མཐོ་འབྲིང་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་བློ་འཛིན་དང་བློ་འབྲི་འགྲན་སྡུར།

སྤྱི་ཟླ༡༢པའི་ཚེས་༢༦ཉིན་གྱི་ཕྱི་དྲོའི་ཆུ་ཚོད༡:༣༠སྟེང་དུ། རང་རེའི་སློབ་གྲྭའི་མགོ་ཁྲིད་དག་གི་མཛུབ་སྟོན་དང་སློབ་སྟོན་ཁང་གི་རྒྱབ་སྐྱོར། སྐད་ཡིག་སློབ་དཔྱོད་ཁང་གི་སྣེ་ཁྲིད་ཀྱི་འོག་ཏུ་སློབ་གྲྭའི་རྩལ་སྦྱོང་ར་བའི་ནང་དུ་མཐོ་འབྲིང་སློབ་མའི་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་བློ་འཛིན་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ་ཡིན།

ཐེངས་འདིའི་བྱ་འགུལ་ནི་རིམ་པ་གཉིས་སུ་བཀར་བ་སྟེ། གཅིག་ནི་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་བློར་འབྲི་བ་དང་ཅིག་ཤོས་ནི་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་བློར་སྐྱོར་བའི་འགྲན་སྡུར་ཡིན།

འཇུ་མི་ཕམ་གྱིས་འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི།། དང་པོ་ཉིད་ནས་འདི་ལ་འབད་པར་གཅེས།། ཞེས་གསུངས་པ་ནང་བཞིན་མཐོ་གཅིག་ལོ་རིམ་དང་མཐོ་གཉིས་ལོ་རིམ་གྱི་འཛིན་གྲྭ་སོ་སོའི་མི་ལྔ་རེ་གཏན་ཁེལ་མེད་པར་དུས་ཐོག་ཏུ་བདམས་ཏེ་རྒྱུགས་གཞི་བློར་འབྲི་བ་དང་དེ་ལས་གཞན་པའི་སློབ་མ་ཡོངས་ཀྱིས་བརྡ་སྤྲོད་ཀྱི་རྩ་བ་དང་ལེགས་བཤད། ཚིག་རྒྱན་རིག་པའི་ཤེས་བྱའི་རྒྱན་སོ་སོའི་མཚན་ཉིད་དང་རྩ་བ། གོ་དོན་གྱི་དཔེར་བརྗོད་བཅས་ཚེགས་མེད་དུ་བློར་རྒྱུགས་སྤྲད་པ་ཡིན།

ཐེངས་འདིའི་དཔྱད་འདེམ་དགེ་རྒན་སངས་བཀྲ་དང་སྐལ་བཟང་རྡོ་རྗེ། བཀྲ་ཤིས་རྡོ་རྗེ་བཅས་ཀྱིས་སློབ་མའི་བློར་སྐྱོར་གྱི་ནང་དོན་ལ་བྱང་ཆ་ཡོད་མེད། ཐུན་མོང་གི་རྩ་འཛུགས་ག་འདྲ་ཡིན་ཚུལ། སློབ་མར་སྤོབས་པ་ལྡན་མིན་བཅས་ལ་བློ་ཞིབ་མོས་བརྡར་ཤ་བཅད་དེ་ཨང་དང་བོའི་འཛིན་གྲྭ་གཉིས་དང་ཨང་གཉིས་པའི་འཛིན་གྲྭ་གཉིས་འདེམ་ཐོན་བྱུང་ངོ་།།

མཇུག་ཏུ་སྐད་ཡིག་རིག་ཚན་གྱི་མགོ་གཙོ་དགེ་རྒན་དཀའ་ཐུབ་ཐར་གྱིས་སློབ་མ་ཡོངས་ལ་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་བློ་འཛིན་གྱི་དགོས་པ་བརྗོད་དེ་ཐེངས་འདིའི་བྱ་འགུལ་ལ་སྤྱི་སྡོམ་བྱས་ཤིང་། རྗེས་སོར་འདི་ལྟ་བུའི་བྱ་འགུལ་མང་བོ་སྤེལ་ནས་སློབ་མའི་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་ཀྱི་ཐད་ལ་སྐད་ཡིག་དགེ་རྒན་དག་གིས་བློ་རྩ་མ་ཉམས་པར་ནུས་པ་ཅི་ཡོད་འདོན་རྒྱུའི་རེ་བ་བཏོན་ཡོད་དོ།།