吉尕小学第二届“藏语素养、绿色课堂”母语词汇比赛

吉尕生态

ཕ་སྐད་རྒྱུན་ཤེས་མིང་བརྡའི་གསོག་འཇོག་འགྲན་བསྡུར།

བོད་རིགས་ཨ་མ་ལས་བཙས་ཞིང་།།

མར་དང་རྩམ་པ་ལ་སྤྱོད་བཞིན།།

བོད་ཡིག་མཁོ་མེད་དུ་སྨྲ་བ།།

དུད་འགྲོ་གླང་ཕྲུག་ལ་འཕྱའོ།། ཞེས་པ་ལྟར་ཕ་སྐད་ནི་སྲོག་ཡིན་ལ་གཞན་སྐད་ནི་རྒྱན་ཡིན། གསར་སྐྱེས་ཀྱི་བྱིས་པ་ཡི་སེམས་ཁམས་དེ་ནི་ནག་ནོག་གི་དྲི་མ་མེད་པའི་དྭངས་གཙང་གི་ཤོག་ལེབ་ཞིག་དང་འདྲ་སྟེ། དེའི་སྟེང་དུ་གངས་དཀར་རི་བོའི་མཛེས་ལྗོངས་དང་རྒྱ་གྲོང་རྒྱན་རིས་པ་ཏྲ་འབྲི་རྒྱུ་དགེ་རྒན་དང་ཕ་མ་ལ་རགས་ལས་ཡོད། ད་ལྟའི་སྤྱི་ཚོགས་འདིའི་ནང་ནས་ཁོག་ཡུག་གང་འདྲ་ཞིག་གི་ཁྲོད་དུ་ཡིན་ཡང་རང་རེའི་ཕ་སྐད་ནི་ཇེ་ཉམས་སུ་འགྲོ་བཞིན་པ་དང་། ཐ་ན་ས་གནས་ཀྱི་སློབ་རའི་ནང་གི་སློབ་མ་རྣམས་ཀྱིས་རྩོམ་ཡིག་དང་ཉིན་ཐོ། ཚིག་སྒྲིག་འབྲི་བ་སོགས་དང་། རྒྱུན་དུ་སློབ་གྲོགས་ཕན་ཚུན་བར་གྱི་ཁ་བརྡ་ཡང་སྦྲགས་སྐད་ཀྱིས་ཁེངས་ཞིང་ཕ་སྐད་ནི་རླུང་ཁྲོད་ཀྱི་མར་མེ་བཞིན་ཇེ་ཉམས་ཇེ་རྒུད་དུ་འགྲོ་བཞིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད།

དེ་བས་ངེད་བོད་ཡིག་ཁྲིད་དཔྱོད་སྡེ་ཁག་གིས་ཐེངས་གཉིས་པའི་ཕ་སྐད་གཙང་མའི་མིང་བརྡའི་གསོག་འཇོག་གི་འགྲིན་བསྡུར་འདི་སྤེལ་རྒྱུ་ཡིན་པས། བྱ་འགུལ་འདིའི་གོ་རིམ་ནི་གཤམ་གསལ་ལྟར།

༡ རྩ་འཛུགས་ཡོད་པའི་སྒོ་ནས་བོད་ཡིག་དགེ་རྒན་གཙོར་བྱས་པའི་འཛིན་གྲྭ་སོ་སོའི་འཛིན་བདག་གིས་འགན་ཁུར་བྱས་ནས་བྱ་འགུལ་འདི་སྤེལ་རྒྱུ།

༢ འགྲན་ཞུགས་མི་སྣ་གཏན་ཁེལ་ཡོད་ནའང་འཛིན་གྲྭའི་སློབ་མ་ཡོངས་ཀྱིས་འགྲན་བསྡུར་ནང་དོན་ཤེས་དགོས།

༣ འཛིན་གྲྭ་རེ་ནས་འགྲན་ཞུགས་སློབ་མ་དྲུག་དགོས་ལ་འགྲན་ཞུགས་རྗེས་སློབ་མ་རེར་ངེས་ལན་དྲི་བ་གསུམ་དང་མྱུར་ལན་དྲི་བ་རེ་རེ་ལན་འདེབས་པའི་གོ་སྐབས་ཡོད།

