བ་ཡིན།

༦ སྟབས་བདེའི་ཟས་རིགས།

སྟབས་བདེའི་ཟས་རིགས་འདི་དག་ནི་དེང་སྐབས་ལྷག་ཏུ་བོད་ཁུལ་ན་དར་ཁྱབ་ཆེ་བར་མ་ཟད་། ཟས་འདི་སྟབས་བདེ་བ་དང་ཡང་ན་དུས་ཡུན་ཐུང་ངུའི་ནང་བཟའ་ཐུབ་པས་ཚེགས་སླ་བར་དམིགས་ཏེ་ཁ་ཟས་སུ་བསྟེན་མཁན་ཧ་ཅང་མང་། རེད་དེ་འདི་ནི་ཟས་གཞན་དང་བསྡུར་ན་ལུས་ལ་ནད་བསྐྱེད་པའི་ཉེན་ཁ་བརྒྱ་ཆའི༥༠ ལས་མཐོ་བ་ཡོད། ཟས་རིགས་འདི་དག་གི་གྲུབ་ཆ་གཙོ་བོ་ནི། སྙིགས་ཕྱེ་སྣུམ་ཚལ་གྱིས་ནང་བསྲེགས་ནས་བཟོས་པས་སྐྲན་ནད་བསྐྱེད་སླ་བ་དང་། ཁྲག་རླུང་སྟོད་འཚང་གི་ནད་བསྐྱེད་སྐྱེན་པ། མཆིན་ཚིལ་རྒྱས་པ། མི་ཞིག་གི་ཉིན་རེའི་ཚྭའི་ཟ་ཚད་ནི་ཁེ་དྲུག་ཙམ་མཐུན་པ་ཡིན་མོད། སྟབས་ཐུག་གཅིག་གི་ནང་དུ་ཚྭའི་གྲུབ་ཚད་ནི་ཁེ ༥ནས ༨ བར་ཟིན་ཡོད་པར་བསྟེན་དྲགས་ན་གདོད་མི་ཟ་བར་ཁྲག་ཤེད་མཐོ་བ། ཚོ་ཤ་རྒྱས་པ། ལྷག་ཏུ་འགྱིག་གི་ཕོར་བ་དེའི་ནང་ཚ་ཚད་ཏུའུ་གྲངས༡༠༠ ཟིན་པའི་ཆུ་བླུགས་པ་ཡིན་ན་ཚ་དྲོད་ལས་དུག་འཕེལ་ཏེ། ལུས་ལ་དུག་ཕོག་ནས་ཟས་ལ་ཡི་ག་ཉམས་པ། མགོ་ཡུ་འཁོར་བ། ལུས་སྟོབས་ཞན་པར་འགྲོ་བ། རིག་པ་མི་གསལ་བ། སྐྱུག་མེར་བ་སོགས་ཀྱི་ཞོར་སྐྱོན་ཐད་ཀར་འབྱུང་བ་མངོན་གསལ་ཡིན།

ཞིབ་འཇུག་ལྟར་ན། སྟབས་ཐུག་ཕོར་གང་ནང་གི་དུག་དེ་དག་མཆིན་པས་སེལ་བར་བྱེད་ཀྱིན་ཡོད་པས་མུ་མཐུད་དུ་དུག་དེ་དག་སེལ་བར་བྱས་ན་ཉིན༣༢ ནང་ཡོངས་སུ་སེལ་ཐུབ་པར་བཤད། གལ་ཏེ་ཉིན་གཉིས་པར་སླར་ཡང་སྟབས་ཐུག་ཟོས་པ་ཡིན་ན་དུག་དེ་དག་ནི་གཞི་ནས་སེལ་མི་ཐུབ་པས་ཐད་ཀར་མཆིན་ནད་བསྐྱེད་པ་སོགས་ལུས་ཁམས་ལ་གནོད་པ་གཏོང་བར་བཤད་ཡོད།

༧ དམ་སྦྱོར་ཟས་རིགས།

འདི་ནི་རྒྱུན་པར་ང་ཚོས་མཐོང་བཞིན་པའི་ཤེལ་དམ་ནང་བཅུག་པའི་སིལ་འབྲས་དང་ལྡུམ་རིགས་ཀྱིས་བཟོས་པའི་བཟའ་བཏུང་གི་སྐོར་ཡིན་ལ། འདི་ལའང་ཁ་དོག་དང་བྲོ་བ་སོགས་ལ་འགྱུར་བ་ཐེབས་ཕྱིར་དུག་རྫས་གྱིས་བསླད་མང་དུ་བསྲེས་ཡོད་པ་དང་ལྷག་ཏུ་འགྱིག་སོགས་པའི་སིལ་ཏོག་རྫུན་བཟོ་བྱས་པའང་མི་ཉུང་བ་འབྱུང་བཞིན་པས་འདིས་ལུས་ཀྱི་འཚོ་རྩི་མེད་པར་གཏོང་བ། སྐྲན་ནད་དང་གློ་གཅོང་འབྱུང་སྐྱེན་པ། ཚོ་འབུད་པ། ཚ་བ་རྒྱས་པའི་ནད་འཕེལ་བ་སོགས་ཀྱི་ཞོར་སྐྱོན་འབྱུང་གིན་ཡོད།

