མི་རིགས་ཤིག་གི་བླ་སྲོག་ནི་ཕ་སྐད་ཡིན་ལ།དེ་བས་མེས་པོ་ཚོས་ཕ་སྐད་ལ་བཅངས་པའི་བརྩེ་སེམས་ནི་རྗེ་བློན་དང་རྒྱལ་ཕྲན་བར་དུ་རིན་ཆེན་ནོར་བུ་ལྟར་བྱུང་ཟིན་པའི་ལོ་རྒྱུས་ཀྱི་དཔང་རྟགས་རེ་རེ་ཡོད་པས།དེའི་ཕྱིར་ངེད་སློབ་གྲྭའི་ཡང་སྙན་ངག་གྱེར་འདོན་གྱི་དབྱངས་རྟའི་འགྱུར་ཁུགས་དང་འགྲོགས་ཏེ་དེང་རབས་ཀྱི་སྐྱིད་སྡུག་གི་ཟེགས་མ་རེ་རེའི་ནང་དུ་མ་འོངས་འཆར་གཞི་ལེགས་པོ་ཞིག་དང་འདས་ཟིན་པའི་ལོ་རྒྱུས་བརྗེད་དྲན་ཆེད་དུ་དྭངས་གཙང་གི་བྱ་འགུལ་ལེགས་པོ་ཞིག་ཀྱང་སྤེལ་ཡོད།

འཚོ་བ་ནི་སྙན་ངག་ལས་གྲུབ་ཡོད་པས།སྙན་ངག་ནི་མིའི་བར་གྱི་བརྩེ་སེམས་ལས་བསྙལ་བའི་བདུད་རྩིའི་ནས་ཆང་ཞིག་དང་གཉིས་སུ་མ་མཆིས།དེའང་ང་ཚོ་མི་རེ་རེའི་དྲིན་མ་ལོའི་ཚེ་སྲོག་གསར་བ་ཞིག་གནང་ཡོད།དེའི་ཁྲོད་དུ་མ་འོངས་ཞེས་པའི་གནས་ཤིག་ཏུ་ནམ་ཡང་ཉིན་མཚན་དབྱེར་མེད་དུ་ཐུགས་སེམས་ཀྱིས་བཅངས་བའི་མི་སྣ་ཞིག་དང་ལས་རིགས་ཤིག་ཡོད། རླབས་ཆེན་བའི་མི་སྣ་དེ་ནི་ཡོན་ཏན་གྱིས་་རྒས་ཟིན་པའི་ང་ཚོའི་དགེ་རྒན་རྣམས་པ་ཚོ་ཡིན།གཤམ་དུ་ཆེས་མཐའ་མཇུག་ཏུ་སློབ་ཆུང་གི་འཚོ་བ་ལ་རོལ་བཞིན་པའི་ཨ་ཆེ་དང་གཅེན་པོ་ཚོས་གྲ་སྒྲིག་ཟིན་པའི་སྙན་ངག་གྱེར་འདོན་༼དགེ་རྒན་ལགས།སྐུ་ངལ་ཅིག་གསོ་རོགས།༽ཞེས་པར་བསྟོད་པའི་དགའ་བསུ་ཞུ་རོགས།

རེད་ཡ།ལོ་རིམ་དྲུག་པའི་བརྩེ་སེམས་ལས་གྲུབ་པའི་དབྱངས་རྟ་རེ་རེའི་མཚམས་ནས་དགེ་རྒན་ཚོར་བཀའ་དྲིན་ཞུ་བཞིན་འདུག།དངོས་གནས་སྙན་ངག་གྱེར་འདོན་ཡག་པོ་ཞིག་བྱས་སོང་ལ།ཁོ་ཚོས་གྱེར་འདོན་བྱེད་པ་ལྟར་དགེ་རྒན་ནི་སློབ་ཁང་ཟེར་བའི་དྭངས་གཙང་གི་ཁོར་ཡུག་ཅིག་སྲུངས་ཤིང་།སློབ་མ་ཟེར་བའི་ན་ཆུང་གི་མྱུ་གུ་དག་གཉོར་གྱིན།གོ་ས་ཆེན་པོ་ཞིག་ལ་ཐུགས་སེམས་མ་འཁོར་ལ།རྒྱུ་ནོར་མང་པོ་ཞིག་ལ་ཞེ་རྩ་མ་གནག་པར།སློབ་གསོ་ཟེར་བ་ཞིག་ལ་མི་ཚེ་འཕུལ་ཅིང་།ཀྱེ་དགེ་རྒན་ལགས།ཁྱེད་ཚོའི་མིང་བྱང་ལ་ནག་ནོག་མེད།ཁྱེད་ཚོའི་མིང་བྱང་ལ་མཐོ་དམའ་མེད།ཁྱེད་ཚོའི་མིང་བྱང་གིས་བཟོས་པའི་ལོ་རབས་ཤིག་གི་ངོ་གདོང་།དུས་རབས་ཀྱིས་བརྗེད་མི་སྲིད།ལོ་རྒྱུས་ཀྱིས་ཀྱང་བརྗེད་མི་སྲིད།ཀྱེ་དགེ་རྒན་ལགས།སྐུ་ངལ་ཅིག་གསོ་རོགས།

