宜居占哇
ལམ་འགྲམ་གཡས་གཡོན་གྱི་རྩྭ་ལྡུམ་གཙང་ཕྱག་བྱས་ནས་མེ་སྐྱོན་གྱི་ས་བོན་མེད་པར་བཏང་ནས། མེ་འགོག་ནགས་སྲུང་གི་བྱ་བ་སྤུས་ལེགས་ངང་བསྒྲུབ་ཆེད། ༢༠༢༡ལོའི་ཟླ་༡ཚེས་༥ཉིན། ངེད་ཡུལ་ཚོའི་ཞང་ཀྲང་གཞོན་པ་རྟ་མགྲིན་ཚེ་རིང་གི་མགོ་ཁྲིད་འོག ནགས་ལས་ས་ཚིགས་དང་སྐྱེ་ཁམས་ཁོར་ཡུག་སྲུང་མཁན་གྱི་ལས་བྱེད་མི་སྣ་ཡོངས་རྩ་འཛུགས་བྱས་ནས། ངེད་ཡུལ་ཚོའི་གཞུང་ལམ་༥༥༡གཡས་གཡོན་གཉིས་ཀྱི་རྩྭ་ལྡུམ་གཙང་ཕྱག་དང་མེ་འགོག་ནགས་སྲུང་གི་ཤེས་བྱ་ཁྱབ་གདལ་དུ་བཏང།

为切实做好森林防火工作,消除今冬明春森林火灾隐患。2021年1月5日,占哇乡副乡长阿巴带领林业站工作人员和全乡生态管护员,清理了从白衣路口至集镇乡道551两旁的所有杂草等易燃杂物。清理过程中,工作人员认真负责,细心指导生态管护员开展清理工作,附近村民积极参与,迅速加入清理队伍。当天,清理队安全顺利把15公里乡道两旁杂物清理完毕。

ཟླ༡པོའི་ཚེས་༧ཉིན། རྫོང་ནང་བསྟན་མཐུན་ཚོགས་ངེད་ཡུལ་ཚོར་ཕེབས་ཏེ་དགོན་སྡེ་ཡི་ལས་ཀར་བརྟག་ཞིབ་དང་མཛུབ་སྟོན་བྱས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། ཁྲིམས་ལྟར་དགོན་སྡེ་ལེགས་སྐྱོང་ཡོང་ཆེད། ནང་བསྟན་མཐུན་ཚོགས་ཀྱིས་བཅར་འདྲི་དང་བཞུགས་མོལ། དེ་མིན་ཡུལ་ངོས་རྟོག་ཞིབ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། དགོན་སྡེའི་འཛུགས་སྐྲུན་དང་ཕྱིའི་རྩ་འཛུགས། ཆོས་ལུགས་ཀྱི་བྱ་འགུལ། གྲྭ་བཙུན་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་ཚོས་ནན་གྱིས་འདོན་རྒྱུར་ངེས་པར་དུ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་བཅས་རིམ་པ་སོ་སོའི་ཆོས་ལུགས་དོ་དམ་སྡེ་ཁག་གིས་ལས་ཀའི་བླང་བྱ་རྣམས་ལག་བསྟར་མཐའ་འཁྱོངས་དང་། ཁྲིམས་ལྟར་དགོན་པ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཚུལ་ཁྲིམས་ལ་བརྟེན་ནས་གྲྭ་བ་སྐྱོང་བ། གྲྭ་བ་དང་ཆོས་དད་མང་ཚོགས་རྣམས་ཡང་དག་དང་ཡར་སྐུལ། ནུས་ལྡན་གྱིས་སྣེ་ཁྲིད་མཛད་དེ་ཁོང་ཚོ་སྔར་ལས་ཏང་དང་རྒྱལ་ཁབ། ཆོས་ལུགས་ལ་དགའ་མོས་ཡོང་བར་བྱ་དགོས། དེ་དང་ཆབས་གཅིག་ཏུ་དགོན་པའི་དོ་དམ་ལམ་ལུགས་ལ་ཤུགས་སྣོན། ཏང་དང་མི་རིགས་ཀྱི་ཆོས་ལུགས་སྲིད་ཇུས། མི་རིགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་མི་རིགས་ཀྱི་གཞི་རྩའི་རྒྱུན་ཤེས་སོགས་ཁྱབ་བསྒྲགས་གཏིང་ཟབ་བྱེད་པ་དང་། མུ་མཐུད་དུ་གྲྭ་བའི་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བཅས་སྲ་བརྟན་དུ་གཏོང་བཞིན་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ཡོང་བ་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་ནན་མོ་བཏོན་ཡོད།

