江车小学致家长的一封信

美友14892702

༄༅།།ཅོ་ནེ་རྫོང་བརྒྱ་མཆེད་སློབ་ཆུང་གིས་སློབ་མ་དང་ཁྱིམ་བདག་ལ་ཕུལ་བའི་འཕྲིན་ཡིག

དེང་འདིར་ཕྱི་རྒྱལ་དུ་གློ་བའི་རིམས་ནད་གང་སར་ཁྱབ་ཀྱང་།རྒྱལ་ནང་དུ་རིམས་ནད་ཐར་ཐོར་དུ་མཆེད་པ་དང་།ས་ཆ་ཁ་ཤས་སུ་གཅིག་བསྡུས་རང་བཞིན་གྱི་རིམས་ནད་འབྱུང་བའི་རྣམ་པ་ཞིག་ཆགས་ཡོད། ལོ་སར་ཐོན་ལ་ཉེ་བའི་སྐབས་སུ་མི་སྣ་འགྲོ་འོང་མང་དུ་སོང་ནས་རིམས་ནད་ཀྱི་གནས་ཚུལ་ཛ་དྲག་ཏུ་འགྲོ་ཉེན་ཆེ་བ་མ་ཟད། དྲོད་ཚད་ཀྱང་མུ་མཐུད་ཆག་ནས་དགུན་དཔྱིད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པ་རེད། རང་རེའི་རྫོང་གིས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ནས་དངོས་ཟོག་ནང་འདྲེན་གྱི་ཉེན་ཁ་ཆུང་དུ་བཏང་སྟེ་ཚང་མ་དུས་བདེ་བདེ་ཐང་དང་སྤྲོ་སྣང་འཆམ་མཐུན་གྱི་ལོ་སར་ཞིག་རོལ་ཐུབ་པ་བྱ་ཆེད། ང་ཚོས་ཚང་མར་གཤམ་གསལ་གྱི་གྲོས་འགོ་འདོན་རྒྱུ་ཡིན།

1. མི་ཚོགས་མང་སར་ཉུང་དུ་འགྲོ་བ་དང་ཕན་ཚུན་དབར་དུ་བར་ཐག་གདོད་པ། གང་ལ་འགྲོ་ན་ཁ་ཐུམ་རྒྱག་དགོས། མི་སྒེར་གྱི་འཕྲོད་བསྟེན་ཕྱོགས་ནས་གཟབ་རྒྱུ།

2. ཕྱི་ནས་ནང་དུ་ལོག་ཚེ་ལག་པ་འཁྲུ་བ་རྒྱུན་འཁྱོངས་བྱ་རྒྱུ།

3. ཡོང་ཁུངས་མི་གསལ་བའི་ཟས་རིགས་འཁེངས་མ་མི་ཉོ་བ།

4. སྟོན་མོ་དང་འདུ་འཛོམ་ཉུང་དུ་གཏོང་ཞིང་ཕར་འགྲོ་ཚུར་འོང་ལ་གཟབ་རྒྱུ།

5. འགྲོ་འོང་གི་གནས་ཚུལ་ཡར་ཞུ་དང་རིམས་འགོག་གི་ཐབས་ལམ་ལག་བསྟར་གང་ལེགས་བྱ་རྒྱུ།

6. རང་ཉིད་ནས་འགོ་བརྩམ་ཏེ་རང་ལྕོག་དང་རང་སྲུང་གི་འདུ་ཤེས་མཐོར་འདེགས་བྱེད་པ།

7. རང་ལྕོག་གིས་རིམས་འགོག་ལ་འགན་འཁུར་དང་། རང་འགུལ་གྱིས་རིམས་འགོག་ལ་མཉམ་འབྲེལ་རོགས་རམ་བྱེད་པ།

8. ཕྱི་འགྲིམ་བཟའ་མི་དང་མགྲོན་པོའི་གནས་ཚུལ་ས་གནས་སྡེ་ཨུ་ཁང་དང་ཞང་སྲིད་གཞུང་ལ་ཡར་ཞུ་བྱེད་པ།

9. ཉེ་ལམ་རྨ་ཆུའི་ཚོང་ར་ན་རིམས་ནད་དང་འབྲེལ་བའི་ཨ་ཀིན་ཐིན་ནས་ཐོན་པའི་སྐམ་ཤ་ལ་རིམས་ནད་ཀྱི་དོགས་གཞི་ཡོད་པས། གང་སར་འགྲོ་རྒྱུ་ཉུང་དུ་གཏོང་ཞིང་ལ་ལུང་ནས་ཐོན་པའི་མི་ལ་འབྲེལ་འདྲིས་མི་བྱེད་པའོ།

བརྒྱ་མཆེད་སློབ་ཆུང་གིས།

2021.1.20

愿我们共同携手,坚定信心,科学防治,抗击疫情,护佑生命,保障健康。最后,预祝学生和家长春节快乐,扎西德勒!

江车小学

江车

家长

小学

春节快乐

扎西德勒

预祝

护佑

坚定信心

携手

一封信