སློབ་གྲོགས་ཚོ།ནམ་ཡང་དུས་ཚིགས་ཀྱི་འགྱུར་ལྡོག་ཆེན་པོ་དང་ལྷན་ཅིག་ཏུ་ང་ཚོ་ལ་བྱམས་བརྩེའི་སྐྱོང་མཁན་ནི་སུ་ཞིག་ཡིན་ནམ།རེད་ཡ།ཁྱེད་ཚོས་ཟེར་བ་ལྟར་ང་ཚོའི་དྲིན་མ་ལོ་ཡིན།གཤམ་དུ་ལོ་རིམ་དྲུག་པའི་ཨ་ཆེ་ཡེ་ཤེས་དབང་མོ་ཡིས་སྙན་ངག་གྱེར་འདོན༼ཨ་མ།༽ཞེས་པ་ལ་དགའ་བསུ་ཞུ་རོགས།

སླར་ཡང་ཨ་ཆེ་ཡེ་ཤེས་དབང་མོ་ལ་བསྟོད་པའི་དགའ་བསུ་ཞུ་རོགས།ད་ལྟ་ང་ཚོའི་ལུས་སེམས་གཉིས་ཀ་ལ་དྲོད་ཁོལ་དང་བྱམས་སྐྱོང་གིས་བསྙལ་བའི་མ་ཡུམ་སློབ་གྲྭའི་ནང་དུ་བསྡད་ཀྱང་རང་གི་དྲིན་མ་ལོ་ལན་གཅིག་ཡིད་ལ་ཝ་ལེར་འཆར་སོང་།ད་ནས་བཟུང་ང་ཚོའི་དྲིན་མ་ལོ་ཡིས་བསླབ་བྱ་ལ་ཉན་བཞིན་བུ་རྒྱུད་བཟང་པོ་ཞིག་ལ་བརྩོན་ལེན་བྱེད་དགོས།

གུས་ཤིང་བརྩེ་བའི་དགེ་རྒན་དང་མཛའ་ཞིང་བརྩེ་བའི་སློབ་གྲོགས་ཚོ། ང་ཚོའི་མི་རིགས་ནི་ཅི་ལྟར་བུ་ཞིག་ཡིན་ནམ།ཡང་ན་ང་ཚོའི་ཕ་ཡུལ་གྱི་མཚན་ལ་ཅི་ཞིག་ཟེར་རམ།གལ་སྲིད་ཁྱེད་ཚོའི་བློ་གཅིག་སེམས་གཅིག་གིས་དྲི་བ་འདི་དང་འགྲོགས་ནས་གཤམ་དུ་ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོའི་སློབ་གྲོགས་ཀུན་གྱིས་གྲ་སྒྲིག་ཟིན་པའི་སྙན་ངག་གྱེར་འདོན་༼མ་ཡུམ་ལགས། གངས་ལྗོངས་།༽ཞེས་པར་དགའ་བསུ་ཞུ་བ་དང་ཆབས་ཅིག་ཏུ་དྲི་བའི་ལན་ཡང་འཚོལ་ཐུབ་ལ་རྟོགས་ཀྱང་སྲིད།

