རྩེ་གཞུང་བཅའ་སྡོད་དཀྱིལ་སྙིང་ཆ་ཚང་སློབ་ཆུང་གིས་དགུན་གནང་སྐབས་སུ་ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག

美友9901895

བཀུར་བར་འོས་པའི་ཁྱིམ་བདག་རྣམ་པ།

དེ་ཡང་དབྱིག་འཛིན་སྒེག་མོས་གོས་དཀར་བཀླུབས་ཤིང་། སང་ལོའི་བྱ་བཞག་ཡོད་ཚད་ལ་རེ་བ་སྦྲུམ་པའི་དུས་མཚམས་འདིར། ངེད་སློབ་གྲྭས་ཀྱང་ལོ་གཅིག་གི་བྱ་བ་ཡོངས་འགྲུབ་བྱས་ནས་དགུན་གནང་དངོས་སུ་བཏང་བ་ཡིན། སྐབས་འདིར། འདས་ཟིན་པའི་ལོ་ངོ་གཅིག་གི་ཡུན་ལ། ངེད་སློབ་གྲྭའི་བྱ་བར་དངོས་བརྒྱུད་གང་རུང་ནས་རོགས་རམ་དང་རྒྱབ་སྐྱོར་གནང་མཁན་གྱི་ཁྱིམ་བདག་རྣམས་ལ་ལག་ཟུང་ཐལ་མོ་སྦྱར་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། ཁྱེད་ཅག་ནི་བྱིས་པ་ཚོའི་ཕ་མ་དང་ང་ཚོའི་དཔུང་ཡ་ཡིན་པས། ཕན་ཚུན་ལ་རྒྱུས་ལོན་དང་ཡིད་ཆེས། རོགས་རམ་དང་རྒྱབ་སྐྱོར་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཉག་གཅིག་རེད། དེའི་ཕྱིར་ད་ལོའི་དགུན་གནང་གི་སྐབས་སུའང་ཁྱེད་ཚོས་སྔར་བཞིན་རང་གི་བྱིས་པ་ལམ་ལོག་ཏུ་མི་འགྲོ་བ་དང་བདེ་ཐང་ལ་མཉམ་འཇོག་བྱེད་པའི་ཞོར་ལ། སློབ་གྲྭས་བཏོན་པའི་རེ་བ་འགའ་ལ་རྒྱབ་སྐྱོར་བྱེད་རོགས།

གཅིག སློབ་མའི་སློབ་སྦྱོང་ལ་དོ་སྣང་བྱེད་དགོས།

དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་དགུན་གནང་སྐབས་ཀྱི་ལས་བྱ་རྣམས་རང་རྟོགས་ཀྱིས་ཡོངས་འགྲུབ་བྱེད་དགོས་ལ། ད་དུང་བསྐྱར་སྦྱོང་བྱེད་པར་ཁྱིམ་བདག་གིས་བཀོད་སྒྲིག་འོས་འཚམ་བྱེད་དགོས།

གཉིས། སློབ་མའི་ཉིན་རེའི་དུས་ཚོད་བཀོད་སྒྲིག་ལ་དོ་སྣང་བྱེད་དགོས།

དགུན་གནང་སྐབས་ཀྱི་བྱིས་པའི་ཉིན་རེའི་སློབ་སྦྱོང་དང་རྩེད་འཇོ། ལུས་ཕུང་སྦྱོང་བརྡར། སྤྱི་ཕན་བརྙན་འཕྲིན་ལ་བལྟ་བ། དེ་མིན་ངལ་གསོ་དང་གཉིད་པའི་དུས་ཚོད་སོགས་ལ་ཁྱིམ་བདག་གིས་བཀོད་སྒྲིག་ལེགས་པོ་ཞིག་བྱེད་རྒྱུ།

གསུམ། ཡ་རབས་གཤིས་བཟང་ཆགས་པར་དོ་སྣང་བྱེད་དགོས།

སློབ་མར་ཆུང་དུས་ནས་བཟུང་མི་གཤིས་བཟང་པོ་ཞིག་ཆགས་སུ་འཇུག་རྒྱུ་ནི་སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་གསུམ་གའི་འགན་འཁྲི་ཡིན། དེ་བས་གཡོ་རྫུན་དང་། རྐུ་འཕྲོག དུ་བ་འཐེན་པ། ཆང་འཐུང་བ། ཤོ་རྒྱག་པ། སློབ་མའི་བདེ་འཇགས་སོགས་ཀྱི་བྱ་བར་ཁ་ཏ་སློབ་གསོ་ནན་མོ་བཏང་སྟེ་ཡ་རབས་སྲོལ་བཟང་ལ་གོམས་སུ་འཇུག་དགོས།

