ཁྲི་འདུ་རྫོང་སློབ་སྔོན་སློབ་གསོའི་བྱིས་སྐྱོང་གླིང་གཉེར་བའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བའི་ཆེད།བྱིས་སྐྱོང་གླིང་གི་སློབ་གསོ་སློབ་ཁྲིད་དང་རྒྱུན་གཏན་གྱི་ལས་དོན་ཁག་གི་དོ་དམ་ཚད་ལྡན་དུ་བཏང་ནས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལོ་འཁོར་གྱི་ལས་དོན་གཙོ་བོའི་དམིགས་ཚད་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ་༢༠༢༠ལོའི་ཟླ་༡༢ཚེས་༢༣ཉིན། རྫོང་སློབ་གསོ་ཅུས་དཔྱད་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཀྲ་ཤིས་འཇིགས་མེད་དང་སློབ་སྔོན་སློབ་གསོའི་ཚན་ཁག་གི་འགོ་འཛིན་བསོད་ནམས་མཚོ་མོ་ཚན་ཁག་སོ་སོའི་འགན་འཁུར་བ་སོགས་ངེད་གླིང་དུ་ཕེབས་ནས་༢༠༢༠ལོའི་དམིགས་ཚད་དོ་དམ་དཔྱད་ཞིབ་དཔྱད་དཔོག་དང་མཛུབ་ཁྲིད་ལས་དོན་སྤེལ་བ་རེད།

为了进一步提升称多县学前教育的办园质量,规范幼儿园的教育教学和各项常规工作管理,强化责任意识, 提高年度主要工作目标管理水平, 2020年12月23日,由称多县教育局考核组副组长扎西久美,学前科长索昂措毛及各科室负责人莅临我园进行2020年度目标管理考核评估与指导工作。

རིམས་ནད་སྔོན་འགོག་ཚོད་འཛིན་ལྷོད་གཡེང་མི་གཏོང་བར་དཔྱད་ཞིབ་ཚོ་ཆུང་གི་ཁོངས་མིར་དྲོད་ཚད་འཇལ་བའི་ཐོ་འགོད་བྱ་དགོས།

疫情防控不松懈,对考核组成员进行测温登记。

ཐོག་མར་ངེད་གླིང་གི་སློབ་གཙོ་གཞོན་པ་ཟླ་བ་ཚེ་རིང་གིས་ལོ་གཅིག་རིང་གི་བྱ་བའི་གནས་ཚུལ་ལ་ཞིབ་ཕྲའི་སྙན་ཞུ་བྱས།

དེ་རྗེས་དཔྱད་ཞིབ་དཔྱད་དཔོག་ཚོགས་ཆུང་གི་འགོ་ཁྲིད་ཚོས་རང་རེའི་གླིང་གི་ཡིག་ཚགས་ལ་ལྟ་ཞིབ་བྱས་ཏེ་བྱིས་སྐྱོང་ཁང་གི་དོ་དམ་དང་དཔུང་ཁག་འཛུགས་སྐྱོང་།སློབ་གསོ་སློབ་ཁྲིད།སྒྲིག་བཀོད་དང་ཁོར་ཡུགལུས་ཁམས་བདེ་སྲུང་གསོ་སྐྱོང་།དེ་བཞིན་བདེ་འཇགས་ལས་དོན་བཅས་ཕྱོགས་ཆེན་པོ་དྲུག་གི་ཐད་ནས་ལྟ་ཞིབ་ཞིབ་ཕྲ་དང་ཟིན་ཐོ་ཞིབ་ཕྲ་བཀོད་ཡོད།

随后,考核评估小组的领导们查阅了我园的档案,从幼儿园管理、队伍建设、教育教学、设施与环境、保健保育以及安全工作这六大方面进行了仔细的查阅以及详细的记录。检查组对我园的档案工作作出了高度的肯定。

考核组逐项查阅了幼儿园考核项目的相关资料。

དཔྱད་གཞིའི་ཡིག་རིགས་ལ་ལྟ་ཞིབ་བྱས་ཚར་རྗེས་དཔྱད་ཞིབ་བྱས་ཚུལ་ལ་གཞིགས་ནས་ཚུར་ལན་སྤེལ་རེས་བྱས་པ་དང་དཔྱད་ཞིབ་ཚོགས་ཆུང་གི་ཁོངས་མིས་དཔྱད་ཞིབ་ཀྱི་ནང་དོན་ལ་གཞིགས་ནས་རིམ་པ་བཞིན་གཏམ་བཤད་བྱས་པ་དང་དཔྱད་ཞིབ་ཁོངས་མི་ཁག་གིས་རང་རེའི་གླིང་གི་ལས་ཀའི་བཀྲག་མདངས་འཚེར་སར་ཁས་ལེན་གང་ལེགས་བྱས་པ་དང་ཆབས་ཅིག་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལས་ཀ་མི་འདང་ས་དང་ཞན་ཆ་བསྟན་པས་རང་རེའི་གླིང་གི་སློབ་གསོ་སློབ་ཁྲིད་ལས་དོན་སྤེལ་རྒྱུར་སྐུལ་འདེད་ཐེབས་ཡོད་པ་རེད།

资料查看完后,根据考核的情况进行了反馈交流,考核组成员根据考核的内容依次发言,各考核成员在充分肯定我园工作亮点的同时,针对性的指出了工作不足的地方和薄弱环节,促进了我园教育教学工作的开展。

老师们认真听取考核组指出的存在的不足及整改措施。对检查考核组提出的意见和建议,将认真梳理研究工作措施,制定工作方案!

མཇུག་ཏུ་དཔྱད་ཞིབ་ཚོགས་ཆུང་གིས་རང་རེའི་གླིང་གི་ལས་དོན་ལ་ཁས་ལེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཞིབ་བཤེར་ནི་སྒུལ་ཤུགས་ཡིན་པ་དང་ལྷག་པའི་གནད་དོན་ཐད་ང་ཚོས་བཅོས་སྒྲིག་ཧུར་ཐག་བྱས་ནས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད། ད་ཐེངས་ཀྱི་དཔྱད་ཞིབ་གོ་སྐབས་སུ་བྱས་ཏེ་རང་རེའི་གླིང་གིས་དེ་བས་ཁེངས་པའི་ལས་ཀའི་སྤྲོ་སེམས་དང་དགེ་མཚན་ལྡན་པའི་རྣམ་པའི་ཐོག་ནས་གྲུབ་འབྲས་དར་སྤེལ་དང་གནད་དོན་བཅོས་སྒྲིག་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་བྱིས་པའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

最后—感谢考核组对我园工作的肯定,检查是动力,对于存在的问题,我们会积极整改,不断完善。将以此次考核为契机,我园将以更加饱满的工作热情和积极的姿态,发扬成绩,整改问题,不断创新,为幼教事业的发展做出贡献。