ངའི་སེམས་རུམ་ན་ལྷབ་ལྷུབ་ཏུ་འབར་བཞིན་པའི་མེ་ལྕེ་ཇི་བཞིན་གསོན་པའི་དགེ་སློབ་ཚོ། སྔར་གྱི་དྲི་བ་ལ་འོས་འཚམ་པའི་ལན་ཞིག་རག་སོང་ངམ།རེད་ཡ།ང་ཚོ་ནི་ཧི་མ་ལ་ཡིས་མཐར་སྐོར་ཞིང་ནང་བཅུད་ཀྱི་སེམས་ཅན་ལས་གང་པའི་ཆོས་དད་ཅན་གྱི་བོད་མི་རིགས་ཞེས་པ་དེ་ཡིན་ལ།དེ་བས་ང་ཚོའི་ཕ་ཡུལ་གྱི་མཚན་ལ་གངས་ལྗོངས་ཟེར།

ང་ཚོ་དགེ་སློབ་རེ་རེའི་ལྟེ་ཁྲག་འཕོས་ས་དང་ཚེ་སྲོག་གི་གླུ་སྐད་ཐོག་མར་འབུལ་སའི་གནས་མཆོག་ནི་རང་གི་ཕ་ཡུལ་ཡིན།རེད་ཡ།ཕ་ཡུལ་འདི་དེང་རབས་ཀྱི་གོམ་སྟབས་དང་འགྲོགས་མཐུན་པ་ནི་སུ་ཡིས་བཀའ་དྲིན་ཡིན།སློབ་གྲོགས་རེ་རེ་ལ་འཚམ་པའི་ལན་རེ་ཡོད་སྲིད།དཔེར་ན་ཕ་མ་དང་དགེ་རྒན།དགོན་པ།ཁྲོམ་ར།སྨན་ཁང་།གང་མང་མང་ཞིག་གིས་དྲི་བ་འདི་ཁ་སྐོང་བྱེད་སྲིད།རེད་དེ།ངའི་བསམ་ན་ང་ཚོའི་ཕ་ཡུལ་གྱི་དྲན་འོས་ཤིང་བརྗེད་དཀའ་བའི་བཀའ་དྲིན་ཅན་གྱི་རླབས་ཆེན་བའི་མི་ནི་རྒྱལ་བསྟན་བློ་བཟང་བྱམས་པ་མཆོག་ཡིན།གཤམ་དུ་ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོའི་གཅེན་པོ་ཟླ་བ་གྲགས་པ་ཡིས་གྲ་སྒྲིག་ཟིན་པའི་སྙན་ངག་གྱེར་འདོན་༼རྒྱལ་བསྟན་བླ་མའི་བཀའ་དྲིན།༽ཞེས་པར་བསྟོད་པའི་དགའ་བསུ་ཞུ་རོགས།

ཀྱེ་སྐྱེས་མཆོག་གི་རྒྱལ་བསྟན་བློ་བཟང་བྱམས་པ་ལགས།ཁྱེད་ཡོད་པས་ང་ཚོའི་ཕ་ཡུལ་ནི་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་བཞིན་འདུག ཁྱེད་ཡོད་པས་ང་ཚོའི་ཕ་ཡུལ་ལ་ཤེས་རིག་གི་གཟི་འོད་འཕྲོས་བཞིན་ཡ་རབས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཀྱང་བསྐྲུན་བཞིན་མཆིས།ཁྱེད་ཡོད་པས་ང་ཚོའི་ཕ་ཡུལ་ན་ཤེས་བྱ་སྣ་ཚོགས་ཀྱི་གཞིས་ཁྱིམ་བཟང་པོ་ཞིག་ན་མི་རབས་ནས་མི་རབས་སྐྱོང་སའི་གནས་མཆོག་ཅིག་ཀྱང་འདུས།ཁྱེད་ཉིད་ནི་བྱིས་པ་ཚོའི་ཀ་མད་ཀྱི་དབྱངས་རྟ་འཁྲིད་མཁན་གྱི་སློབ་དཔོན་བཟང་པོ་དེ་ཡིན།ཁྱེད་ཉིད་ནི་གཞོན་པ་ཚོ་ལ་དྲང་བདེན་གྱི་དར་ལྕོག་སྒྲེང་མཁན་གྱི་མཛུབ་སྟོན་གནང་མཁན་སྐྱེས་མཆོག་དེ་ཡིན།ཁྱེད་ཉིད་ནི་རྒས་པ་ཚོ་ལ་མཐུན་ལམ་གྱི་ལག་རྡང་སྦྲེལ་བའི་མཛུབ་ཁྲིད་ཀྱི་ཡབ་ཆེན་འགོ་མ་དེའང་ཡིན།གང་ལྟར་ཁྱེད་ཉིད་ནི་ཕ་ཡུལ་གྱི་མགོན་སྐྱབས་ཡིན་ལ།དེ་བས་ང་ཚོའི་ཕ་ཡུལ་དད་ལྡན་མང་ཚོགས་རྣམས་ཀྱིས་མགོན་སྐྱབས་ཀྱང་ཁྱེད་ཉིད་ཡིན་ནོ།།