༤ ངེས་ལན་དྲི་བ་རེར་སྐར་མ་བཅུ་རེ་ཡོད། བསྡོམས་པས་སློབ་མ་རེར་སྐར་༣༠ཡོད། མྱུར་ལན་ཡང་དྲི་བ་རེར་སྐར་བཅུ་རེ་ཡོད་ལ་ལན་ནོར་སོང་བ་དང་མ་ཤེས་ན་སྐར་བཅུ་རེ་འཕྲི་རྒྱུའོ།།

༥ འགྲན་བསྡུར་བྱེད་སྟངས་འཛིན་གྲྭ་ཆེ་འབྲིང་ཆུང་གསུམ་དབྱེ་ནས་བྱ་འགུལ་སྤེལ་བ་ཡིན།

༦བྱ་དགའ་སྤྲོད་པ།

༧སློབ་གཙོས་ཐེངས་འདིའི་འགྲན་སྡུར་སྤྱི་སྡོམས་ཀྱི་གསུང་བཤད་གནང་བ།

ས་གནས། ༼ སྐས་རིམ་སློབ་ཁང་།༽

དུས་ཚོད། ༼ ཟླ་བ་བཅུ་གཅིག་ཚེ་བཅོ་བརྒྱད་ཉིན།༽

པར་ལེན།༼ ཚེ་བཀྲ་ཤིས་དགེ་རྒན། ནོར་བུ་དྲི་མེད་དགེ་རྒན།༽

སྒྲ་སྒམ། ༼ ཕུན་ཚོགས་རྡོ་རྗེ་དགེ་རྒན།༽

དཔྱད་འདེམས་དགེ་རྒན། ༼ དགེ་རྒན་བཀྲ་ཤིས་རབ་བརྟན། དགེ་རྒན་རྣམ་བཀྲ། དགེ་རྒན་དོན་བཀྲ། དགེ་རྒན་དཔལ་ལྡན་ཕུན་ཚོགས། དགེ་རྒན་ངག་དབང་རབ་རྒྱས། ༽

བྱ་འགུལ་འགྲན་བསྡུར་གྱི་ཡུལ་དངོས།

ངེས་ལེན་སྒམ་ཆུང་དང་མྱུར་ལེན་སྒམ་ཆུང་ནང་ནས་དྲི་བ་ཁུར་ནས་ལེན་འདེབས་སློབ་མའི་ཉམས་འགྱུར།

ངེས་ལེན་སྒམ་ཆུང་དང་མྱུར་ལེན་སྒམ་ཆུང་ནང་ནས་དྲི་བ་ཁུར་ནས་ལེན་འདེབས་སློབ་མའི་ཉམས་འགྱུར།

བྱ་འགུལ་འགྲན་བསྡུར་གྱི་ཡུལ་དངོས།

འཛིན་གྲྭ་ཆེ་བའི་བྱ་དགའ་ཐོབ་མཁན་ཨང་དང་པོ། ལོ་རིམ་དྲུག་པའི་འཛིན་གྲྭ་གཉིས་པ།

སློབ་མའི་དྲི་བ་ལ་ནན་ཏན་གྱིས་ཉོན་པ།

སྐར་གྲངས་འགོད་མཁན་གྱིས་ནན་ཏན་གྱི་རྣམ་པ།

དགེ་རྒན་ངག་དབང་རབ་རྒྱས་ལགས་ཀྱིས་ཐེངས་འདིའི་བྱ་འགུལ་སྟེང་ཞུགས་པའི་སློབ་བུ་རྣམས་ལ་སྐུལ་མ་དང་མུ་མཐུད་བྱ་འགུལ་སྤེལ་དགོས་པའི་གསུང་གནང་བཞིན་པ།

སློབ་གཙོ་གཞོན་པ་དགེ་རྒན་དཔལ་ལྡན་ཕུན་ཚོགས་ལགས་ཀྱིས་བྱ་འགུལ་གྱི་རིན་ཐང་ལྟ་བ་ལ་གསུང་གནང་བ།

