༢༠༢༠-༢༠༢༡སློབ་ལོའི་སློབ་སྐབས་གཉིས་པའི་སློབ་འགོ་རྩོམ་པའི་གསལ་བརྡ།

གུས་པར་འོས་པའི་ཁྱིམ་བདག་དང་བརྩེ་བའི་སློབ་གྲོགས་རྣམ་པ།

ཐོག་མར་ཚང་མས་ལོ་གསར་བའི་ནང་བསམ་དོན་གྲུབ་པའི་སྨོན་འདུན་ཞུ།

ད་ནི་སྤྲོ་སྐྱིད་ཀྱི་དགུན་གནང་མཇུག་རྫོགས་ལ་ཉེ་ཞིང་སློབ་སྐབས་གསར་བ་ཞིག་གི་དབུ་ཁྱུད་འབྲི་བར་རྩོམ་དུས་འདིར། རེ་བ་གསར་བ་དང་སྨོན་འདུན་གསར་བ་ཞིག་སེམས་སུ་ཉར་ནས་སློབ་འགོ་བརྩམ་རན་སོང་། དེ་བས། སློབ་སྐབས་གསར་བ་བདེ་ལེགས་ངང་འགོ་རྩོམ་པ་དང་དགེ་སློབ་ཡོངས་ཀྱི་བདེ་འཇགས་ལ་ཁག་ཐེག་ཡོང་བ། རིམས་ནད་སློབ་གྲྭ་རུ་ཡོང་བ་གཏན་འགོག་བྱ་ཕྱིར་གོང་རིམ་སྡེ་ཁག་གི་རེ་འདུན་ལྟར་རང་རེའི་སློབ་གྲྭས་ལག་ལེན་ཏུ་བསྟར་བའི་ཐབས་ལམ་འདི་དག་ལ་ཞིབ་ཏུ་གཟིགས་ཤིང་ནན་གྱིས་དང་ལེན་ཡོད་པར་ཞུ།

1.སློབ་མས་མིང་ཐོ་འགོད་པའི་དུས་ཚོད། ཟླ་༣པའི་ཚེས་༢ཉིན།

2.སློབ་གྲྭར་ཡོང་བའི་བཀོད་སྒྲིག

8:00ནས་10:00བར་རྫོང་མཁར་དང་མ་ངེ་གྲོང་རྡལ། ཤིས་ཚང་གྲོལ་རྡལ་གྱི་སློབ་མ་ཚོ་ཐོན་དགོས།

10:00ནས་12:00བར་མཚོ་ཉིན་གྲོང་རྡལ་དང་བླ་རི་མགུལ་ཡུལ་ཚོ། ཟམ་ཚ་ཡུལ་ཚོའི་སློབ་མ་ཚོ་ཐོན་དགོས།

14:00ནས་15:50བར་ལྷ་མོ་གྲོང་རྡལ་དང་ཨ་ལ་ཡུལ་ཚོ། རྫོང་ཁག་གཞན་པའི་སློབ་མ་ཚོ་ཐོན་དགོས།

16:00སྟེང་སློབ་མ་ཚང་མ་གྲལ་སྒྲིག་སྟེ་མི་གྲངས་རྩིས་ལེན་དང་ཆ་ལུགས་དག་ཐེར་བྱ་རྒྱུ།

3.སློབ་གྲྭར་ཡོང་སྐབས་ཀྱི་རེ་འདུན།

1>བདེ་ཐང་ཞིབ་བཤེར་ཡག་པོ་བྱ་རྒྱུ།

ཞིང་ཆེན་ཕྱི་རུ་སོང་མྱོང་བའི་སློབ་མ་ཚོས་ཐོག་དང་པོར་རང་གི་འཛིན་བདག་དང་སྡེ་ཁུལ་ལ་ཡར་ཞུ་བྱས་ཏེ་རིམས་ནད་སྔོན་འགོག་གི་ནང་དོན་ལྟར་ལུས་དྲོད་སོགས་དོན་དངོས་གནས་ཚུལ་ཐོ་འགོད་དང་བདེ་ཐང་བཤེར་རིས་ཐོ་འགོད་བྱ་དགོས།