སྔར་ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོའི་གྱེར་འདོན་ཟིན་པའི་མ་ཡུམ་ལགས།གངས་ལྗོངས།གཤམ་དུ་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པས་གྲ་སྒྲིག་ཟིན་པའི་སྙན་ངག་གྱེར་འདོན་༼མ་ཡུམ་ལགས།གངས་ལྗོངས།༽ཞེས་པ་ལ་དགའ་བསུ་ཞུ་རོགས། ང་ཚོ་ལྷན་ཅིག་ཏུ་ཁོ་ཚོས་གངས་ལྗོངས་ལ་བཅངས་བའི་བརྩེ་སེམས་ཇི་ལྟར་ཡིན་པ་འཚོལ་དུ་འགྲོ

སློབ་གྲོགས་ཚོ།ང་ཚོ་ནི་ཧི་མ་ལ་ཡི་མཐར་སྐོར་ཞིང་ནང་བཅུད་ཀྱི་སེམས་ཅན་ལས་གང་པའི་ཆོས་དད་ཅན་གྱི་བོད་མི་རིགས་ཞེས་པ་དེ་ཡིན་ལ།དེ་བས་ང་ཚོའི་ཕ་ཡུལ་གྱི་མཚན་ལ་གངས་ལྗོངས་ཟེར། སྔར་བཞིན་སེམས་རུམ་ན་ཇེ་ཟབ་ཏུ་འགྱུར་ཚར་རམ།ངའི་སྙིང་ཉེ་བའི་སློབ་གྲོགས་ཚོ།མ་ཡུམ་གྱི་གངས་ལྗོངས་ནི་ང་ཚོ་མི་རེ་རེའི་སེམས་སུ་བྱིས་དུས་ཀྱི་དགོད་སྒྲ་དང་གཞོན་དུས་ཀྱི་ལང་ཚོ་འབུལ་ས།རྒས་དུས་ཀྱི་དུར་ཁྲོད་ཡིན།དེའི་ཕྱིར་ནམ་ཡང་མ་ཡུམ་གངས་ལྗོངས་ལ་ཕན་སྒྲུབ་ཀྱི་འཇོན་ནུས་མེད་ཀྱང་གནོད་སྐྱོན་གྱི་རྗེས་རབས་པ་བླུན་པོ་ཞིག་ཏུ་འགྱུར་མི་རུང་།

རང་གི་ཕ་སྐད་བརྗེད་མི་རུང་ཞེས་བསླབ་བྱ་གནང་མཁན་སུ་ཞིག་ཡིན་ནམ།ཁྱེད་ཚོས་རྟོགས་སམ་མམ།གཤམ་དུ་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པའི་ཨ་ཆེ་བསོད་ནམས་མཁའ་འགྲོ་ཡིས་གྲ་སྒྲིག་ཟིན་པའི་སྙན་ངག་གྱེར་འདོན་༼པཎ་ཆེན་རིན་པོ་ཆེ་མཆོག་ལ་རྗེས་དྲན་ཞུ།༽ཞེས་པ་ལ་བསྟོད་པའི་དགའ་བསུ་ཞུ་རོགས།

