宁秀镇中心幼儿园“学总书记讲话,做时代新人”系列活动之传统民歌比赛

ངེད་བྱིས་སྐྱོང་ཁང་གིས་སློབ་རའི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་བྱིས་པའི་ལུས་སེམས་བདེ་ཐང་།ཐུན་མོང་འདུ་ཤེས་དང་མཛའ་བརྩེ་གཏིང་ཇེ་ཟབ་ཏུ་གཏོང་བ།ཡུལ་སྲོལ་གོམས་གཤིས་དང་དམངས་ཁྲོད་རིག་གནས་ལ་རྒྱུས་ལོན།སྤྲོ་སྐྱིད་དང་འགྲན་རྩོད་ཀྱི་སློབ་རའི་རིག་གནས་ཤིག་འཛུགས་སྐྲུན་བྱེད་པ།ལྷག་པར་དུ་མི་རིགས་རང་གི་རུས་རྐང་ལ་ཐིམ་པའི་དམངས་ཁྲོད་སྲོལ་རྒྱུན་ནམ་བོད་གངས་ཅན་གླུ་གར་གྱི་ཤེས་བྱ་རྒྱ་མཚོ་ལྟ་བུ་ལས།འཛིན་གྲྭ་ཡོངས་ཀྱི་སྲོལ་རྒྱུན་དམངས་གླུ་མཉམ་ལེན་གྱི་འགྲན་སྡུར་འདི་སྤེལ་བ་ཡིན།

དེ་རིང་ང་ཚོས། འཛམ་གླིང་གོ་ལ་ཟླུམ་པོའི་དབུ་རྩེ་ཞིག་ནས།སྣང་བྱེད་ཉི་མ་ཟླ་བའི་གཟི་བྱིན་བསྣམས་ནས།གངས་ལྷ་མེ་ཏོག་གི་འཆོར་སྒེག་ངོམ་བཞིན།གངས་སེང་གཞོན་ནུའི་གད་རྒྱངས་འཐེན།

🎵སེར་པོ་གསེར་གྱི་ཁྲི་ཐོག་ན།

🎵མགོ་གསེར་ཞྭ་ཅན་གྱི་བླ་མ་བཞུགས།

🎧གན་ཡང་ཡང་བཞུགས་པར་སྨོན་ལམ་འདེམས།

🎧དཀར་པོ་དངུལ་གྱི་གདན་ཐོག་ན།

🎺གཏམ་ཁ་ལྕེ་ཅན་གྱི་དཔོན་པོ་བཞུགས།

🎺གན་ཡང་ཡང་བཞུགས་པར་སྨོན་ལམ་འདེབས།

🎸རྒྱུགས་གོམ་པ་ཅན་གྱི་རྟ་ཐོག་ན།

🎼ལུས་ཕོ་རྩལ་འཛོམས་པའི་སྟག་ཤར་བཞུགས།

🎤གན་ཡང་ཡང་བཞུགས་པར་སྨོན་ལམ་འདེབས།

དེ་རིང་ང་ཚོས། རྟེན་འབྲེལ་ཉི་རྩེ་དང་པོ་ཐོད་ལ་བཟུང་ནས། བོད་ལྭ་བཀྲ་ཤིས་གཡང་འཁྱིལ་ལུས་ལ་གོན་ནས། ཕ་ཨ་ཁུའི་རིང་གི་གླུ་བླངས་ནས། བུ་ཚ་བོའི་བདེ་སྐྱིད་གཡང་དུ་བོས།།