1月7日,县佛教协会莅临我乡调研指导寺庙工作。为了加强民族团结,扎实有效的推进依法治寺,佛教协会一行通过走访、座谈、实地考察等形式,了解寺庙场所的组织管理、基础建设、宗教活动的开展情况以及宗教人员管理情况,强调要认真贯彻落实中央、省、州、县各级宗教管理部门工作要求,坚持依法治寺、依戒管僧,正确、积极、有效地引导僧人和信教群众,让他们更加爱党爱国爱教。同时要加强寺院管理制度,深入宣传党和民族宗教政策及民族法律法规和民族基本常识,不断增强僧众的国家意识、公民意识和民族团结意识,促进社会和谐稳定。

ཟླ༡པོའི་ཚེས་༧ཉིན་ཀྱི་ཕྱི་དྲོར། རྫོང་ཨུའི་རྒྱུན་ཨུའམ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མ་ཆི་ཐོའོ་ཡིས་ལོ་མཇུག་གི་ལས་འབྲས་དམིགས་ཚད་ཞིབ་བཤེར་ཚོགས་པར་དབུ་ཁྲིད་ནས་ངེད་་ཡུལ་ཚོའི༢༠༢༠ལོའི་ལས་འབྲས་ཐད་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས། ཞིབ་བཤེར་བརྒྱུད་རིམ་ཁྲོད་དུ་དངོས་ཐོག་བདེན་འཚོལ་དང་དྲང་བཞག་ཀྱི་རྩ་དོན་རྒྱུན་འཁྱོངས་དང་། ཞིབ་བཤེར་གྱི་ཡིག་གཞི་བཟུང་ནས། ལས་ཀའི་ཡིག་ཚང་དག་འཐུས་ཚང་ཡིན་མིན་དང་ཞིབ་ཚགས་ཡིན་མིན། དེ་མིན་སྔ་ཕྱི་ལ་གཏན་ཚིགས་ཀྱིས་ཕྱུག་མིན་སོགས་ཀྱི་ཐད་ནས་ཞིབ་བཤེར་དམིགས་ཚད་༣༤ལ་སྐར་མ་རྒྱབ་པ བརྒྱུད། ནན་ཏན་གྱི་སྒོ་ནས་ལོ་མཇུག་གི་ལས་འབྲས་དམིགས་ཚད་ཞིབ་བཤེར་གྱི་ལས་དོན་སྤེལ་ཡོད།

1月7日下午,由县委常委、政法委书记马启涛带队年终目标绩效第一考核组到我乡就2020年度目标绩效完成情况进行现场考核。考核组坚持实事求是、公平工正的原则,严格以考核细则及工作业绩为依据,通过查看内业资料归档是否完善、齐全,有无细节、逻辑错误等要求对乡镇涉及七大项34个考核指标层层打分,严格开展年底目标绩效考核工作。
在县参会人员
1月6日——————————9:30

(索朗泽里)若尔盖县严肃财经纪律暨财务管理风险排查工作推进会

1月7日——————————14:30

(索朗泽里)若尔盖县(社区)“两委”换届工作推进会
最北之乡 醉美占哇