སློབ་གྲོགས་ཚོ།ང་ཚོ་ནི་ཧི་མ་ལ་ཡི་མཐར་སྐོར་ཞིང་ནང་བཅུད་ཀྱི་སེམས་ཅན་ལས་གང་པའི་ཆོས་དད་ཅན་གྱི་བོད་མི་རིགས་ཞེས་པ་དེ་ཡིན་ལ།དེ་བས་ང་ཚོའི་ཕ་ཡུལ་གྱི་མཚན་ལ་གངས་ལྗོངས་ཟེར། སྔར་བཞིན་སེམས་རུམ་ན་ཇེ་ཟབ་ཏུ་འགྱུར་ཚར་རམ།ངའི་སྙིང་ཉེ་བའི་སློབ་གྲོགས་ཚོ།མ་ཡུམ་གྱི་གངས་ལྗོངས་ནི་ང་ཚོ་མི་རེ་རེའི་སེམས་སུ་བྱིས་དུས་ཀྱི་དགོད་སྒྲ་དང་གཞོན་དུས་ཀྱི་ལང་ཚོ་འབུལ་ས།རྒས་དུས་ཀྱི་དུར་ཁྲོད་ཡིན།དེའི་ཕྱིར་ནམ་ཡང་མ་ཡུམ་གངས་ལྗོངས་ལ་ཕན་སྒྲུབ་ཀྱི་འཇོན་ནུས་མེད་ཀྱང་གནོད་སྐྱོན་གྱི་རྗེས་རབས་པ་བླུན་པོ་ཞིག་ཏུ་འགྱུར་མི་རུང་།

རང་གི་ཕ་སྐད་བརྗེད་མི་རུང་ཞེས་བསླབ་བྱ་གནང་མཁན་སུ་ཞིག་ཡིན་ནམ།ཁྱེད་ཚོས་རྟོགས་སམ་མམ།གཤམ་དུ་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པའི་ཨ་ཆེ་བསོད་ནམས་མཁའ་འགྲོ་ཡིས་གྲ་སྒྲིག་ཟིན་པའི་སྙན་ངག་གྱེར་འདོན་༼པཎ་ཆེན་རིན་པོ་ཆེ་མཆོག་ལ་རྗེས་དྲན་ཞུ།༽ཞེས་པ་ལ་བསྟོད་པའི་དགའ་བསུ་ཞུ་རོགས།

ངའི་བསམ་བློའི་བར་ན་ད་ཐེངས་ཀྱི་བྱ་འགུལ་ནི་བཀའ་དྲིན་དང་བསླབ་བྱ་ལས་འཕྲོས་པའི་དྲོ་སྐྱིད་ཀྱི་འོད་སྣང་ཞིག་དང་གཉིས་སུ་མ་མཆིས།ད་ཐེངས་བྱ་འགུལ་ཁྲོད་དུ་བསྟོད་འབྲེལ་ཚུལ་དུ་གཟེངས་བསྟོད་རག་པའི་འཛིན་གྲྭ་དང་མིའི་སྒེར་སོགས་ལ་དགའ་བའི་རྟེན་འབྲེལ་ཞུ།དེའང་གཟེངས་བསྟོད་རག་མེད་པའི་འཛིན་གྲྭ་དང་མིའི་སྒེར་ཚོ།ཡིད་མ་ཕམ་ལ་དཔལ་མ་ཞུམ་ནས་མདུན་དུ་བསྐྱོད།ནམ་ཞིན་ན་རྒྱུ་བཟང་ལ་འབྲས་བཟང་གི་རྟེན་འབྲེལ་ཉིན་མོ་ཞིག་འཆར་སྲིད་པར་ཡིད་ཆེས་བྱོས།རེད་ཡ།ངའི་སྙིང་ན་ལྡིང་བཞིན་པའི་ཨ་ཆེ་དང་གཅེན་པོ་ཚོ།ཁྱེད་ཚོ་མཐར་ཕྱིན་པ་ནི་འཚོ་བ་ཞིག་མཇུག་རྫོགས་པ་ཞིག་མིན་ལ།དེ་བས་ཤེས་རིག་གི་འགྲན་རྩོད་ཅིག་འགོ་ཚུགས་སོང་བ་རེད།ནམ་ཡང་མ་ཡུམ་སློབ་གྲྭའི་བསླབ་བྱ་སེམས་རུམ་ནས་བསྙལ་བཞིན་ཕུལ་བྱུང་གི་སློབ་མ་བཟང་པོ་ཞིག་ཏུ་འགྱུར་བ་སྨོན།