多彩社团 放飞梦想

美友18772265

坚持以习近平新时代中国特色社会主义思想为指导,全面贯彻落实党的教育方针,以提高学生综合素质为目标,坚持以人为本,全面推进素质教育,为给更多的学生发现自我、展现自我的平台和环境,促进学生德、智、体、美、劳全面发展。根据学校和教导处本学期工作计划,于2020年12月15日下午举行了“参与社团、发展社团”为主题的社团成果展示活动。

首先,我校其格塔校长在校门口迎接学生家长和评委老师,对他们的到来表示热烈的欢迎,并讲解学生全面发展及社团活动开展的重要性,使家长认识当前教育发展的趋势,其次,学校书法、播音、集诵、美术、电子琴、弹唱、足球、篮球、舞蹈等十二个社团依次进行成果展演,此次活动学校师生和学生家长、评委老师等300余人参加,评委老师由尕海镇学区各园校负责人担任。

在校长的带领下评委老师及学生家长依次参观各社团的成果展演,各社团负责人详细地介绍了本社团活动的开展情况及近几年的活动成果,并在辅导老师的安排下有序开展各具特色的活动,为家长和评委老师们展示出本社团最具特色的一面。

通过此次多姿多彩的社团活动成果展示,不但加强了学校与家庭的沟通,更陶冶了情操又发展了特长,最重要的是学生通过参加社团活动找到了自信,收获了成功感。

སྣ་མང་རང་མོས་བྱེད་སྒོ་དར་སྤེལ་གྱིས།།

ཁྱད་ནུས་འདོན་སྤེལ་གོ་སྐབས་གང་ལེགས་བསྒྲུན།།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་དོན་འཁྱོལ་ཡོང་བ་དང་། སློབ་མའི་ཕྱོགས་བསྡུས་ནུས་པ་གོང་མཐོར་ཡོང་བ་དམིགས་འབེན་དུ་བཟུང་ནས་མི་རྩ་བ་འཛིན་ཞིང་། སློབ་མར་རང་གི་ཁྱད་ནུས་འདོན་སྤེལ་གྱི་ཁོར་ཡུག་དང་གར་སྟེགས་ཞིག་བསྐྲུན་སླད། སློབ་སྐབས་འདིའི་སློབ་གྲྭ་དང་སློབ་སྟོན་ཁང་གི་བྱ་བའི་འཆར་གཞི་ལྟར་དུ། ༢༠༢༠ལོའི་ཟླ་༡༢ཚེས་༡༥ཉིན་ངེད་མཚོ་ཉིན་ལྟེ་བའི་སློབ་ཆུང་གིས་༼བྱེད་སྒོར་ཟབ་ཞུགས་བྱེད་པ་དང་རང་མོས་བྱེད་སྒོ་འཕེལ་རྒྱས་སུ་གཏོང་བ་༽ཞེས་པ་བརྗོད་གཞིར་བྱས་པའི་རང་མོས་བྱེད་སྒོའི་གྲུབ་འབྲས་འགྲེམ་སྟོན་གྱི་བྱ་འགུལ་སྤེལ་བ་རེད།

ཐོག་མར་སློབ་གཙོ་ཁྱི་གུ་ཐར་གྱིས་སློབ་མའི་ཁྱིམ་བདག་དང་དཔྱད་འདེམས་དགེ་རྒན་རྣམ་པ་སློབ་རར་བསུས་ཤིང་། སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་དང་རང་མོས་བྱེད་སྒོའི་གལ་ཆེའི་རང་བཞིན་སྐོར་ནས་གཏམ་བཤད་གནངས་ཏེ། སློབ་མའི་ཁྱིམ་བདག་རྣམ་པས་དེང་གིས་སློབ་གསོའི་འཕེལ་ཕྱོགས་ལ་ངོས་ཟིན་གསར་བ་ཞིག་ཐོབ་ཏུ་བཅུག དེར་མཐུད་དེ་སློབ་གྲྭའི་ཡིག་གཟུགས་དང་རྒྱང་སྒྲོག མཉམ་གྱེར། རི་མོ། གློག་རྡུལ་རྣོ་སྦྲེང་། རྡུང་ལེན། རྐང་རྩེད་དང་དྲ་འཕེན་སྤོ་ལོ། ཞབས་བྲོ་སོགས་རང་མོས་བྱེད་སྒོའི་ཚོ་ཆུང་སོ་སོས་རིམ་པ་ལྟར་རང་གི་ཚོ་ཆུང་གི་ཁྱད་ཆོས་དང་བྱེད་སྒོ་སྤེལ་བའི་གནས་ཚུལ། གྲུབ་འབྲས་གང་འདྲ་བླངས་པ་སོགས་ཀྱི་ཕྱོགས་ནས་ངོ་སྤྲོད་མདོར་བསྡུས་བྱས་རྗེས། རང་གི་བྱེད་སྒོའི་གྲུབ་འབྲས་དང་ཁྱད་ཆོས་ལྡན་པའི་ཆ་དེ་་ཁྱིམ་བདག་དང་དཔྱད་འདེམས་པའི་མིག་སྔར་བཀྲམས།

ཐེངས་འདིའི་བྱ་འགུལ་ལ་དགེ་རྒན་དང་སློབ་མ། ཁྱིམ་བདག དཔྱད་འདེམས་དགེ་རྒན་བཅས་མི་༣༠༠ལྷག་ཙམ་ཞུགས་ཤིང་། སློབ་མའི་ཁྱིམ་བདག་རྣམ་པའི་གདེང་འཇོག་དང་དགའ་བསུ་ཆེན་པོ་ཐོབ་བོ།།

社团

社团活动

评委

老师

成果

学生家长

学生

展演

学校

全面