🎵ཡག་པོ་ཡག་པོ་རྫ་ལུང་ཡག།

🎼རྫ་ལུང་ཝ་མོའི་གྲལ་ཁ་ཡག།

🎸ཡག་པོ་ཡག་པོ་སྤང་དཀར་ཡག།

🎧སྤང་དཀར་ལུ་གུའི་ཚར་ཁ་ཡག།

🎺ཡག་པོ་ཡག་པོ་དེ་རིང་ཡག།

🎤དེ་རིང་ཁྲོམ་པ་རྩེ་སྲོལ་ཡག།

ང་བོད་ཕྲུག་གངས་རིའི་བདག་པོ་ཡིན།།

གླུ་སྲོལ་རྒྱུན་རིག་པའི་བང་མཛོད་ཡིན།།

ང་བོད་ཕྲུག་བྱིས་པས་བོད་གླུ་ལེན།།

བོད་ཁ་བའི་སྲོལ་རྒྱུན་དམངས་གླུ་ལེན།།

དྭངས་གཙང་བྱིས་བློའི་མེ་ཏོག་མཁའ་རུ་གཏོར་ཞིང་ལྷད་མེད་རིག་པའི་རྩེད་འཇོར་གར་དུ་རྩེན་པའི་ཡིད་འོང་གཅེས་ཕྲུག་ཚོས་དྲུག་འགྱུར་ངག་གི་འཛུམ་ཆུང་ངོམ་བཞིན་པ།

དེ་རིང་། ང་ཚོས་དགུང་ཉི་མ་དང་ཐག་ཉེ་བའི་ཡུལ་གྲུ་འདི་ནས། ཆེས་དག་གཙང་གི་ཕ་ཁྱིམ་དྲོན་མོ་འདིའི་པང་ཁུག་ནས། ཕ་ཨ་ཁུའི་རིང་གི་གོས་གོན་ནས། བོད་ཁ་བའི་སྲོལ་རྒྱུན་ངག་ལ་ཁྱེར་ནས། སྐད་སྙན་མོ་གླུ་ཡིས་གནམ་འཕང་བཅད།

🎤སྟོད་གན་ན་ཤྭ་བོ་གཉིས་འགྲོ་ཞིག

🎤རྭ་རིང་་ཐུང་མེད་ལ་ཡག་རེ་ལྟོས།

🎵བར་གན་ན་ཝ་མོ་གཉིས་འགྲོ་ཞིག

🎵གྲལ་སྲབ་མཐུག་མེད་ལ་ཡག་རེ་ལྟོས།

🎸ཁྱིམ་འདི་ན་གླུ་བ་གཉིས་འགྲོ་ཞིག

🎸སྐད་སྦོམ་ཕྲ་མེད་ལ་ཡག་རེ་ལྟོས།

སློབ་ར་ཆུང་ཆུང་བྱིས་པའི་ལྡུམ་ར་རེད།།

བྱིས་པ་ཆུང་ཆུང་ལྡུམ་རའི་མེ་ཏོག་ཡིན།།

གར་སྟེགས་གྲུ་བཞི་བྱིས་པའི་རྩེད་ར་རེད།།

བྱིས་པ་ཆུང་ཆུང་རྩེད་རའི་བདག་པོ་རེད།།

རྒན་དམ་པའི་སྐད་ངག་ཁུ་བྱུག་འདྲ།།

ཆུང་བྱིས་པའི་གླུ་སྐད་འཇོལ་མོ་འདྲ།།

དགུན་བཅུ་བའི་ཁུ་བྱུག་འཇོལ་མོ་འདི།།

བོད་ཁ་བའི་བུ་རབས་ཚ་རྒྱུད་ཡིན།།

འགྲན་སྡུར་ནི་སྤོབས་པ་དང་ཡར་རྒྱས་ཡིན་ལ། འགྲན་སྡུར་ནི་གྲུབ་འབྲས་དང་ཉམས་མྱོང་ཡིན། ཐེངས་འདིའི་འགྲན་སྡུར་ལ་འཛིན་གྲྭ་ཡོངས་ལས་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་རིམ་པ་གསུམ་བཀར་ནས་ཐུན་མོང་བྱ་བའི་མཉམ་ཞུགས་ལ་གཟེངས་བསྟོད་དང་སྐུལ་འདེད་བྱས།

རྒྱལ་ཁ་དང་འཛུམ་མདངས་ཀྱི་ཁྲོད་ནས། རེ་བ་དང་སྨོན་འདུན་གྱི་ཀློང་ནས། ཐེངས་འདིའི་ངེད་བྱིས་སྐྱོང་གླིང་གི་སྲོལ་རྒྱུན་དམངས་གླུའི་འགྲན་སྡུར་གྱི་རིག་རྩལ་བྱ་འགུལ་ལ་རེ་ཞིག་རྫོགས་ཚིག་བཀོད་དོ།