༄༅།།མཐོ་གསུམ་བོད་སྐད་ཡིག་གི་བསྐྱར་སྦྱོང་བྱེད་ཐབས་སྐོར་གྱི་བགྲོ་གླེང་།

སྤྱི་ཟླ་༡༢པའི་ཚེས་༡༩ཉིན་གྱི་ཕྱི་དྲོར། རང་རེའི་སློབ་གྲྭའི་སངས་རྒྱས་བཀྲ་ཤིས་སྐད་ཡིག་ལས་སྒྲུབ་ཁང་དང་། སྐད་ཡིག་སློབ་དཔྱོད་ཁང་གིས་གཙོ་སྒྲུབ་བྱས་པའི་སྐད་ཡིག་མཐོ་གསུམ་བསྐྱར་སྦྱོང་གི་ཁ་ཕྱོགས་གསལ་བོ་ཡོང་བར་དམིགས་ཏེ་ཀན་ལྷོ་ས་ཁུལ་གྱི་བོད་རིགས་སློབ་འབྲིང་ཁག་གི་སྐད་ཡིག་དགེ་རྒན་རྣམ་པ་ཆེད་དུ་བསྡུས་ཏེ་མཐོ་གསུམ་སྐད་ཡིག་གི་བསྐྱར་སྦྱོང་བྱེད་ཐབས་སྐོར་གྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད།

ཉིན་ཕྱེད་ཀྱི་རིང་ལ། བློ་གྲོས་ཀྱི་འཆར་སྒོ་ཡངས་ཤིང་ཉམས་མྱོང་གི་ཁོ་ལག་རྫོགས་པའི་དགེ་རྒན་རྣམ་པས་མཐོ་གསུམ་སྐད་ཡིག་གི་གཙོ་གནད་ འཛིན་སྟངས་དང་བསྐྱར་སྦྱོང་བྱེད་ཐབས། རྒྱུགས་གཞིའི་གྲུབ་ཚུལ་དང་སྒྲིག་སྟངས་བཅས་ཀྱི་ཐད་ལ་དབྱེ་ཞིབ་བྱས་ཏེ་རང་རང་གི་ཉམས་མྱོང་དང་འདོད་ ཚུལ་ལྷུག་པར་གླེང་བས་ཚང་མའི་རེ་བ་དོན་ཐོག་ཏུ་བབས།

ཐེངས་འདིའི་བགྲོ་གླེང་དགེ་རྒན་རྣམ་པས་མཐུན་སྒྲིལ་རོགས་རེས་ཀྱིས་རྗེས་སོར་དཔྱད་གཞིའི་རྒྱུ་ཆ་དང་རྒྱུགས་གཞི་སོགས་ཕན་ཚུན་མཁོ་སྤྲོད་དང་ཉམས་མྱོང་བགྲོ་གླེང་རྒྱུན་མཐུད་ཀྱི་ཐད་ནས་བློ་སེམས་གཅིག་ཏུ་མཐུན་ནོ།།

མཇུག་ཏུ་སློབ་གཙོ་གཞོན་པ་སངས་རྒྱས་བཀྲ་ཤིས་ཀྱིས་རྗེས་ཕྱོགས་འདི་དང་འདི་ལྟ་བུའི་བྱེད་སྒོ་མང་དུ་སྤེལ་དགོས་པའི་དོན་སྙིང་དང་མཐོ་གསུམ་གྱི་ སྐད་ཡིག་གི་བསྐྱར་སྦྱོང་གི་རྣམ་པ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་ཕྱོགས་དགོས་ པ་གནད་དུ་བཟུང་ནས་ཕྱོགས་སྡོམ་བྱས།

སྤྱིའི་ལྟ་སྐུལ་བ། སློབ་གཙོ་སངས་རྒྱས་བཀྲ་ཤིས།

རྩོམ་སྒྲིག་འགན་ཁུར་བ། དཀའ་ཐུབ་ཐར།

ཐེངས་འདིའི་རྩོམ་སྒྲིག་པ། སངས་རྒྱས་མཁར།