བཞི། པྲོག་གསར་གློ་ཚད་ནད་ཡམས་ཀྱི་་སྔོན་འགོག་ལ་དོ་སྣང་བྱེད་དགོས།

རང་རྒྱལ་དུ་པྲོག་གསར་གློ་ཚད་ལ་ཚོད་འཛིན་ངེས་ཅན་བྱས་ཡོད་མོད། འོན་ཀྱང་སྔོན་འགོག་གཏན་ནས་གློད་མི་རུང་བས། ཁྱིམ་བདག་རྣམས་ཀྱིས་དགུན་གནང་གི་སྐབས་སུ་ཡང་སློབ་མ་ཚོ་སྒོར་འགྲོ་དུས་ཁ་ཐུམ་རྒྱག་པ། ལག་པ་བཀྲུ་བ། དུག་སེལ་བྱེད་པ། དེ་མིན་ཐག་རིང་གི་ས་ཆ་དང་། མི་ཚོགས་ཀྱི་ནང་དུ་མི་འགྲོ་བ། གལ་ཏེ་འགྲོ་དགོས་བྱུང་ན་གཏན་ཕབ་ཀྱི་འགྲོ་ལུགས་བསྒྲུབ་དགོས།

ལྔ། དགུན་གནང་སྐབས་ཀྱི་འགྲིམ་འགྲུལ་སོགས་བདེ་འཇགས་ལ་དོ་སྣང་བྱེད་དགོས།

དགུན་དུས་ནི་ཁ་བ་འབབ་པ་དང་ལམ་ནང་དུ་འཁྱག་པ་ཐེབ་སླ་བས་ཡར་མར་དུ་འགྲོ་དུས་འགྲིམ་འགྲུལ་དོན་རྐྱེན་འབྱུང་ཉེན་ཆེ་བ་དང་། ཤོག་སྦག་བཀད་ན་རང་ལུས་ལ་ཉེན་ཁ་ཆེ་བར་མ་ཟད། རྩྭ་སར་མེ་སྐྱོན་མཆེད་སླ་བས་དགུན་དུས་ཀྱི་ཉེན་ཁའི་རིགས་ལ་ཡིད་གཟབ་བྱེད་དུ་འཇུག་དགོས།

དྲུག དགུན་གནང་སྐབས་སུ་སློབ་མའི་བདེ་ཐང་དང་བདེ་འཇགས་ལ་ཤུགས་སྣོན་བྱེད་དགོས།

༡ ཚུལ་མིན་གྱི་བརྙན་ལ་མི་ལྟ་བ་དང་འཆལ་གཏམ་ལ་མི་ཉན་པ། ༢ སྤྱི་ཚོགས་སྟེང་གི་མི་རྒྱུས་མེད་ལ་མི་འགྲོག་པ། ༣ མི་གཙང་བ་དང་དུས་བརྒལ་གྱི་ཞོར་ཟས་མི་ཟ་བ། ༤ དུས་རྒྱུན་དུ་མེ་དགྲ་དང་གློག འགྲིམ་འགྲུལ་བདེ་འཇགས་སོགས་ལ་སེམས་ཆུང་བྱེད་ད་གོས། ༥ ཆབ་སྲིད་དང་འགལ་བའི་བརྙན་དང་པར་རིས་བརྒྱུད་བསྐུར་བྱེད་མི་རུང་། ༦ སྐད་འཕྲིན་སོགས་ལས་ཚུལ་དང་མི་མཐུན་པའི་ཚོགས་པ་སྣ་ཚོགས་ནང་མི་ཞུགས་པ་དང་དགོས་མེད་ཀྱི་སྐད་ཆ་བཤད་མི་རུང་བ་བཅས་སོ། །

མཇུག་མཐར་ཁྱེད་ཁྱིམ་བདག་རྣམ་པས་ངེད་སློབ་གྲྭར་ཐུགས་ཁུར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་བ་དང་མཉམ་དུ་ཁྱེད་ཅག་རང་རང་གི་བུ་ཕྲུག་རྣམས་དང་དགའ་འཛོམས་ཀྱི་ངང་ནས་ལོ་སར་གྱི་དཔལ་ལ་སྐྱིད་པོར་རོལ་རྒྱུ་དང་། མི་ལ་ན་ཚ་མེད་པ་དང་། ཕྱུགས་ལ་གོད་ཁ་མེད་པ། ཁྱིམ་ཚང་བདེ་བརྟན་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།