སྤྱི་ལོ་༢༠༢༠ལོའི་ཟླ་༡༢པའི་ཚེས་༡༢ཉིན་ངེད་ཐུན་རིན་གྲོང་ཁྱེར་སྐལ་བཟང་མེ་ཏོག་བྱིས་སྐྱོང་གླིང་དང་གཉན་ཐོག་བྱིས་སྐྱོང་གླིང་། རྐ་གསར་བྱིས་སྐྱོང་གླིང་བཅས་ཀྱིས་དགེ་ལས་ཡོངས་ཀྱི་ཕ་མ་དང་བཟའ་ཟླ་སློབ་གྲྭའི་ནང་བསུས་ཤིང་། དགེ་རྒན་དང་ལས་བྱེད་ཡོངས་ཀྱིས་རང་ཉིད་ཀྱི་ཕ་མ་དང་བཟའ་ཟླར་དྲིན་བཟོའི་ལེགས་སྐྱེས་ཕུལ། གཞས་སྣ་དང་ཞབས་བྲོ་མང་པོ་འཁྲབ་སྟོན་བྱས་ཏེ་གསོལ་སྟོན་སྟབས་བདེ་ཞིག་བྱས།

2020年12月12日同仁市格桑花幼儿园、年都乎中心幼儿园、尕沙日村幼儿园三园联合举办了第一届教职工家属聚会活动。三园全体教职工及职工家属齐聚一堂,共享欢乐时光。

སྤྱི་ཡོངས་ནས་སློབ་གསོ་ལ་ཁྱབ་ཁོངས་ཆེན་པོ་གསུམ་སྟེ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་གསུམ་དུ་བགར་ཡོད་པ་ལྟར། ཕྱོགས་འདི་གསུམ་པོ་ནས་ཡར་རྒྱས་སུ་གཏོང་བའི་ཐབས་ལམ་འཚོལ་སྒྲུབ་དང་ལག་ལེན་འབད་སྒྲུབ། ཕུགས་རྒྱང་རིང་བོ་དང་བཅས་ནས་བསྒྲུབ་དགོས་པའི་བྱ་བ་རླབས་ཆེན་ཞིག་ཡིན་པ་ལྟར། ཞིས་ཅིན་ཕིན་གྱི་དུས་རབས་གསར་བའི་རྩ་དོན་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་རྩ་བ་བྱས་ཏེ་དམངས་ཀྱི་འདོད་བློ་ཚིམ་པ་ཞིག་ཡོང་དགོས་པའི་དམིགས་བསལ་གྱི་ལངས་ཕྱོགས་བརྟན་པོ་དང་བཅས་མདུན་དུ་བསྐྱོད་བཞིན་ཡོད་པ་ལྟར། སློབ་གྲྭ་ཞིག་གི་འཕེལ་རྒྱས་དང་ཕུགས་རྒྱང་རིང་བའི་མ་འོངས་འཆར་གཞིར་ཞིབ་ཚགས་ཀྱིས་བསམ་བློ་བཏང་ཡོང་དུས། སློབ་གྲྭའི་སློབ་གསོས་སློབ་མའི་དུས་ཚོད་ཀྱི་ཆ་ཤས་བླངས་པ་མང་པ་མ་ཟད། འགན་ཁུར་གྱི་ཆ་ཡང་ཤིན་ཏུ་ཆེན་པོ་བླངས་ཡོད་པ་