གནའ་སྔ་མོ་སྔ་མོའི་ཤུལ་བཞག་རིག་གནས་ལ་བརྩི་མཐོང་དང་དར་སྤེལ། སྲོལ་བཟང་རྒྱུན་འཁྱོངས་བྱས་ཏེ་སློབ་མའི་སྐད་ཡིག་གི་གལ་ཆེའི་རང་བཞིན་ལ་ཤེས་རྟོག་བྱེད་པ།སློབ་མ་ཚོའི་བློ་སྟོབས་ལ་སྦྱོང་བརྡར་་དང་། ཁ་སྐད་ཀྱི་ནུས་པ་ཆེ་རུ་ཕྱིན་པ།

གྱེར་འདོན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། སློབ་མའི་ཉན་ནུས་དང་གོ་བ་ལེན་པའི་ནུས་པ་མཐོར་འདེགས། བྱིས་པ་ཚོས་གཏམ་རྒྱུད་ཁྲོད་ནས་གནས་ལུགས་མང་པོ་རྟོགས་པར་བྱེད།

དང་པོ། བསམ་བློའི་མཛུབ་སྟོན།སློབ་མ་ཚོའི་ནུས་རྟོགས་དང་སེམས་ཁམས་གྱི་མྱོང་ཚོར་སོགས་ཀྱི་བློ་སྒོ་ཆེ་རུ་གཏོང་བ་དང་། ཁོ་ཚོའི་གསང་བ་ལས་མ་འདུས་པའི་ཤེས་བྱ་མང་པོ་ཞིག་ལ་ང་ཚོས་གང་ནུས་ཅི་ཐུབ་ཀྱི་འདོན་སྤྲོད་བྱ་ཐུབ་རྒྱུ།དེར་མ་ཟད་ཁོ་ཚོའི་བློ་སྒོ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད།ཐེངས་འདིར་བོད་ཀྱི་སྐད་ཡིག་སློབ་དཔྱོད་ཚན་ཁག་གིས“གཏམ་རྒྱུད་བཤད་པའི”བྱེད་སྒོ་འདིར་བརྟེན་ནས་དཔེ་ཀློག་ལ་སྐུལ་འདེད་དང་།དཔེ་ཀློག་ལ་དུས་ནམ་ཡང་དགའ་ཞེན་ཡོད་པ།ཆུང་དུས་ནས་སློབ་སྦྱོང་ལ་འབད་པ་བྱས་ནས་རང་གི་ངག་ནུས་ཆེ་རུ་གཏོང་བ།སློབ་མ་རེ་རེས་སློབ་སྦྱོང་གི་སྤྲོ་སྣང་ཉམས་སུ་མྱོང་བ་དང་།ཕོད་པ་གསུམ་གྱི་སྙིང་སྟོབས་སྐྱེད་བསྲིངས་བྱ་ཐུབ་རྒྱུ་དེ་ཡིན།

གཉིས། བྱ་འགུལ་གྱི་དམིགས་ཡུལ།

སློབ་མའི་གསར་གཏོད་ཀྱི་ནུས་པ་དང་མཛེས་དཔྱོད་ཀྱི་ནུས་པ་འདོན་སྤྲོད་བྱས་ནས་ཁོ་ཚོའི་འདོད་ཕྱོགས་གསོ་སྐྱོང་བྱས་ཏེ་ཡིད་འགྱུར་ལྡན་ལ་གསོན་ཉམས་དོད་པའི་ཉམས་ཕུན་སུམ་ཚོགས་པ་ཞིག་ཆགས་པར་བྱ་དགོས།

སྐད་ཆའི་སྒྱུ་རྩལ་གྱི་ནུས་པ་དང་ཡིད་འགྱུར་གྱི་ནུས་པ་ཆེ་རུ་བཏང་ནས་སློབ་མའི་ཕྱོགས་བསྡུས་རང་བཞིན་གྱི་རིག་ལམ་མཐོ་རུ་གཏོང་བ།

གནའ་གཏམ་རྣ་བ་ཐོས་ནས་རྣ་བའི་དཔྱིད་དུ་སྨིན་པ།

སྐུལ་འདེད་ཀྱི་རྟགས་མས་བརྩོན་སེམས་ལ་རེ་སྐུལ་བྱེད་པ།