新学期、新风貌——吉尕小学五年级一班

吉尕生态

དཔྱིད་དུས་སློབ་འགོ་ཚུགས་པའི་དུས་ལ་སྐྱིད་དགའ་སློབ་ཆུང་གི་འགོ་ཁྲིད་ཚན་ཆུང་གཙོས་པའི་སྒྲིག་གཞི་དང་འཆར་འགོད་འོག་ནས་ངེད་སྦྲ་ནག་ཐབ་ཚང་འཛིན་གྲྭ་ཡིས་རྫོང་མི་དམངས་སྨན་ཁང་ལ་སོང་ནས་འདུས་འདྲིལ་ནད་རིགས་ཞིབ་བཤེར་ཞིབ་བཤེར་བྱས། ཟླ་བ་གསུམ་པའི་ཚེ་གཅིག་ཉིན་བསྐལ་ལྡན་སློབ་བུ་རྣམས་གདོང་ལ་བརྗོད་མི་ཤེས་པའི་མཛུམ་གདང་ཞིག་མངོན་ནས་སློབ་གྲྭའི་ར་བ་ནང་སྒྲིག་གཞི་དང་སྒྲིག་ཁྲིམས་ཡོད་པའི་ངང་ནས་སློབ་གྲྭའི་རྩ་འཛུགས་ཇི་བཞིན་རང་རང་འཛིན་གྲྭའི་ཐོ་འགོད་གནས་སུ་ཕེབས། སློབ་ཁང་གྲུ་བཞི་སླར་ཡང་དྲོད་ཀྱིས་ཁེངས་ཤིང་སློབ་འགོ་གསར་བའི་མཛུམ་མདང་མ་བགྲོས་ལྷུན་འགྲུབ་བྱུང་། དེ་སྐབས་སློབ་གྲྭའི་སློབ་སྟོན་ཁང་གི་སྒྲིག་བཀོད་བཞིན་སློབ་དེབ་གསར་བ་ལེན་དུ་སོང་ནས་སྐད་ཆ་གསར་བ་ཡང་དེ་ནས་ཐོས། དེ་རྗེས་དགུན་གནང་གི་ལས་བྱ་གནས་ཚུལ་བལྟ་ཞོར་སློབ་བུ་རྣམས་ཀྱིས་སྐད་ཆ་ལ་གཡེང་ནས་ཉིན་གོང་བཟའ་བཏུང་གི་དུས་ལ་སླེབས་འདུག་ཞེསགཞན་གྱི་འཛིན་གྲྭ་ཡིས་སྐད་ཆ་བཤད་བྱུང་བས་སློབ་བུ་རྣམས་ཀྱིས་ད་དུང་ཁ་བརྡ་སྐད་ཆ་དགོས་པའི་གཏམ་གླེང་དེ་རེ་ཞིག་འདི་ནས་མཇུག་སྒྲིལ། སློབ་གྲྭ་ཇ་མ་རྣམས་ཀྱིས་དྲི་ཞིམ་གྱི་བཟའ་བཏུང་སྔར་ནས་གྲབ་སྒྲིག་བྱས་ཏེ་སློབ་བུ་རྣམས་ནི་སྐུ་མགྲོན་གལ་ཆེན་ཕེབས་ཇ་བཞིན་ཚིམས་པ་ཟོས་ནས་སློབ་གྲྭའི་ར་བ་བྱིས་པའི་གླིང་དང་དབྱངས་གསལ་གྱི་དབྱངས་གིས་ཁྱབ། དེ་རྗེས་འཛིན་གྲྭའི་ཚོགས་འདུ་འགོས་བཟུང་ནས་རང་སློབ་གྲྭ་ཡིས་སྒྲིག་བཀོད་བཞིན་འདུས་འདྲིལ་གཅོང་ནད་ཀྱི་སྔོན་འགོག་ཤེས་དང་འབྲེལ་ཡོད་འགོས་ནད་ཤེས་བྱ་དྲིལ་བསྒྲགས་བྱས། དེ་ལྟར་སློབ་འགོ་ཚུགས་པའི་གྲ་སྒྲིག་འོས་ཤིང་ཚེམས་པ་བྱས་ནས་སང་ཉིན་གྱི་སྐད་ཡིག་སློབ་ཁྲིད་ལ་རེ་སྒུག་བྱས་ནས་མཇུག་སྒྲིལ་ལོ།

སློབ་བུ་དང་ཁྱིམ་བདག་ཡོངས་ལ་ལོ་སར་ཤིས་ཚིག་འདི་བལྟར་ཕུལ།

སློབ་གྲྭ་ཡིས་བཀོད་སྒྲིག།

རྫོང་མི་དམངས་སྨན་ཁང་ནས་འདུས་འདྲིལ་ནད་རིགས་ཞིབ་བཤེར་ཡུལ་དངོས།

རྫོང་མི་དམངས་སྨན་ཁང་ནས་འདུས་འདྲིལ་ནད་རིགས་ཞིབ་བཤེར་ཡུལ་དངོས།

རྫོང་མི་དམངས་སྨན་ཁང་གིས་འདུས་འདྲིལ་ནད་རིགས་ཞིབ་བཤེར་བྱས་རྗེས་ཀྱི་འཛིན་ཡིག།

སློབ་མའི་ཐོ་འགོས་གནས། 学生报到处

དཔྱིད་དུས་སློབ་འགོ་ཚུགས་པའི་རེ་སྒུག།

སློབ་མ་ཐོ་འགོད་ཞོར་དུ་ལུས་དྲོད་འཇལ་བ།

སློབ་མ་ཐོ་འགོད་ཞོར་དུ་ལུས་དྲོད་འཇལ་བ།

ལས་དོན་མཇུག་གི་ཡུལ་དངོས།

སློབ་སྟོན་ཁང་གིས་སྒྲིག་བཀོད་ལྟར་སློབ་དེབ་ལེན་པ་པའི་ཡུལ་དངོས།

སློབ་ཁང་ནང་ནས་སློབ་དེབ་གསར་བ་སྤྲོད་པ།

དཔྱིད་དུས་སློབ་འགོ་ཚུགས་པའི་སློབ་ཐེངས་དང་པོ།

འཛིན་ཚོགས་གི་ཡུལ་དངོས།

སྦྲ་ནག་ཐབ་ཚང་འཛིན་གྲྭའི་དགུན་གནང་ལས་བྱ།

དགུན་གནང་ལས་བྱ་བལྟ་ཞིབ་སྐོར་གྱི་བརྙན།

ཀློག་འདོན་སྐོར་གྱི་གནས་ཚུལ།

ཀློག་འདོན་སྐོར་གྱི་གནས་ཚུལ།

新学期

新风貌

五年级

一班

小学

到处

学生