རེད། དེ་བས་སློབ་གྲྭ་ཞིག་ལ་མཚོན་ན་སློབ་གསོ་ཡར་རྒྱས་ཀྱི་སྲོག་གམ་སྙིང་ནི་སློབ་གཙོ་ཡིན་པ་དང་། སློབ་གཙོའི་གོ་སྒྲིག་གཙོར་བྱས་དགེ་རྒན་དག་གི་བསམ་བློ་ཡང་དག་པ་དང་ཕྱོགས་བསྡུས་ཀྱིས་སློབ་གསོའི་འཆར་འགོད་ཇི་ལྟར་ལེགས་པོ་བྱེད་ཐུབ་ན་དེ་ལྟར་ལེགས་པ་མ་ཟད། དགེ་རྒན་དག་ལ་ཆེ་མཐོང་དང་བཅས་བློ་གཅིག་སེམས་གཅིག་གིས་སྐབས་བབ་ཀྱི་བྱ་བར་གཞོལ་ཐུབ་པ་ཡིན་ན། སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་སློབ་གསོ་ཕྱོགས་གཉིས་ཀ་ནས་ཡར་རྒྱས་སུ་འགྲོ་ངེས་པ་ལྟར། ངེད་ཐུན་རིན་གྲོང་ཁྱེར་སྐལ་བཟང་མེ་ཏོག་བྱིས་སྐྱོང་གླིང་དང་གཉན་ཐོག་བྱིས་སྐྱོང་གླིང་། རྐ་གསར་བྱིས་སྐྱོང་གླིང་བཅས་ཀྱིས་སློབ་གྲྭའི་དགེ་ལས་ཡོངས་ཀྱི་ཕ་མ་དང་བཟའ་ཟླ་སློབ་གྲྭའི་ནང་བསུས་ཤིང་། ཁོང་ཚོར་རང་ཉིད་ཀྱི་ཟླ་ཕོགས་ལས་ཉོས་པའི་དྲིན་བཟོའི་ལེགས་སྐྱེས་ཕུལ། སློབ་གཙོ་རླངས་ཚང་བསོད་ནམས་རྡོ་རྗེས་ཕ་མའི་དྲིན་ལན་དང་འབྲེལ་བའི་གཏམ་བཤད་གནང་བ་ལྟར་བུ་ཕྲུག་དང་བཟའ་ཟླ་ཡོངས་ཀྱིས་ཕན་ཚུན་གྱི་ལག་པའི་ནང་ལག་པ་བཞག་སྟེ། དུས་ཡུན་སྐར་ཆ་འགའི་རིང་བསམ་བློ་བཏང་ནས་འདས་དོན་ལ་ཕྱིར་དྲན་དང་དྲིན་བཟོའི་གཏམ་བཤད་ལ་ཉན་པ་བཅས་ལ་བརྟེན་ནས་ཚོགས་ར་ཡོངས་ཡུད་ཙམ་རིང་ཁུ་སིམ་མེར་གྱུར་ཅིང་། མང་པོ་ཞིག་ལ་རང་དབང་མེད་པར་མིག་ཆུ་བཞུར། རིམ་གྱིས་དགེ་རྒན་དང་ལས་བྱེད་དག་གིས་གཞས་དང་ཞབས་བྲོ་འཁྲབ་སྟོན་དང་བཅས། ཕ་མ་དག་ལ་བཞེས་པ་འདེགས་འབུལ་གནང་བ་བཅས་བྱ་འགུལ་གྱ་ནོམ་པ་སྤེལ་བ་རེད།

