取长补短、共同进步——珍秦镇中心幼儿园观摩动态

念经的声音

རྫོང་ཡོངས་ཀྱི་སློབ་སྔོན་སློབ་གསོའི་ལས་དོན་གོང་འཕེལ་ཡོང་ཆེད་ཕན་ཚུན་ལས་དོན་སྤེལ་རེས་དང་འབྲེལ་གཏུག་བྱེད་ཚད་མཐོ་རུ་བཏང་ནས་རྫོང་ཡོངས་ཀྱི་སློབ་སྔོན་སློབ་གསོའི་ཚོགས་པའི་དབར་ཐོན་ཁུངས་མཉམ་སྤྱོད་དང་ཐུན་མོང་ཐོག་མཐོ་རུ་གཏོང་བའི་དམིགས་ཡུལ་འགྲུབ་པ་བྱ་ཆེད།རྫོང་སློབ་གསོ་ཅུས་ཀྱི་འགོ་གཙོ་དང་བཅས་པ་རྫོང་ཡོངས་ཀྱི་བྱིས་སྐྱོང་གླིང་གི་གླིང་གཙོ་རྣམས་དེ་བཞིན་གླིང་སོ་སོའི་རྐང་འཛིན་དགེ་རྒན་སོགས་མི་མང་པོ་ཞིག་ངེད་གླིང་དུ་སློབ་ཞུགས་གོང་གི་སློབ་གསོའི་ས་གནས་ཏུ་ལྟ་སྦྱོང་དང་ལྟ་སྐོར་མཛུབ་ཁྲིད་གནང་བར་ཕེབས་པ་དང་ང་ཚོའི་གླིང་ཡོངས་ཀྱི་དགེ་སློབ་ཚོས་སྤྲོ་སེམས་འཁོལ་བའི་ངང་ལྟ་སྦྱོང་བྱེད་པར་ཡོང་མཁན་འགོ་ཁྲིད་དང་དེ་བཞིན་དགེ་རྒན་ཚོར་སྣེ་ལེན་ཞུས་པ་རེད།བྱིས་སྐྱོང་གླིང་དུ་ཕེབས་རྗེས་རང་རེའུ་བྱིས་སྐྱོང་གླིང་གི་འགོ་འཛིན་དང་འབྲིང་རིམ་འགོ་ཁྲིད་ཀྱིས་སྣེ་ཁྲིད་འོག་བྱིས་སྐྱོང་གླིང་གི་སློབ་ཁང་ཁག་དང་བྱ་འགུལ་ས་ཁོངས་ཁག་ཏུ་ངོ་སྤྲོད་བྱེད་པར་བསྐྱོད་པ་ཡིན།ལྟ་སྐོར་མི་སྣ་ཁག་སོ་སོར་འཛིན་གྲྭ་དང་བྱེད་སྒོའི་ས་ཁོངས་ཁག་ཏུ་བསྐྱོད་དེ་འཛིན་གྲྭའི་ཁྱད་ལྡན་གུས་ལུགས་འགྲེམས་སྟོན་དང་དེ་བཞིན་འཛིན་གྲྭའི་ཁོར་ཡུག་གསར་གཏོད་དང་ཕྱི་རོལ་གྱི་བྱེད་སྒོའི་ས་ཁོངས་དང་བྱིས་པའི་ཁུལ་ཟུར་གྱི་བྱེད་སྒོར་ལྟ་སྐོར་བྱས་པ་དང་ཆབས་ཅིག འགོ་ཁྲིད་སོ་སོ་དང་ལྟ་སྐོར་དགེ་རྒན་རྣམས་ཀྱིས་ངེད་གླིང་གི་དམངས་སྲོལ་རིག་གནས་སྤེལ་བ་ཚུལ་དང་གྱང་ངོས་ཀྱི་བརྗོད་བྱ་གཙོ་བོའི་ཇུས་འགོད། རྒྱུན་ལྡན་གྱི་བྱ་བ། ཁང་བའི་ཕྱི་ནང་གི་ཁོར་ཡུག་གསར་འཛུགས། ཁུལ་ཟུར་གྱི་བྱ་འགུལ། བྱིས་པའི་རོལ་རྩེད། ཁྱད་ཆོས་ལྡན་པའི་བྱ་འགུལ་བཅས་དང་དེ་བཞིན་བྱ་བ་གཞན་དག་ཁག་ལ་ཁས་ལེན་དང་གདེང་འཇོག་མཐོན་པོ་བྱས་ཡོད།

为了提高全县学前教育工作的交流与沟通,达到全县幼教集团之间资源共享、共同提高的目的。称多县教育局局长一行、全县幼儿园园长及骨干教师等多人,到我园进行学前教育现场观摩参观指导,我园全园师生及学生热情的接待了前来观摩的领导以及教师们。入园后,由我园园长及中层领导带队到我园各个教室及活动区域进行介绍。各位参观人员分别走进班级和各个活动区域,实地察看了班级的特色礼仪展示以及班级的环境创设、户外活动区域、幼儿区角活动,在参观的同时,各个领导及参观老师们对我园民俗文化的开展、主题墙的设计、常规工作、室内外环境创设、区角活动、幼儿游戏、特色活动以及其他各项工作给予了肯定和高度评价。

1、གླིང་ངོ་སྤྲོད།

园内简介

2、བྱ་འགུལ་བཀོད་སྒྲིག

活动安排

3、རིག་རྩལ་འགྲེམས་སྟོན།

才艺展示

4、ཁུལ་ཟུར་འགུལ་སྐྱོད།

区角活动

5、ཁོར་ཡུག་གསར་སྐྲུན་ལྟ་སྦྱོང་།

美丽环创

6、ཞིབ་གྲོས་ཚོགས་འདུ།

研讨会

ངེད་གླིང་གིས་ད་ཐེངས་ཀྱི་ས་གནས་ས་ཐོག་གི་ལྟ་སྦྱོང་གོ་སྐབས་སུ་བྱས་ནས་སླད་ཕྱིན་གྱི་ལས་ཀའི་ཁྲོད་ལས་ཀའི་སྤྲོ་སེམས་དེ་བས་ཆེ་བ་དང་དངོས་སྒྲུབ་གསར་གཏོད་ཀྱི་སྤྱོད་ཚུལ་ཐོག་ནས“རང་ཉིད་འཐུས་ཚང་དུ་གཏོང་བ་དང་སྔོན་ཐོན་བརྩོན་ལེན་དང་ཕུལ་བྱུང་བརྩོན་ལེན་བྱེད་པ”ངེད་གླིང་གི་ཚོགས་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་བྱིས་སྐྱོང་གླིང་གི་བྱིས་པ་ཚོ་དགའ་བ་དང་།དགེ་རྒན་ལ་བདེ་སྐྱིད།ཁྱིམ་བདག་ལ་བློ་བདེ།སྤྱི་ཚོགས་ལ་བློ་ཡིད་ཚིམ་པ་བཅས་ཀྱི་ཞི་མཐུན་སྤྲོ་སྐྱིད་ཀྱི་བྱིས་སྐྱོང་གླིང་ཞིག་ཏུ་ཧུར་ཐག་གཏོད་རྒྱུ་ཡིན།

我园将以这次现场观摩会为契机,在今后的工作中,以更加饱满的工作热情、务实创新的作风继续发扬“自我完善、争先创优”的珍幼团队精神,努力把幼儿园打造成孩子喜欢、教师幸福、家长放心、社会满意的和谐温馨珍幼乐园!

我园

活动

观摩

班级

幼儿园

全县

区角

珍幼

参观

园长