榜样的力量是无穷的,

乔丹

ཤེས་རིག་པད་མའི་ཟེའུ་འབྲུའི་དགའ་སྟོན་གྱིས།།

བློ་ལྡན་བུང་བའི་ཚོགས་རྣམས་མཉེས་བྱེད་པའི།།

རྣམ་དཀར་དགེ་བའི་ལས་ལ་གཞོལ་བ་ཡི།།

རྒྱལ་སྲས་སེམས་དཔའ་གང་དེར་སྙིང་ནས་གུས།།

རིགས་ཞེན་དུང་བ་ཟབ་མོའི་ཉེར་ལེན་གྱིས།།

ཤེས་རབ་ཉི་མའི་འོད་སྣང་འདྲེན་པའི་མཐུས།།

ཡིག་རྨོངས་སེལ་བར་གྲོགས་དན་ཟླ་མེད་པ།།

གཞན་ཕན་ལྷག་བསམ་ཅན་དེ་རྟག་ཏུ་རྒྱལ།

དད་དམ་གཙང་མའི་གསེར་ལྡན་འཛིན་མ་ལ།།

ལྷག་བསམ་ལྗོན་པའི་རྩ་བ་རབ་རྫོགས་ཤིང་།།

བློ་ལྡན་རིག་པའི་པད་མོ་འཛུམ་པ་ལ།།

དགེ་བའི་འོད་སྣང་སྦྱིན་པ་གང་དེ་རྒྱལ།།

སྤྱི་ལོ༢༠༢༡ལོའི་སྐབས་བཞི་བའི་སྒོ་དམར་རྨོངས་སེལ་འཛིན་གྲྭ་སྒྲུབ་པར་དང་བླངས་བའི་སྤྱོར་དངོས་རྗེས་གསུམ་ལ་མཐུན་རྐྱེན་བླ་མེད་སྒྲུབ་པར་བཀའ་དྲིན་ཆེ་ཞུ།🎉🎉🎉

མ་རིག་མུན་པ་སེལ་བ་པོ། །

ལྷག་བསམ་གཙང་མས་སྒྲུབ་པ་པོ། །

རང་སྡེ་རིགས་ལ་དཀར་བ་པོ། །

བདག་སོགས་ཀུན་གྱི་དྲིན་ཆེན་པོ། །