图说占哇(2021)

图说占哇

最北之乡   醉美占哇
ཟླ༢པའི་ཚེས༡ཉིན། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཡུས་ཁའེ་ཡུང་ངེད་ཡུལ་ཚོར་ཡོང་སྟེ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་དང་རིམ་འགོག་ལས་ཀར་རྟོག་ཞིབ་གནང་། ཡུས་ཁའེ་ཡུང་གིས་ནན་གྱིས་བསྟན་དོན། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་ནི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འབྲེལ་ཞིང་། ནགས་ཚལ་ཐོན་ཁུངས་ཀྱི་བདེ་འཇགས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། དེ་མིན་སྤྱི་ཚོགས་ཡོངས་ཀྱི་འཆམ་མཐུན་བརྟན་བརླིང་དང་ཡང་འབྲེལ་ཡོད་པས་ནན་གྱིས་སྲུང་དགོས་པའི་རེ་བ་བཏོན་ཡོད། ཉིན་དེར། རྫོང་དཔོན་ཡུས་ཁའེ་ཡུང་གིས་སུམ་མདོ་དགོན་པའི་བླ་གྲྭ་རྣམས་ལ་ལོ་གསར་དང་འབྲེལ་བའི་འཚམས་འདྲི་དང་སྨོན་འདུན་ཞུས་ཡོད།

2月1日上午,县委副书记县长余开勇深入我乡检查指导森林草原防灭火工作,对卡点、应急物资储备等情况进行抽点检查,并提出相应要求。

ཟླ༢ཚེས༢ཉིན། ངེད་ཡུལ་ཚོས་ཀྲུང་དབྱང་དང་ཞིང་ཆེན། དེ་མིན་ཁུལ་དང་རྫོང་བཅས་ཀྱི་སྡེ་བའི་༼ཨུ་ལྷན་གཉིས་༽ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། སྡེ་བའི་༼ཨུ་ལྷན་གཉིས་༽ཀྱི་ཚན་ཁག་ཡག་པོ་ཞིག་ཏུ་བརྗེ་རྒྱུ་དང་ལས་བྱེད་པ་ཡག་པོ་ཞིག་བརྗེ་རྒྱུའི་འགན་ལེན་བྱ་ཆེད། རྫོང་ཨུའི་རྒྱུན་ཨུ་ཀྲའོ་ཧྲུན་ཡུང་དང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མེ་ཏོག་འཚོ། དེ་མིན་རྫོང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཚེ་དབང་བཅས་ངེད་ཡུལ་ཚོར་ཡོང་སྟེ། སྡེ་བའི་ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ཐད་མཛུབ་ཁྲིད་གནང་།རྫོང་གི་འབྲེལ་གཏུག་འགོ་ཁྲིད་ཀྱི་ཐུགས་ཁུར་དང་གཅེས་སྐྱོང་འོག་ངེད་ཡུལ་ཚོའི་སྡེ་བའི་ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ཡོངས་བདེ་ལེགས་ངང་མཇུག་སྒྲིལ།

2月2日,县委常委赵顺勇、县政府副县长李雪燕、县人大副主任泽旺深入我乡指导开展村两委换届选举工作,在县联系领导的关心支持下,在各包村组及村两委的积极配合下,我乡村两委换届选举工作圆满完成。

ཟླ༢པའི་ཚེས༥ཉིན། ངེད་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ལིའུ་གང་མིན་གྱི་རྩ་འཛུགས་འོག ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཐད་ཡང་བསྐྱར་བཀོད་སྒྲིག་བྱེད་པའི་ཆེད་དོན་ཚོགས་འདུ་བསྡུས།

2月5日,乡党委书记刘光明主持召开森林草原防灭火疫情防控等工作再部署再安排会议。

ཟླ༢ཚེས༧ཉིན། རྫོང་རྩ་འཛུགས་པུའུ་དང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། དེམིན་འཕྲོད་བསྟེན་དང་བདེ་ཐང་འགན་སྲུང་ཅུས་དང་རྫོང་ཞིང་ལས་དང་གྲོང་གསེབ་ཚོགས་ཆུང་བཅས་ཀྱི་ལྟ་ཞིབ་ཚོགས་ཆུང་ངེད་ཡུལ་ཚོར་ཡོང་སྟེ་རིམས་ནད་སྔོན་འགོག་གི་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས་པ་དང་།པུས་སྒང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ལས་རེས་ལྟ་སྲུང་བྱས་ཚུལ་ལ་ཞིབ་བཤེར་བྱས།

2月7日,由县组织部、县人社、卫健局、县农业农村组组成的督察组深入我乡,实地督查疫情防控工作措施落实情况,并到毕岗村村委会检查值班值守情况。

རིམས་འགོག་ལས་དོན་སྔར་བས་ཇེ་ལེགས་དང་ཇེ་བརྟན་ཡོང་ཆེད། ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ལིིའུ་གང་མིན་གྱི་འགོ་ཁྲིད་འོག ཡུལ་ཚོའི་ལས་བྱེད་མི་སྣ་ཁག་ཚོགས་ཁག་གསུམ་དུ་བགོས་ཏེ་སྡེ་བ་སོ་སོ་དང་ཁྱིམ་ཚང་རེ་རེར་དངོའ་སུ་སོང་སྟེ། མི་སྒེར་གྱི་བདེ་ཐང་ཨང་རྟགས་དང་གནས་ཡུལ་ཨང་རྟགས་རེ་ཞུ་བྱེད་པའི་ལས་དོན་སྤེལ་ཡོད། མིག་སྔའི་བར་ཡུལ་ཚོ་ཡོངས་ཀྱིས་མི་༢༧༣༠ལས་མི་གྲངས་༢༦༧༧ལ་བདེ་ཐང་ཨང་རྟགས་བླངས་ཡོད། ད་དུང་མི་གྲངས་༥༣ཡིས་ལེན་དགོས་པ་དང་ཡུལ་ཚོ་བརྒྱ་ཆའི་༩༨.༠༦ལ་སླེབས་ཡོད།

为积极响应上级部门文件要求,我乡组织全乡干部职工、村干部、志愿者走村入户进行个人健康码及场所码申领工作。截止目前为止:全乡应申领2730人,已申领2677人,待申领53人,申领人数已达98.06%。
恭贺新春

申领

我乡

工作

村两委

换届选举

全乡

深入

森林草原

灭火

县委