ཟླ་གཉིས་ཙམ་གྱི་དགུན་གནང་ངང་གིས་བསྐྱལ་ཞིང་།བགྲང་བྱ་ཉིས་སྟོང་རྩ་གཅིག་གི་དགའ་སྟོན་བྲེལ་འཚུབ་གྱིས་རོལ་རྗེས།ལོ་གསར་བའི་ནང་གི་སློབ་དུས་གཅིག་གི་བྱ་གཞག་འགོ་འཛིན་གྱི་ཅོང་བརྡ་དུས་ལྟར་གྲག

རྫོང་སློབ་གསོ་ཅུས་ཀྱི་དགོངས་དོན་བཞིན།ཟླ་༣པའི་ཚེས་༣ལ།སློབ་གྲྭའི་དགེ་བཟོ་ཡོངས་སློབ་གྲྭར་ལོག་རྗེས།སློབ་སྐབས་གསར་བའི་སློབ་འགོ་གཟུགས་པར་གྲ་སྒྲིག་དང་རྟ་གོན་ལེགས་པར་སྒྲུབ།ཚེས་༢ཉིན་གྱི་སྔ་དྲོར།སློབ་གྲྭའི་དགེ་རྒན་དག་གིས་སློབ་གྲྭའི་ཁོར་ཡུག་ཡོངས་དང་།ཁྱད་པར་སློབ་མའི་ཟ་ཁང་དང་སློབ་ཁང་།སྡོད་ཁང་ལ་མངོན་མེད་ཉེན་གནས་དག་ལ་ལེབ་བཤེར་བྱས་ཤིང།སློབ་གྲྭའི་ཁོར་ཡུག་སྤྱི་དང་ཟ་ཁང་བཅས་ལ་གཙང་སྦྲ་བྱས།

ཚེས་༣ཉིན།སློབ་གྲྭའི་ཚོགས་འདུ་ཁང་ནས་སློབ་སྐབས་གསར་བའི་ལས་གཞི་བཀོད་སྒྲིག་ཚོགས་འདུ་བསྡུས།ཚོགས་ཐོག་ཏུ།སློབ་གཙོ་ཚེ་རིང་ལོ་བརྒྱ་ལགས་ཀྱིས་མདོ་འཛིན་བྱས་ཤིང་།སློབ་གྲྭའི་སློབ་སྟོན་ཁང་དང་།གཞུང་ལས་ཁང་།རྒྱབ་ཕྱོགས་ཞབས་འདེགས་ཁང་།བདེ་འཇགས་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་སློབ་སྐབས་གསར་བའི་ལས་གཞི་དང་བཀོད་སྒྲིག་གསལ་བསྒྲགས་བྱས་ལ།ད་དུང་འབྲེལ་ཡོད་རེ་འདུན་བཏོན།མཇུག་ཏུ་སློབ་གཙོ་ཚེ་རིང་ལོ་བརྒྱ་ལགས་ཀྱིས་སློབ་གྲྭ་སྤྱིའི་ལས་དོན་ལ་བཀོད་འདོམས་དང་ཚོགས་འདུར་ཕྱོགས་སྡོམ་བྱས།

ཚེས་༤ཉིན།སློབ་མས་མིང་ཐོ་བཀོད་ལ།དམིགས་བསལ་དུས་སྐབས་ལ་དམིགས་བསལ་ཇུས་གཞི་ལྟར།ཏོག་དབྱིབས་ནད་དུག་གསར་བའི་ནད་གཞིའི་ཉེན་ཁ་ད་དུང་ཡོངས་་སེལ་མེད་པས།སློབ་གྲྭས་ཀྱང་སྔར་གྱི་བཀོད་སྒྲིག་བཞིན།མིང་ཐོ་བཀོད་པར་ཐོག་མར་སྒོ་ཆེན་ནས་ཐེན་ཧྥུའུ་བདེ་ཐང་ཨང་བཤེར་དགོས་ཤིང་།རིམ་བཞིན་དུག་སེལ་དང་ཐོ་འགོད།ལུས་དྲོད་བཤེར་མཐར།དགེ་སློབ་ཡོངས་ཀྱིས་ཁ་ཤུབས་བརྒྱབ་ནས་ཐོ་འགོད་བྱས་པ་ཡིན།

ཚེས་༥ཉིན་གྱི་སྔ་དྲོར།སློབ་འགོ་འཛུགས་པའི་སློབ་ཐུན་དང་པོ་ཚོགས་ཤིང་།འཛིན་གྲྭ་སོ་སོར་ནགས་ཚལ་མེ་འགོག་དང་དྲྭ་རྒྱའི་མགོ་སྐོར།རིམས་ནད་འགོག་བཅོས་བཅས་ནང་དོན་གསུམ་གྱི་ཐད་ནས་སློབ་ཁྲིད་བྱས།