教育总体上分为三个领域:学校教育、家庭教育、社会教育,这三个方面教育提高的途径是努力实践。我们要把习近平的新时代原则、党的教育方针作为根本,把人民满意的教育呈现出来。

正如,当学校发展和长远的未来计划被仔细考虑时,学校教育才有希望。因此,对于一个学校来说,提高教育质量的核心就是拥有一个优秀的教师团队。以园长为表率,教师队伍的核心竞争力越强,教育质量越有保障。教师在一线辛勤付出,其家属的默默支持也是教学质量的重要保障。重视对教职工的人文关怀,增加其工作的幸福感,有助于学校教育和家庭教育的进步。

为家属聚会活动而准备

ཕ་མ་དག་ལ་སྣེ་ལེན་བྱེད་བཞིན་པའི་ཟུར་ཙམ།

为父母献上纯洁的哈达迎接他们能够百忙之中抽空时间来参加这次幼儿园举办的聚会。

དགེ་རྒན་ཚོའི་ལག་བཟོས་སིལ་ཏོག་གི་སྡེར་ཁ།

ཟ་མ་གྲ་སྒྲིག

ཕ་མའི་དྲིན་ལན་གཞལ་དུ་མེད། ཟས་ཀྱི་མཆོད་པས་མྱོས་པར་ཤོག

学会感恩,为父母做顿饭

ཕ་མ་དག་གིས་བུ་ཕྲུག་གི་ལས་གནས་ལ་གཟིགས་སྐོར།

父母参观校园

此次活动由年都乎中心幼儿园教师仁青卓玛和格桑花幼儿园教师完德卓玛主持。

索南多杰 园长 进行活动致辞。

དགེ་རྒན་བཟང་བོ་ང་ཚོའི་རྒྱན་ཞེས་པའི་བྱ་དགའ་ཐོབ་མཁན་གྱི་དགེ་རྒན་ཚོ།

སློབ་གཙོ་རླངས་ཚང་བསོད་ནམས་རྡོ་རྗེས་ཕ་མའི་དྲིན་ལན་དང་འབྲེལ་བའི་གཏམ་བཤད་གནང་བ།

དགེ་རྒན་ཚོས་ངལ་རྩོལ་གྱིས་ལག་པ་སྲ་ཞིང་མཁྲེགས་པོར་གྱུར་པའི་ཕ་མ་དག་གི་ཕྱག་ལ་འཇུས་ནས་ཁོང་ཚོའི་དཀའ་སྡུག་གི་ལོ་ཟླ་ལ་ཕྱིར་དྲན་དང་བསམ་གཞིགས་བྱས་པས་ཚང་མར་མིག་ཆུ་བཞུར་ནས་བརྩེ་བ་ཕྱིར་ལ་མངོན། ཡུད་ཙམ་རིང་ཚོགས་ར་ཡོངས་ཁུ་སིམ་མེར་གྱུར།

这次三园联合举办的教职工家属聚会活动中一个重要的环节就是每位教职员工都为自己的父母或爱人准备了感恩的礼物,这让整个聚会洋溢着感恩的气氛。园长致辞时,子女和父母都拉着彼此的手,回忆着幸福往事,倾听着感恩的话语,在场所有人在静默中早已泪目。

各位老师 向尊敬的园长送上真挚的心意, 表示感谢!

各位老师为父母准备的精彩表演

亲子游戏有益于家长与孩子之间的感情交流、密切亲子关系。游戏可以给带来快乐感受,在亲子游戏中父母与孩子角色扮演,主动参与,平等参与,促进父母与孩子之间的交流,减少了隔阂,促进了亲子感情发展。

报不完的恩,是父母的恩,还不完的情,是父母的情,谢不了的爱,是父母的爱。表达不了的真诚心,依然是浓浓的父爱母爱情。

随着时间的流逝 我们的聚会 也快要接近尾声了 ,这时全体老师为父母带来了祝福词,最后让我们手拉着手 一起来跳起欢快的锅庄吧!

དུས་ཡུན་ཆུ་ཚོད་གསུམ་ཙམ་རིང་སྤེལ་བའི་བྱ་འགུལ་འདིས་རང་གི་བུ་ཕྲུག་གི་ལས་གནས་གར་ཡོད་མི་ཤེས་པའི་ཕ་མ་མང་པོ་ཞིག་ལ་བློ་བདེ་བག་ཕེབས་ཀྱི་ཚོར་སྣང་སྤྲོད་ཐུབ་ཡོད་པ་དང་། བུ་ཕྲུག་དག་ལ་མཚོན་ན་ཡང་རང་ཉིད་དགེ་རྒན་གྱི་ལས་གནས་སུ་ཡོད་པ་འདི་ནི་མགོ་འཕང་དམའ་མོ་བྱེད་མི་དགོས་པའི་ལས་རིགས་ཤིག་ཡིན་པའི་ངེས་ཤེས་ཡག་པོ་རྙེད་ཡོད་པ་རེད།

这项历时近三个小时的活动,让很多不了解子女工作内容的父母更深刻体会到子女肩上的重任。有了学校的关怀、家人的支持,全体教职工也纷纷表示,他们将更有信心参与教育教学,工作的幸福感也大大提升。

སྤྱིའི་བློ་འདོན་པ། རླངས་ཚང་བསོད་ནམས་རྡོ་རྗེ།

བྱ་འགུལ་སྤྱིའི་གོ་སྒྲིག་པ། འཕགས་མོ་ཐར།

འཁྲབ་སྟོན་གོ་སྒྲིག་པ། མཁའ་མོ་མཚོ། དཔའ་མཚོ།

ལག་བསྟར་རྩོམ་སྒྲིག་པ། དཔའ་མཚོ། ཀླུ་མོ་སྒྲོལ་དཀར།