2>རིམས་འགོག་བྱ་བ་རྒྱུན་འཁྱོངས།

སློབ་མ་ཚོ་སློབ་གྲྭའི་བཀོད་སྒྲིག་གི་དུས་ཚོད་ལྟར་སློབ་གྲྭར་ཐོན་དགོས་ལ་སློབ་ལྭ་གཙང་མ་དང་ཁ་ཐུམས་གསར་བ་གོན་དགོས། སློབ་གྲྭའི་སྒོ་ཆེན་ནས་གྲལ་སྒྲིག་ཅིང་བར་ཐག་ངེས་ཅན་ལྟར་ལུས་དྲོད་ལ་བརྟག་པ་དང་དུག་སེལ་བྱས་ཏེ་སློབ་གྲྭར་བསྐྱོད་ཆོག

3>སློབ་གྲྭའི་རྒྱུན་ལྡན་སྒྲིག་ལམ་བརྩི་སྲུང་བྱ་རྒྱུ།

སློབ་མ་ཚོས་ཞོར་ཟས་དང་ཁ་པར་སོགས་སློབ་གྲྭའི་སྒྲིག་ལམ་དང་འགལ་བའི་དངོས་པོ་ཁྱེར་ཡོང་མི་ཆོག

4>དོན་ཚན་གཞན་དག

ཁྱིམ་བདག་དང་རླངས་འཁོར་གཅིག་ཀྱང་སློབ་གྲྭར་ཡོང་མི་ཆོག་ལ། ཁྱིམ་བདག་ཚོས་སློབ་མའི་ཁྱིམ་བདག་གི་སྐད་འཕྲིན་ཚོགས་པར་དོ་སྣང་གལ་ཆེན་བྱེད་དགོས་ལ་བྱ་བ་བཀོད་སྒྲིག་གང་ཡིན་ལ་དང་ལེན་ཡག་པོ་བྱ་དགོས། སློབ་གྲོགས་ཚང་མས་སྒྲིག་ལམ་བརྩི་སྲུང་དང་བདེ་ཐང་སྲུང་འཛིན་གྱིས་སློབ་སྐབས་འདིའི་བྱ་བ་ཐམས་ཅད་བདེ་ལེགས་ངང་གྲུབ་པར་བརྩོན་ལེན་བྱ་དགོས།

སྲིད་སྟོན་ཁང་གིས།

2021.2.26

最美三月 重逢藏中

2020—2021学年第二学期开学须知

尊敬的家长朋友、亲爱的同学们:

新年好!盛世又逢新岁月,金牛送瑞盛世春。愉快的假期即将结束,在这春暖花开之际,带着希望,满怀憧憬,我们又迎来了一个新的学期。新学期,新起点,新开始!为了确保开学工作顺利进行,切实保障广大师生生命安全和身体健康,坚决防止和阻断疫情进入校园,结合上级部门相关要求,我校全面落实各项疫情防控措施,在此对您和您的孩子作出重要提醒,望家长和孩子细读、周知:

一、报到时间:

报到时间:3月2日

2、 返校安排

(根据防控要求进行错峰返校)

8:00至10:00报到县城和玛艾镇、 西仓镇学生;

10:00至12:00报到尕海镇和拉仁关乡、双岔镇学生;

14:00至15:50报到郎木寺镇和阿拉乡、外县市的学生;

16:00整队检查学生到校情况和学生仪容仪表。

3、 返校要求

1. 做好健康监测;去过外地(省外)的学生返本地后,第一时间要告知班主任和社区,按照疫情防控的相关规定,做好健康监测,如实上报健康数据,持健康码绿码方可返校;如出现发热等身体异常状况,请及时就医,并向学校报告相关情况。

2. 常态防疫工作;学生按照学校规定的时间有序返校。着好校服、戴好口罩,在学校正门处指定位置保持距离依次排队,配合工作人员进行身份核验、测量体温等工作。体温正常者携带书籍和行李入校。

3. 遵守“校园常规”;学生不得带零食、手机和其他违禁品入校园。

4. 其他;家长一律不准入校,所有车辆一律不准入校。请各位家长注意及时关注班级微信群、落实学校开学工作安排。入校时,听从学校指挥,遵守校园秩序。

新的学期预示着新的希望!希望每一个人,各尽其责,携手并进,都能以自己最好的状态,迎接2021新的学期。

政 教 处

2021年2月26日