༨ སིལ་འབྲས་མངལ་རིགས།

འདི་ནི་སིལ་འབྲས་དང་ཤིང་ཐོག་སོགས་ལ་མངར་སྐྱུར་ཚ་སོགས་ཀྱིས་རྫས་ངན་དག་དང་ལྟོ་སྦྱར་ནས་བཟོས་པ་དག་ཡིན།

འདིས་ནི་མཆིན་པ་ལ་ཕོག་ཐུག་གཏོང་བ་དང་། ལྷག་ཏུ་རྫས་ངན་གསུམ་གྱིས་བསྲེ་བསླད་བརྒྱབ་ཡོད་པས་ནད་ཀུན་འབྱུང་སྐྱེན་པ་ཞིག་དང་ལུས་ཟུངས་ཟད་པ་སོགས་ཀྱི་ཞོར་སྐྱོན་ཆེ་བར་བཤད་ཡོད།

༩ འཁྱགས་མངར་ཟས་རིགས།

འཁྱག་མངར་ཟས་རིགས་ནི་རྒྱུན་པར་འཁྱག་སྒམ་དུ་བཅུག་པའི་དར་དང་བསིལ་ཟས་ཀྱི་རིགས་ཡིན། དེ་དག་འཁྱག་སྒམ་ནང་ཡུན་རིང་འཇོག་དྲགས་པ། དེ་ལའང་ཚོན་རྩི་དང་རྫས་སྦྱོར་གྱི་མངར་རིགས་སོགས་ཀྱིས་བསྲེ་བསླད་ཞུགས་ཡོད་པས་འདིས་ཀྱང་ལུས་ལ་ཚོ་རྒྱག་པ། ཟས་གཞན་ཟ་མི་འདོད་པ། ཕོ་ཁ་རྒྱུ་མ་ན་བ། ཟས་འཇུ་མ་ལག་ལ་གཏོར་བརླག་ཐེབས་པ་སོགས་ཀྱི་ཞོར་སྐྱོན་འབྱུང་གིན་ཡོད།

༡༠ བསྲེགས་སྦྱོར་ཟས་རིགས།

བསྲེགས་སྦྱོར་གྱི་ཟས་ནི་རྒྱུན་པར་ག་ས་གང་ན་མེར་བསྲེགས་ཏེ་དུ་བ་སྔོ་ལྷུང་ལྷུང་འཕྱུར་བཞིན་པའི་ཟས་རིགས་དག་ཡིན། འདི་ནི་ན་གཞོན་དང་བྱིས་པ་ཚོ་ཟ་བར་སྤྲོ་བོ་ཡོད། འདི་བསྐྱེད་པའི་ནད་དུག་ནི་བསམ་ཡུལ་ལས་འདས་པ་མང་པོ་འབྱུང་གིན་ཡོད། ཞིབ་འཇུག་པས་གྲུབ་དོན་ལྟར་ན་བྱ་རྐང་གཅིག་ལ་དུད་རྐང༦༠ དུག་འགོས་ཡོད་པ་རྟོགས། དེ་ལྟར་ན་བསྲེགས་སྦྱོར་བྱས་པའི་བྱ་རྐང་གཅིག་གིས་བསྐྱེད་པའི་དུག་ནི་དུད་རྐང་༦༠ འཐེན་པའི་དུག་གིས་གནོད་འཚེ་ཕོག་པ་དང་མཉམ་པར་བཤད། དེ་མིན་ད་དུང་ཚྭ་དང་ཁ་ཚ་སོགས་བྲོ་རྫས་ཀྱི་གྲུབ་ཆ་གཞན་ལས་མཐོ་བས་སྐྲན་ནད་བསྐྱེད་པ། མཆིན་པ་དང་མཁལ་མར་ནད་སྡང་བ། གློ་བ་དང་ཕོ་ཁ་ལ་ཐད་ཀར་གནོད་འཚེ་བཟོ་བ། ལུས་ཀྱི་པགས་པ་སོགས་རལ་ནས་ཁྲག་དང་ཆུ་སེར་འཛགས་པ། ལུས་ལ་རྨ་འབུར་འབྱུང་བ་གདོང་གཤིས་དམར་བ། གང་སར་ཟ་འཕྲུག་ལང་བ་སོགས་ཀྱི་ཞོར་སྐྱོན་འབྱུང་གིན་ཡོད་པས་གད་སྙིགས་ཀྱི་ཟས་རིགས་འདི་དག་ནི་ནང་ཡང་མང་ཟ་བྱེད་མི་རུང་བའི་སྐུལ་མའང་ནན་གྱིས་བཏང་བ་ཡིན།