འཛིན་གྲྭ་ཆེ་བའི་བྱ་དགའ་ཐོབ་མཁན་ཨང་གཉིས་པ། ལོ་རིམ་ལྔ་བའི་འཛིན་གྲྭ་གསུམ་པ།

འགྲན་ཞུགས་སློབ་མའི་ཉམས་འགྱུར།

སྐད་ཡིག་ལ་བརྩོན་སེམས་འཛིན་པའི་རེ་བའི་ཉི་གཞོན།

འཛིན་གྲྭ་ཆུང་བའི་རུ་ཁག་ནས་བྱ་དགའ་ཐོབ་མཁན་ཨང་དང་པོ། ལོ་རིམ་གཉིས་པ་འཛིན་གྲྭ་གཉིས་པ།

འཛིན་གྲྭ་ཆུང་བའི་རུ་ཁག་ནས་བྱ་དགའ་ཐོབ་མཁན་ཨང་གཉིས་པ། ལོ་རིམ་གཉིས་པ་འཛིན་གྲྭ་གསུམ་པ།

འཛིན་གྲྭ་འབྲིང་བའི་རུ་ཁག་ནས་ཨང་དང་པོའི་བྱ་དགའ་ཐོབ་མཁན།

ལོ་རིམ་བཞི་བ་འཛིན་གྲྭ་གསུམ་པ།

འཛིན་གྲྭ་འབྲིང་བའི་རུ་ཁག་ནས་ཨང་དང་པོའི་བྱ་དགའ་ཐོབ་མཁན།

ལོ་རིམ་བཞི་བ་འཛིན་གྲྭ་གཉིས་པ།

འཛིན་གྲྭ་འབྲིང་བའི་རུ་ཁག་ནས་ཨང་གཉིས་པའི་བྱ་དགའ་ཐོབ་མཁན།

ལོ་རིམ་བཞི་བ་འཛིན་གྲྭ་དང་པོ།

བོད་ཡིག་ཁྲིད་དཔྱོད་སྡེ་ཁག་གི་འགན་ཁུར་བས་ཕ་སྐད་གཙང་མའི་འགྲན་བསྡུར་དགོས་པའི་གཏམ་བཤད།

ཐེངས་འདིའི་བྱ་འགུལ་ལ་བོད་ཡིག་དགེ་རྒན་ཚང་མས་མཐུན་སྒྲིལ་གྱི་ངང་ནས་རང་སོ་སོར་གྱི་འོས་འགན་ཕྲག་ཏུ་ཁུར་ནས་དཀའ་སྤྱད་སྡུག་རུས་གྱིས་ཉིན་གསུམ་གྱི་རིང་ཉིན་གོང་ངལ་གསོ་མ་བྱས། བྱ་འགུལ་འདིར་གཙོ་ཆེན་འཛིན་ནས་དུས་ལྟར་ཕེབས་གཟིགས་མཛད་པ་ལ་བཀའ་དྲིན་ཞུ།

མཐར་སྐད་ཡིག་བསླབ་ཚན་ཚད་གཞིའི་ནང་དོན་གལ་ཆེན་འཛིན་ནས་བྱ་འགུལ་སྤེལ་བ་འདིས་བོད་རང་གི་སྐད་ཡིག་འདི་སྔར་ལས་དར་རྒྱས་འགྲོ་བ་དང་རྒྱུན་དུ་སློབ་བུ་རྣམས་ཀྱིས་ཚིག་སྒྲིག་དང་ཉིན་ཐོ་འབྲི་སྐབས་ཕན་འབྲས་མངོན་གསལ་དོད་པོ་ཡོང་བའི་ཆེད་དགེ་རྒན་རྣམས་ཀྱིས་རྒྱུན་འཁྱོངས་རག་ལས་ཡོད།

བོད་ཡིག་ཁྲིད་དཔྱོད་སྡེ་ཁག་ནས་སྤེལ།

༢༠༢༠ལོའི་ཟླ་༡༡ཚེས་༢༣ཉིན།

དགེ་རྒན་ཕུན་ཚོགས་རྡོ་རྗེ་ལགས་ཀྱིས་བྱ་འགུལ་འདི་ལ་འབུལ་བའི་གླུ་དབྱངས་སྙན་མོས་རྣ་བའི་བུ་རུམ་གྱུར།

母语

素养

课堂

藏语

词汇

第二届

小学

比赛

绿色